སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མཚོ་སྔོན་གྱི་རི་མོའི་འགྲེམ་སྟོན་ཟི་ལིང་ནས་བསྡུས།
སྤེལ་དུས། 2017-08-21   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  རྡོ་རྗེས་བསྒྲིགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་20ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ལྡོང་གླིང་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཀྱིས་རོགས་སྒྲུབ་གནང་བའི་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མཚོ་སྔོན་གྱི་རི་མོའི་འགྲེམ་སྟོན་གྱི་མཛད་སྒོ་མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དུ་བསྡུས་ཤིང་། རི་མོའི་འགྲེམ་སྟོན་སྟེང་རི་མོ་བ་གྲགས་ཅན་ལྕགས་བྱམས་རྒྱལ་གྱི་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་ཀྱི་སྐྱ་རིས་རི་མོ་དང་བོད་ཀྱི་ཡུལ་ཁམས་མང་པོའི་གནའ་བོའི་བཟོ་བཀོད་ཀྱི་པར་རིས་འགྲེམ་སྟོན་བྱས་ཡོད།
          ཐེངས་འདིའི་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མཚོ་སྔོན་གྱི་རི་མོའི་འགྲེམ་སྟོན་གྱི་མཛད་སྒོའི་སྟེང་ཞིང་ཆེན་དམངས་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧུའུ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཞུགས་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྲོལ་རྒྱུན་གྲོང་སྡེར་སྲུང་སྐྱོབ་བྱེད་པའི་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱས་ནས་མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་གྲོང་སྡེ་དོན་དགུ་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོའི་ཁྲོད་བཞག་སྟེ། གནའ་བོའི་བཟོ་བཀོད་ཀྱི་རིག་གནས་ལོ་རྒྱུས་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད། མཛེས་རྩལ་ཁང་གི་འགྲེམ་སྟོན་ཚོམས་ཆེན་དུ་བོད་ཀྱི་རི་མོ་བ་གྲགས་ཅན་སྐུ་ཞབས་ལྕགས་བྱམས་རྒྱལ་གྱི་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་ཀྱི་སྐྱ་རིས་རི་མོ་གཙོ་བོར་བཟུང་སྟེ་མཚོ་སྔོན་གྱི་ས་གནས་མང་པོའི་གནའ་བོའི་བཟོ་བཀོད་རི་མོ་འགྲེམ་སྟོན་བྱས་ཡོད་ལ་ཟླ་དགུ་བའི་ཚེས་ལྔ་ཉིན་བར་རིན་མེད་འགྲེམ་སྟོན་བྱེད་རྒྱུ་རེད། 
          བོད་ཀྱི་རི་མོ་བ་གྲགས་ཅན་ལྕགས་བྱམས་རྒྱལ་ལགས་ནི་1950ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་སྐྱེས་ལ། ཁོང་གིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་འཚོལ་ཞིབ་གནང་ཆེད། 1998ལོ་ནས་བཟུང་མི་ལོ་ཉི་ཤུའི་རིང་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོའི་ཞིང་འབྲོག་གྲོང་གསེབ་ཏུ་བསྐྱོད་དེ། བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་ལ་ཞིབ་འཇུག་གནང་བའི་དཔེ་རིས་བརྩམས་ཆོས་200ལྷག་འབྲི་བཞེངས་གནང་ནས་ཀུན་གྱི་སྤྱན་ལམ་དུ་ཕུལ་ཡོད། ཚེས་ཉི་ཤུའི་ཉིན་གྱི་ཕྱི་དྲོར་བོད་ལྗོངས་ལྷ་སའི་གཡག་རྟེན་མཛོད་གླིང་དུ་ཁོང་གི་བོད་ཀྱི་གནའ་བོའི་བཟོ་བཀོད་སྐོར་གྱི་མི་སྒེར་གྱི་རི་མོའི་བརྩམས་ཆོས་འགྲེམ་སྟོན་བྱས་པ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716