སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་དངོས་སུ་སྤེལ་འགོ་བརྩམས
སྤེལ་དུས། 2017-08-17   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  རྡོ་རྗེས་བསྒྲིགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་དངོས་སུ་སྤེལ་འགོ་བརྩམས་ཤིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་བདེ་སྐྱིད་ཐང་དུ་མང་ཚོགས་རྣམས་ལྷན་འཛོམས་བྱུང་སྟེ་རྟ་རྩལ་གྱི་མཛེས་ཉམས་ལོངས་སུ་སྤྱོད་བཞིན་ཡོད།
          ཐེངས་འདིའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྒྱུག་འགྲན་བསྡུར་ཚེས16ཉིན་ནས་འགོ་བརྩམས་ཏེ་ཚེས18ཉིན་མཇུག་སྒྲིལ་རྒྱུ་ཡིན་ལ། འགྲན་བསྡུར་ལ་བསྡོམས་པས་འགྲན་ཞུགས་རྣམ་གྲངས13བཀོད་སྒྲིག་བྱས་ཡོད། དེ་དག་ནི་སོ་སོར་སྨི1000དང་། སྨི3000། སྨི5000ཅན་གྱི་རྟའི་གོམ་པ་འགྲན་བསྡུར་དང་། རྒྱུག་རྩལ་འགྲན་བསྡུར། རྟའི་སྟེང་གི་མེ་མདའ་འགྲན་བསྡུར་དང་། མདའ་འཕེན་འགྲན་བསྡུར། ཁ་བཏགས་འཐུ་བའི་འགྲན་བསྡུར། དེ་མིན་སྨི300དང་སྨི500ཅན་གྱི་གཡག་རྒྱུག་འགྲན་བསྡུར་བཅས་ཡིན། གླེང་རིན་ཡོད་པ་ཞིག་ནི་ཐེངས་འདིའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྒྱུག་ར་བ་ནི་ཞིང་ཆེན་ཡོངས་ཀྱི་ཚད་གཞི་ཆེས་མཐོ་ཞིང་། སྒྲིག་ཆས་ཆེས་ཆ་ཚང་ཡིན་པའི་རྟ་རྒྱུག་ར་བ་ཡིན་པས། རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་དག་གི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྒྱུག་ར་བའི་ཚད་གཞི་དང་འདྲ་མཉམ་ཡིན་ཏེ། འགྲན་བསྡུར་ཚད་ལྡན་ཅན་དང་གཅིག་གྱུར་ཅན་དམིགས་འབེན་མངོན་འགྱུར་བྱས་ཡོད།
          ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་སྤེལ་བ་བརྒྱུད།  གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་སྔར་ལས་དགའ་སྟོན་རྟེན་འབྲེལ་དང་བཀྲ་ཤིས་འཆམ་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱི་དུས་ཆེན་གྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716