སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
2017ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་འགོ་བརྩམས་ཤིང་། ཨ་སི་ཀིན་གྱིས《ལྷོ་ཡི་རི་བོ》ཞེས་པའི་གླུ་དབྱངས་བླངས།
སྤེལ་དུས། 2017-08-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པད་མས་བསྒྱུར།

ཚེ་བརྟན་སྒྲོལ་མས་འགོ་ཚུགས་མཛད་སྒོའི་དགོང་ཚོགས་སུ་གླུ་དབྱངས་ལེན་པ། 
          ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་8 པའི་ཚེས་13 ཉིན་གྱི་དགོང་མོར། “2017ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་ དུས་ཆེན” གྱི་འགོ་ཚུགས་མཛད་སྒོའི་དགོང་ཚོགས་དེ་ཧུའུ་ནན་ནས་ཕབ་ བཟོ་ལེགས་འགྲུབ་བྱུང་ཞིང་། དགོང་ཚོགས་འདི་ནི“ ཡིད་དབང་འཕྲོག་ པའི་བོད་འབྱུང་” དང་། “ འཆམ་མཐུན་གྱི་བོད་འབྱུང་” “ དགའ་འབོད་ཀྱི་ལྷོ་ཁ”ཞེས་པའི་ལེའུ་ཆེན་པོ་གསུམ་གྱིས་གྲུབ་ཅིང་། གླུ་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་དང་། ཧན་ལེའི་སོགས་རེ་རེ་བཞིན་གར་སྟེགས་སུ་བུད་དེ་གླུ་དབྱངས་བླངས་ནས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམ་པར་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་། འབྲེལ་འདྲིས། མཉམ་འདྲེས་བཅས་བྱེད་པའི་པར་རིས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བྲིས་ཡོད།

ཨ་སི་ཀིན་དང་འཕྱོངས་ཞོལ་སྒྲོལ་མ་གཉིས་ཀྱིས《ལྷོ་ཡི་རི་བོ》ཞེས་པ་མཉམ་ལེན་བྱེད་བཞིན་པ། 
          དགོང་ཚོགས་སྟེང་། བོད་ཀྱི་ཁྱད་ཆོས་དོད་པོ་ལྡན་ཞིང་དུས་གསར་གྱི་ཉམས་ཀྱིས་ཕྱུག་པའི《ལྷོ་ཡི་རི་བོ》ཞེས་པའི་གསར་རྩོམ་གླུ་གཞས་འདིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོགས། 《ལྷོ་ཡི་རི་བོ》ཞེས་པའི་གླུ་གཞས་འདི་ནི་ལིའང་ཅོན་དང་ཀྲའོ་ལིན་ཞོན་གཉིས་ཀྱིས་མཉམ་འབྲེལ་གྱིས་གསར་རྩོམ་བྱས་པ་དང་། མཁའ་དམག་ཆབ་སྲིད་ཟློས་གར་ཚོགས་པའི་བོད་ཀྱི་གླུ་མ་གྲགས་ཅན་ཨ་སི་ཀིན་དང་འཕྱོངས་ཞོལ་སྒྲོལ་མ་གཉིས་ཀྱིས་མཉམ་ལེན་བྱས། གོ་བདེ་ལ་བབ་ཆགས་པའི་གཞས་ཚིག་དང་སྙན་ཞིང་འཇེབས་པའི་འགྱུར་ཁུགས་གཉིས་ཟུང་འབྲེལ་ཡག་པོར་བྱས་ཏེ་ལྷོ་ནུབ་མཐའ་མཚམས་ས་ཁུལ་གྱི་ལྷུན་ཆགས་ཀྱི་མཛེས་ལྗོངས་དང་རིག་གནས་ཀྱི་ཁ་དབུགས་སྟུག་པོ་མངོན་ཏེ་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འགུགས་པར་བྱེད། ཨ་སི་ཀིན་གྱི་སང་སང་དུ་གྲགས་པའི་སྐད་ངག་སྙན་མོ་དང་། འཕྱོངས་ཞོལ་སྒྲོལ་མའི་དུས་གསར་གྱི་ཁྱད་ཆོས་ལྡན་པའི་སྐད་ངག་གཉིས་ཀྱིས་མཉམ་ལེན་བྱས་པ་ལས་ཕན་ཚུན་དབར་འགྲན་ཟླ་བྱེད་ཅིང་། སྤེལ་ཟླའི་ཁྲོད་དུ་བླངས་པ་ནི་བོད་ཀྱི་གཏམ་རྒྱུད་ཡིན་པར་མ་ཟད། དེ་བས་ཀྱང་བོད་པའི་བུ་ཕྲུག་རྣམས་ཀྱི་བརྩེ་སེམས་མཚོན་ཡོད།

ཨ་སི་ཀིན་གྱིས 《ལྷོ་ཡི་རི་བོ》ཞེས་པའི་གླུ་དབྱངས་ལེན་པ།
          ཡར་ཀླུང་རིག་གནས་དུས་ཆེན་གྱི་སྐོར་གླེང་སྐབས། ཨ་སི་ཀིན་གྱིས “ང་རང་ཡར་ཀླུང་རིག་གནས་དུས་ཆེན་གྱི་མགོ་འཛུགས་མཛད་སྒོའི་སྟེང་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ལྷོ་ཁ་ནི་བོད་མི་རིགས་ཀྱི་གནའ་བོའི་འབྱུང་གནས་ཡིན་པར་མ་ཟད། བོད་ཀྱི་རིག་གནས་ཀྱི་གནའ་བོའི་འབྱུང་ཁུངས་ཀྱང་ཡིན་པས། ཡར་ཀླུང་རིག་གནས་ལ་འོད་སྟོང་འབར་བའི་ལོ་རྒྱུས་ལྡན་ཡོད། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ལོ་གཞོན་ལས་འཛིན་པ་ཞིག་ཡིན་པའི་ཆ་ནས། ངར་རྒྱ་ཆེའི་ལྟད་མོ་བར་ཡར་ཀླུང་རིག་གནས་དང་བོད་ཀྱི་རིག་གནས་འགྲེམས་སྟོན་དང་ཁྱབ་སྤེལ་བྱེད་པའི་འོས་འགན་དང་འགན་འཁྲི་ཡོད་ཅིང་། ངས་འདིར 2017ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་བདེ་ལེགས་ངང་ལེགས་འགྲུབ་བྱུང་བར་སྨོན་འདུན་ཞུ།  སླར་ཕྱིན་ངས་སྔར་བཞིན་མུ་མཐུད་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་བརྩོན་ཆེན་པོས་ལྷན་རྒྱས་ལ་དེ་བས་སྙན་འཇེབས་ལྡན་པའི་བརྩམས་ཆོས་མང་པོ་འཁྱེར་ཡོང་སྟེ། སྔར་ལས་ལེགས་པོའི་སྒོ་ནས་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་ཡིན” ཞེས་བཤད།
ཨ་སི་ཀིན་དང་འཕྱོངས་ཞོལ་སྒྲོལ་མ། 
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ཟླ8 པའི་ཚེས་15ཉིན། ཡར་ཀླུང་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་དགོང་ཚོགས་གཏོང་རྒྱུ་ཡིན་པ་དང་།  ཉིན་དེར་“ བོད་འབྱུང་། བོད་འབྲེལ། ལྷོ་ཁར་བསྐྱོད་པ”ཞེས་པ་བརྗོད་དོན་བྱས་པའི2017ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ཡང་དངོས་སུ་འགོ་རྩོམ་རྒྱུ་ཡིན་པར་མ་ཟད། ཟླ8པའི་ཚེས15ཉིན་ནས་ཚེས21ཉིན་བར་དུ་ཧུའུ་ནན་དང་། བོད་ལྗོངས་ལྷོ་ཁ་ཕྱོགས་གཉིས་སུ་སྤེལ་རྒྱུ་རེད།  དེ་ནི་ཧུའུ་ནན་དང་བོད་ལྗོངས་ས་ཁུལ་གཉིས་སུ་འདུ་འཛོམས་བྱས་པའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་མཁས་ཅན་མང་པོས་ཐུན་མོང་སྒོས་འཁྲབ་སྟོན་བྱས་པའི་རིག་གནས་ཀྱི་དགྱེས་སྟོན་ཞིག་ཡིན་པས། ང་ཚོར་བོད་སྐྱོར་སྙིང་སྟོབས་དར་སྤེལ་དང་། ཡར་ཀླུང་གི་མཛེས་པ་མྱོང་རོལ་བྱེད་དུ་འཇུག་པའི་ངོ་མཚར་ཆེ་བའི་འགྲུལ་བཞུད་ཅིག་ཡིན་ནོ། །

ཨ་སི་ཀིན་དང་འཁྲབ་སྟོན་པ་ཆུང་ཆུང་ཚོ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716