སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
པཎ་ཆེན་སྐུ་ཕྲེང་བཅུ་པས་ཐུགས་ཁུར་གནང་སྟེ་བཙུགས་པའི་རྟ་རྩལ་རུ་ཁག་ཞོ་སྟོན་དུ་ཕྱིར་ལོག་པ།
སྤེལ་དུས། 2017-08-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པད་མས་བསྒྱུར།
 
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་སྤེལ་བའི་གནས་ཚུལ།  ཚེས་23ཉིན་གྱི་སྔ་དྲོར།  དུས་ཡུན་ལོ་ངོ་འགའ་འགོར་བའི་མི་རིགས་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན་སླར་ཡང་ཕྱིར་ལོག་སྟེ་ལྷ་སའི་བྱང་ཕྱོགས་སུ་ཡོད་པའི་རྟ་རྒྱུག་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་། ཞོ་སྟོན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲུའུ་ཅན་ཧོང་གིས་གཙོ་སྐྱོང་གནང་བ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་སུན་ཡུང་ཕིང་གིས་ཤིས་ཚིག་སྤེལ། དེའི་རྗེས་སུ། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ་པའོ་ཅན་གྱིས་བྱེད་སྒོའི་འགོ་བརྩམས་པའི་ཁྱབ་བསྒྲགས་བྱས། པར་རིས་འདི་ནི་མི་ཚོགས་ཀྱིས་ཁེངས་པའི་ལྟད་མོ་བའི་འདུག་གནས་ཡིན།

          ཐེངས་འདིའི་སྲོལ་རྒྱུན་རྟ་རྩལ་གྱི་འཁྲབ་སྟོན་དུ་ཁྱོན་བསྡོམས་པས་ལུས་རྩལ་པ28 དང་ རྟ་32 ཞུགས་ཡོད་པ་དང་། ལུས་རྩལ་པ་ཡོངས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་ལག་ཏུ་དྭངས་གཙང་གི་ཁ་བཏགས་དཀར་པོ་དང་།མཛེས་སྡུག་ལྡན་པའི་མེ་ཏོག་བཟུང་བཞིན་གདོང་དུ་དགའ་སྤྲོའི་འཛུམ་མདངས་རྒྱས་ཏེ་ཡུལ་དངོས་ཀྱི་ལྟད་མོ་བ་དང་སྐུ་མགྲོན་ཡོངས་ལ་བཀྲ་ཤིས་སྨོན་འདུན་ཞུས།

          ཟླ7པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་སྟོན་ལྟེ་གནས་ཀྱིས་ཤིན་ཅང་ནས་སྲོལ་རྒྱུན་གྱི་འཁྲབ་སྟོན་བྱེད་པའི་རྟ་སྤུས་ལེགས་ཅན་59གསར་འདྲེན་བྱས། པར་རིས་འདི་ནི་རྟ་མཆོག་འགྲེམས་སྟོན་བྱེད་པ་ཡིན། ཝང་ཧྲུའུ་ཡིས་པར་བླངས།

          ཐེངས་འདིའི་གཙོ་གཉེར་ཕྱོགས་ཀྱིས་ཆེད་དུ་ཚབ་མཚོན་རང་བཞིན་གྱི་རྟ་མཆོག་བཅུ་གཉིས་བདམས་ཐོན་བྱུང་སྟེ་འགྲེམས་སྟོན་གྱི་རྣམ་པས་ཚང་མར་མཚམས་སྦྱོར་ཤིང་། དེའི་ཁྲོད་དུ་རབས་ལྔ་པའི་རྟ་མཆོག་དང་། ཨ་རབ་ཀྱི་རྟ། ཨོར་ལོ་ཧྥུའི་རྟ། དབྱིན་ཇིའི་རྟ་དང་དབྱི་ལིའི་རྟའི་རབས་གཉིས་པའི་སྡེབ་སྦྱོར་རྟ་སོགས་ཡོད། པར་རིས་འདི་ནི་ལུས་རྩལ་པ་དང་ཁོ་ཚོའི་གཅེས་པའི་རྟ་མཆོག་ཡིན།

          རྟ་རྒྱབ་ཀྱི་ཞབས་བྲོས་བོད་ཀྱི་སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན་གྱི་རྣམ་པ་རྒྱུད་འཛིན་བྱས་ཡོད་ཅིང་། 《གངས་ལྗོངས་ཀྱི་སྤྲོ་གླུ》ཞེས་པའི་དབྱངས་རྟའི་ཁྲོད་དུ་ལུས་རྩལ་པས་བོད་ལྗོངས་ཀྱི་ས་གནས་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་གྱོན་གོས་དང་། གླུ་གར་དེ་རྟ་རྒྱབ་ཀྱི་འཁྲབ་སྟོན་ནང་བཅུག་སྟེ། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ཀྱི་འོད་སྟོང་འབར་བའི་རིག་གནས་ཀྱི་ཉམས་འགྱུར་མངོན་པར་བྱས།
པར་རིས་འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་བོད་ཀྱི་བུ་མོས་རྟ་རྒྱབ་ཏུ་ཞབས་བྲོ་འཁྲབ་པའི་རྣམ་པ་རེད།

          སྐྱེས་པའི་གཏུབ་གཤག་སྣ་ཚན་ནི་དམག་འཁྲུག་གི་ལོ་རབས་ལས་བྱུང་ཞིང་། དཔའ་ངར་ཆེ་བའི་དམག་མིས་སྟོབས་ཆེ་བའི་སྐྱ་དམག་རུ་ཁག་ཅིག་བཙུགས་ཏེ་ཕྱི་རྒྱལ་བཙན་འཛུལ་པར་འགོག་རྒོལ་བྱས་པ་དང་། སྐྱ་དམག་རྣམས་ཀྱི་བྱང་ཆུབ་པའི་ཕུལ་བྱུང་གི་རྟ་རྩལ་དང་དགྲ་བོ་གསོད་པའི་ནུས་རྩལ་ནི་བསྟོད་པའི་ཡུལ་དུ་གྱུར། བོད་ལྗོངས་མི་རིགས་སྲོལ་རྒྱུན་གྱི་རྟ་རྩལ་རུ་ཁག་གིས་ལོ་མང་པོའི་ལག་ལེན་དང་འཚོལ་ཞིབ་བྱས་པ་བརྒྱུད་དེ་དེང་གི་འཁྲབ་སྟོན་གྱི་ལེ་ཚན་ཞིག་ཏུ་སྦྱོང་བརྡར་བྱས་ཡོད།  པར་རིས་འདི་ནི་རྐྱང་གྲིས་གཤག་གཅོད་བྱེད་པའི་རྣམ་པ་རེད།

འཁྲབ་སྟོན་གྱི་ཁྲོད་དུ་ལུས་རྩལ་པས་རལ་གྲི་བཟུང་སྟེ་རྒྱུགས་རའི་གཞོགས་གཉིས་ཀྱི་བཀག་དངོས་གཅོད་པའི་རྣམ་པ་རེད།  པར་རིས་འདི་ནི་གྲི་གཉིས་ཀྱིས་གཤག་གཅོད་བྱེད་པའི་རྣམ་པ་རེད།

          གཤག་གཅོད་ཚན་པས་རྟ་མཆོག་གི་མྱུར་ཚད་དང་། ལུས་རྩལ་པའི་ཚུར་སྣང་། སྤོབས་པ།  དཔུང་ཤེད་སོགས་ཚང་མར་རེ་བ་མཐོན་པོ་ཡོད་པར་མ་ཟད། འཁྲབ་སྟོན་བློ་འཚབ་ཆེ་བ་དང་། སེམས་འཚབ་པ་ལ་སོགས་པའི་སེམས་འགྱུར་གྱིས་མི་རྣམས་ལ་འདས་སོང་གི་དཔའ་བོ་རྣམས་ཀྱིས་མེས་རྒྱལ་སྲུང་སྐྱོབ་བྱེད་པའི་དཔའ་སྤོབས་མཐོང་བར་བཅུག    པར་རིས་འདི་ནི་གྲི་གཉིས་ཀྱིས་གཤག་གཅོད་བྱེད་པའི་རྣམ་པ་རེད།

          སྐྱེས་པའི་ཁེར་མི་མགོ་ཐུར་དུ་བསྟན་ནས་གཞོགས་ལངས་བྱས་པའི་འཁྲབ་སྟོན་གྱི་ཁྲོད་དུ།  རྟ་མཆོག་མགྱོགས་པོར་རྒྱུག་མཆོང་བྱས་རྗེས། ལུས་རྩལ་པས་ལམ་སེང་མགོ་ཐུར་དུ་བསྟན་ནས་ལངས་པའི་འགུལ་སྟངས་ལེགས་འགྲུབ་བྱེད་ཚར་དགོས་ཤིང་། ལག་པ་གཉིས་ཀས་རྟ་སྒའི་ལུང་པ་དང་གློ་བར་དམ་པོར་འཇུས་པ་དང་། དེ་ནས་རྟའི་གཞོགས་གཅིག་ཏུ་རྐང་པ་གཉིས་ཡར་བསླངས་ཏེ་མགོ་ཐུར་དུ་བསྟན་ནས་ལངས་པར་བྱེད་པས།  བོད་ཀྱི་སྟག་ཤ་ར་རྣམས་ཀྱི་ཕོ་རྒོད་ལེགས་པོར་མངོན་ཡོད།

          བུད་མེད་མི་གཅིག་གིས་རྐང་པ་གྱེན་དུ་བསྟན་ནས་ཡར་ལངས་པའི་འཁྲབ་སྟོན་གྱི་ཁྲོད། རྟ་མཆོག་མགྱོགས་པོར་རྒྱུག་མཆོང་བྱེད་དུས། ལུས་རྩལ་པའི་ལག་པས་རྟ་སྒའི་ལུང་པ་དང་གློ་བར་འཇུས་ཏེ་མགོ་ཐུར་དུ་བསྟན་ནས་ལངས་པའི་འགུལ་སྟངས་ཡོངས་འགྲུབ་བྱེད་ཚར་དགོས།  པར་རིས་འདི་ནི་བུད་མེད་ལུས་རྩལ་པས་དཔའ་བོའི་སྒེག་ཉམས་སྟོན་བཞིན་པའི་རྣམ་པ་རེད།

          བུད་མེད་ལུས་རྩལ་པས་སྐེད་པ་དང་རྐང་པའི་འགུལ་སྟངས་གཙོ་བོ་བྱས་ཏེ་རྐང་པ་གཡས་འཁྱོག་པོར་བྱས་པ་དང་། རྐང་པ་གཡོན་པས་ཤེད་ཀྱིས་རྟ་མགོར་བརྒྱབ་སྟེ་བརྟན་གཡོ་གཉིས་སུ་འཛོམས།  པར་རིས་འདི་ནི་བུད་མེད་ལུས་རྩལ་པས་སྒེག་ཉམས་སྟོན་བཞིན་པའི་རྣམ་པ་རེད།

          སྐྱེས་པས་ལུས་པོ་ཏུའུ་180འཁོར་བའི་འཁྲབ་སྟོན་གྱི་ཁྲོད་དུ། ལུས་རྩལ་པས་ལག་པ་གཉིས་ཀས་སྟ་སྒའི་ལུང་པ་དམ་པར་འཇུས་ཏེ་རྟའི་གཡོན་གཞོགས་ནས་མར་ལྡིང་སྟེ་སར་ལྷུང་རྗེས་འདུར་རྒྱུག་གི་གོམས་གཤིས་གཡར་བ་དང་།  དེ་ནས་ལག་པ་གཉིས་ཀས་ནུས་པ་ཆེན་པོས་རྐང་གཉིས་ཡར་ལྡང་བ་ཡིན་ཞིང་། ལུས་རྩལ་པས་སྨི80ནང་དུ་འགུལ་སྟངས་བཞི་ནས་དྲུག་ཡོངས་འགྲུབ་བྱེད་དགོས་པ་དང་། ཉེན་ཁ་ཆེ་བའི་འགུལ་སྟངས་ཀྱིས་རྟ་མཆོག་དཔའ་བོའི་དཔའ་ངར་ཞུམ་མེད་གང་ལེགས་སྒོས་མངོན་པར་བྱས་ཡོད།

          བུད་མེད་ཀྱིས་རྐང་གཅིག་གིས་གྱེན་དུ་ལངས་པའི་འཁྲབ་སྟོན་གྱི་ཁྲོད་དུ། བུད་མེད་ལུས་རྩལ་པས་མགྱོགས་པོར་རྒྱུག་ཞོར་གྱེན་ལངས་ཐག་པར་བརྟེན་ནས་རྐང་གཡས་བརྟན་པོར་ལངས་པ་དང་། དེ་ནས་རྐང་གཡོན་པ་རྒྱབ་ཕྱོགས་སུ་ཡར་བཀྱགས་ཏེ་དཔུང་པ་བརྐྱངས་དགོས།
བུད་མེད་ལུས་རྩལ་པས་འཕུར་མཆོང་བྱེད་པའི་རྟ་མཆོག་སྟེང་རྐང་གཅིག་གྱེན་ལངས་བྱེད་ཅིང་། མགྱོགས་ཚད་ཀྱི་ཁྲོད་དུ་བུད་མེད་ཀྱི་འཇམ་མཉེན་མངོན་པོར་མཚོན་ཡོད།

          སྐྱེས་པས་རྟ་མཆོང་བྱེད་པའི་ཚན་པའི་ནང་དུ་ལུས་རྩལ་པས་རྟ་མཆོག་མྱུར་རྒྱུག་བྱེད་པའི་གོ་རིམ་ཁྲོད་རྟའི་གཞོགས་ནས་མར་མཆོང་བ་དང་། སར་ལྷུང་བའི་དུས་ཡུན་ནང་མྱུར་ཚད་ཀྱི་གོམས་གཤིས་བེད་སྤྱད་ནས་རྟའི་གཞོགས་གཅིག་ནས་མར་སྒུར་ཏེ་གནས་ཡུལ་བསྟུད་མར་བརྗེས་པར་མ་ཟད། གློག་དང་འདྲ་བར་འགུལ་སྟངས་མྱུར་ཞིང་ལྡེམ་པ་ཡིན།

རྟ་ཐོག་ནས་ཁ་བཏགས་འཐུ་བ་དེའང་འགྲན་སྡུར་གྱི་རྒྱུ་ཆའི་ནང་དུ་འདྲེས་ཤིང་། ལུས་རྩལ་པས་གཡས་གཞོགས་ཀྱི་ཁ་བཏགས་བཏུས་རྗེས་ཡང་མགྱོགས་པོར་གཡོན་གཞོགས་ཀྱི་ཁ་བཏགས་བླངས་ཏེ། ཁ་བཏགས་ཀྱི་གྲངས་ཀས་རྒྱལ་ཕམ་གྱི་དབྱེ་བ་གཅོད་པ་ཡིན།
 
པར་རིས་འདི་ནི་མཆོང་རྒྱུག་བྱེད་པའི་རྟ་མཆོག་སྟེང་ཁ་བཏགས་འཐུ་བཞིན་པའི་ལུས་རྩལ་པ་ནི་བརྟན་ལྷིང་དང་རང་རློམ་ཆེ་བ་ཞིག་ཡིན།

རྟ་རྐྱང་མི་ཟུང་གི་ཚན་པའི་ཁྲོད་དུ། ཤེད་མོང་ཆེ་བའི་རྟ་ཞིག་གི་སྟེང་དུ་སྐྱེས་པ་ལུས་རྩལ་པ་གཅིག་གིས་བུད་མེད་ལུས་རྩལ་པ་ཞིག་ཕྲག་ཏུ་འཁུར་ཏེ་རྙོག་འཛིང་ཆེ་བའི་ཐབས་རྩལ་གྱི་འགུལ་སྟངས་སྣ་ཚོགས་བྱེད་ཀྱི་ཡོད།

མི་ཟུང་རྟ་ཟུང་གི་ཚན་པའི་ནང་དུ། སྐྱ་མི་གཉིས་ཀྱིས་རྟར་མཉམ་ཞོན་བྱས་ཏེ་རྟ་ཐོག་ནས་གྱེན་ལངས་དང་། ལྡོག་ལངས་སོགས་ཀྱི་འགུལ་སྟངས་ཡོངས་འགྲུབ་བྱ་བ་ཡིན།

          རྟ་ཐོག་ནས་དཀར་ཡོལ་ལེན་པ་དང་། ཆང་འདྲེན་རྒྱུ་ནི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་གྱི་རྨང་གཞིའི་སྟེང་འཐུས་ཚང་སྒོས་གྲུབ་པའི་རྟ་རྩལ་གྱི་འཁྲབ་སྟོན་ཚན་པ་ཞིག་ཡིན་ཞིང་། ལུས་རྩལ་པ་གཅིག་གིས་རྟ་ཁ་བསྐོར་ཏེ་མགྱོགས་པོར་རྒྱུག་མཆོང་བྱས་རྗེས། རྟ་ཐོག་ནས་ལུས་པོ་མར་སྒུར་ཏེ་ས་ཐོག་གི་ནས་ཆང་བླངས་པ་དང་། དེ་ནས་ཡར་ལངས་རྗེས་ཆང་དམ་གྱི་ཁ་ཕྱེས་ཏེ་འཐུང་ཚར་བར་བྱེད།

རྟ་མཆོག་རྒོད་པོས་སྟག་ཤ་རའི་དཔའ་སྤོབས་རྟོགས།  ནས་ཆང་སྔོན་མོ་དཔའ་བོ་རྣམས་ལ་འབུལ།  རྩྭ་ཐང་མི་རིགས་ཀྱི་དཔའ་སྤོབས་དང་བརྩེ་སེམས་ལ་འཛད་མཐའ་མེད་པས། ལྟད་མོ་བ་རྣམས་ཀྱིས་དགའ་བོའི་ཐལ་མོ་ལྷང་ལྷང་དུ་རྡེབ་པར་བྱེད།

          བུད་མེད་ཟུང་རྟའི་རྐྱང་མིའི་ཚན་པའི་ཁྲོད། བུད་མེད་ལུས་རྩལ་པ་ཞིག་གིས་རྟ་མཆོག་གཉིས་ཀྱི་ཁ་ལོ་བསྒྱུར་ཏེ།  འཕུར་མཆོང་བྱེད་པའི་རྟ་ཐོག་ནས་ཤིན་ཏུ་བྱེད་དཀའ་བའི་འགུལ་སྟངས་ཀྱི་ཐབས་རྩལ་སྤེལ།

རྟ་ཐོག་ནས་མདའ་འཕེན་པའི་ཚན་པ་ནི་བོད་ཁུལ་དུ་དར་ཁྱབ་ཆེ་བའི་ཕུལ་བྱུང་རྟ་རྩལ་གྱི་ལུས་རྩལ་ཞིག་ཡིན་ཞིང་།  དཔའ་ཉམས་ཆེ་བའི་ལུས་རྩལ་པས་རྟ་ཕོར་ལྕག་གིས་སྐུལ་ཏེ་མདའ་འཕེན་པ་ཡིན།

          མི་མང་རྟ་མང་གི་ཚན་པ་དང་མི་ཚོགས་བརྩེགས་མའི་འཁྲབ་སྟོན་དུ། དུས་ཡུན་ཆེས་ཐུང་བའི་ནང་འཕུར་མཆོང་བྱེད་པའི་རྟ་མཆོག་སྟེང་གི་མི་བརྩེགས་མའི་རྩེ་རུ་འགོས་ཤིང་། ལུས་རྩལ་པ་རྣམས་ཀྱི་བར་དུ་མ་གྲོས་གཅིག་མཐུན་དང་། ཕན་ཚུན་བར་རྒྱུན་མཐུད་ཐུབ་པར་རམ་འདེགས་བྱས་ཏེ་བརྟན་མགྱོགས་ཁེལ་བྱ་དགོས།

          བོད་ཁུལ་དུ་རྟ་ཐོག་ནས་ཕྱི་གན་དུ་ལོག་པའི་ཚན་པར་དགའ་བསུ་ཆེན་པོ་བྱེད་ཅིང་། ལྷག་པར་དུ་མངའ་རིས་ས་ཁུལ་དུ་རྒྱ་ཆེར་དར་ཡོད། ལུས་རྩལ་པ་འཕུར་མཆོང་བྱེད་པའི་རྟ་མཆོག་གཉིས་ཀྱི་སྟེང་དུ་ཕྱི་གན་དུ་ལོག་སྟེའདིའི་འགུལ་སྟངས་ཧ་ཅང་ཁག་པོ་ཡིན།

          རྩེ་མོར་འཛེགས་པའི་ཚན་པའི་ནང་དུ་སྐྱེས་པ་ལུས་རྩལ་པ་གསུམ་རྟ་མཆོག་གསུམ་གྱི་ཐོག་ཏུ་འགོས་པ་དང་། ལུས་རྩལ་པ་གཞན་གཉིས་རྟ་རྒྱབ་ཀྱི་ཕྱི་ངོས་སུ་གྱེན་ལངས་བྱས་ཤིང་། བུད་མེད་ལུས་རྩལ་པ་ཞིག་དཀྱིལ་གྱི་རྟ་རྒྱབ་ཏུ་གྱེན་ལངས་བྱེད་པ་ཡིན།  དེ་ལྟར་གྲ་སྒྲིག་ལེགས་པོ་བྱས་རྗེས་རྒྱུག་ལམ་ལ་དམིགས་ཏེ་ཧོབ་ཀྱིས་བརྒྱུགས་པ་ཡིན།

ངོ་མཚར་ཆེ་བའི་རྟ་རྩལ་འཁྲབ་སྟོན་མཇུག་སྒྲིལ་རྗེས།  རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཏང་ཙུའུ་ཧྲུའུ་ཅི་སུན་ཡུང་ཕིང་གིས་ལུས་རྩལ་པ་རྣམས་ལ་ཁ་བཏགས་ཕུལ།

          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཁོངས་སུ་གཏོགས་པའི་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་མཛུབ་སྟོན་དོ་དམ་ལྟེ་གནས་ཀྱི་ཁུངས་ནི“སྔར་བོད་ཀྱི་རྟ་རྩལ་རུ་ཁག”ཡིན་ཞིང་།  དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གཟིགས་སྐྱོང་དང་སྣེ་ཁྲིད་འོག་དང་།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག  1986ལོའི་ཟླ 10པར་སྒོ་བྱང་བཀལ་ནས་བཙུགས་པ་རེད།           པར་རིས་འདི་ནི་སྐྱེས་པ་ལུས་རྩལ་པའི་ཕོ་གསར་རྣམས་ཡིན།

          བོད་ལྗོངས་ཀྱི་རྟ་རྩལ་ནི་ལོ་ངོ་སུམ་ཅུ་སོ་གཅིག་ལྷག་གི་ལོ་རྒྱུས་ལྡན་ཞིང་། དེ་ནི་འགག་སྒྲོལ་དཀའ་སེལ་དང་། འཚོལ་ཞིབ་ལྷོད་མེད་ཀྱི་དཔའ་མཛངས་རྟུལ་ཕོད་ཀྱི་མདུན་སྐྱོད་ཀྱི་ལོ་རྒྱུས་ཤིག་ཡིན་ལ། འབད་བརྩོན་ལྷོད་མེད་དང་ཡར་རྒྱས་ཀྱི་འཕེལ་རིམ་ཞིག་ཀྱང་ཡིན་པར་མ་ཟད། གསར་གཏོད་ཡར་བརྩོན་དང་གྲུབ་འབྲས་མང་པོ་བཞག་པའི་བར་བརྒལ་གྱི་ལོ་རྒྱུས་ཤིག་ཡིན།  དེ་ནི་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་བྱ་བར་སྐུལ་འདེད་དང་།           ཕྱོགས་ཡོངས་ནས་ཞའོ་ཁང་བསྐྲུན་པར་རོགས་འདེགས་བྱེད་པའི་འོད་སྟོང་ལྡན་པའི་ལོ་རྒྱུས་ཤིག་ཡིན་པས། བོད་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ས་མཐོའི་ལུས་རྩལ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྱོད་ཡོད་དོ། ། པར་རིས་འདི་ནི་ལ་རྒྱར་བརྩོན་ལེན་བྱེད་པའི་བུད་མེད་ལུས་རྩལ་པ་རེད། 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716