སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
2017ལོའི་སྐབས་བདུན་པའི་ཝང་ལའོ་པིན་རོལ་དབྱངས་སྒྱུ་རྩལ་དུས་ཆེན་དང་གསེར་དངུལ་རྩྭ་ཐང་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན་འགོ་བརྩམས་པ།
སྤེལ་དུས། 2017-08-09   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  རྡོ་རྗེས་བསྒྲིགས།

          ཟླ8པའི་ཚེས8ཉིན། 2017ལོའི་སྐབས་བདུན་པའི་ཝང་ལའོ་པིན་རོལ་དབྱངས་སྒྱུ་རྩལ་དུས་ཆེན་དང་གསེར་དངུལ་རྩྭ་ཐང་རྒྱལ་སྤྱིའི་མཛས་གཞས་དུས་ཆེན་འགོ་བརྩམས་པ་ནས་རྗེས་ཕྱོགས་ཀྱི་ཟླ་གཅིག་གི་རིང་། མཚོ་བྱང་ཁུལ་གྱིས་ཁྱད་ཆོས་ལྡན་པའི་ཚོང་རྫས་འགྲེམ་སྟོན་དང་། ནུབ་མཚོ་གྲོང་རྡལ་གསེར་དངུལ་མཚེའུ་སྒོ་འབྱེད་པའི་བྱ་འགུལ། མཚོ་སྔོན་པོའི་སྐྱེ་ཁམས་དངོས་མང་འགྲེམ་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ། མཚོ་སྔོན་པོའི་སྐོར་བྲོ་འགྲན་ཚོགས། རླུང་རྟ་རོལ་དབྱངས་དུས་ཆེན། སྐབས་བདུན་པའི་མཚོ་སྔོན་པོའི་སློབ་ཆེན་སློབ་མའི་གཞུང་ལམ་ལྕགས་རྟ་གདན་ཞུ་འགྲན་བསྡུར། སྐབས་ལྔ་བའི་དབང་བོ་སྐྱོན་ཅན་མཚོ་སྐོར་ལྕགས་རྟ་གདན་ཞུ་འགྲན་བསྡུར། མཚོ་བྱང་ཁུལ་གྱི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི་ན་གཞོན་ནུས་རྩལ་འགྲན་བསྡུར་སོགས་བྱ་འགུལ་རྣམ་གྲངས13སྤེལ་རྒྱུ་ཡིན་ལ། བྱ་འགུལ་དེ་དག་མཚོ་བྱང་ཁུལ་གྱི་ས་གནས་སོ་སོ་ནས་སྤེལ་རྒྱུ་རེད།   །



 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716