སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཚངས་དབྱངས་རྒྱ་མཚོའི་མཛའ་གཞས་དུས་ཆེན་སྐབས་དང་པོ་ལི་ཐང་རྫོང་དུ་སྤེལ་བ།
སྤེལ་དུས། 2017-09-14   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  མཁའ་མཚོ་སྐྱིད།
 
                  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས13ཉིན་གྱི་མཚན་མོར་ཚངས་དབྱངས་རྒྱ་མཚོའི་མཛའ་གཞས་དུས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་ལི་ཐང་རྫོང་གི་ཁང་ནན་ལུས་རྩལ་ལྟེ་གནས་སུ་སྤེལ་བ་རེད། ཐེངས་འདིའི་མཛའ་གཞས་དུས་ཆེན་ནི་ཀྲུང་གུང་ལི་ཐང་རྫོང་ཏང་ཨུ་དང་ལི་ཐང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། དཀར་མཛེས་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་དང་། དཀར་མཛེས་ཁུལ་རིག་རྩལ་རྒྱང་སྒྲོག་གསར་འགྱུར་ཅུའུ། དཀར་མཛེས་ཁུལ་གླུ་གར་ཚོགས་པ། ལི་ཐང་རྫོང་དྲིལ་བསྒྲགས་པུའུ་བཅས་ཀྱིས་འགན་འཁུར་ནས་སྒྲུབ་པའི་རིག་གནས་དང་གནས་སྐོར་གྱི་སྟོན་ཚོགས་ཤིག་རེད།

          ངོ་སྤྲོད་ལྟར་ན། ཐེངས་འདིའི་དུས་ཆེན་སྐབས་སུ་མཛའ་གཞས་དང་རིག་རྩལ་འཁྲབ་སྟོན་དང་། རྟ་རྩལ་འཁྲབ་སྟོན། མཛའ་གཞས་གླེང་སྟེགས་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ལི་ཐང་གི་སྟག་ཤ་རའི་ངོ་མཚར་སྐྱ་རྩལ་དང་། ཕུན་སུམ་ཚོགས་པའི་རིག་གནས། མཛའ་གཞས་སྲོལ་རྒྱུན་བཅས་འགྲེམ་སྟོན་བྱ་རྒྱུ་རེད། 

          ཐེངས་འདིའི་མཛའ་གཞས་དུས་ཆེན་སྐབས་སུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སློབ་ཆེན་གྱི་དགེ་བཤེས་དང་རིག་གནས་པ་རྣམས་མཉམ་དུ་འཛོམས་ནས་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱ་རྒྱུ་རེད།
 
          ཚངས་དབྱངས་རྒྱ་མཚོའི་མཛའ་གཞས་དུས་ཆེན་སྐབས་དང་པོས་ལི་ཐང་རྫོང་གི་རིག་གནས་ལས་འགན་དང་དུ་བླངས་ནས་མི་རིགས་སོ་སོའི་བར་གྱི་མཛའ་བརྩེ་ལ་ཤུགས་སྣོན་དང་། རིག་གནས་ཀྱི་སྟོབས་ཤུགས་མཐོར་འདེགས་བཏང་སྟེ་ལི་ཐང་རྫོང་གི་ཤུགས་རྐྱེན་དང་མཚན་སྙན་ཇེ་ཆེར་བཏང་བ་རེད།   །


 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716