སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་སྲོལ་རྒྱུན་གླུ་དབྱངས་ལ་ཚེ་སྲོག་བརྟན་པོ་ཚུགས་ཤིང་ངོ་མཚར་འབར་ཡོད།
སྤེལ་དུས། 2014-07-26   ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

  བོད་ལྗོངས་ཀྱི་སྲོལ་རྒྱུན་དམངས་ཁྲོད་གླུ་གཞས་ནི་མི་རིགས་འདིའི་ལོ་ངོ་སྟོང་ཕྲག་གི་རིག་གནས་དྭངས་མར་གྱུར་བ་ཞིག་རེད། མི་རིགས་ཀྱི་བསམ་པའི་སྙིང་སྟོབས་དང་ཆེས་མཐོ་བའི་རིག་གནས་ཀྱི་རིན་ཐང་དང་མཛེས་ཆའི་རིན་ཐང་དང་ལྡན་ཡོད། སྲུང་སྐྱོབ་ཡག་པོས་སྲོལ་རྒྱུན་གླུ་གཞས་ལ་རྒྱུས་ལོན་དང་དད་མོས། དར་སྤེལ་བྱེད་པ་ནི་ང་ཚོ་གླུ་གཞས་ལས་ཀ་བྱེད་མཁན་དག་གི་འགན་འཁྲི་གལ་ཆེན་ཞིག་དང་དོན་སྙིང་ལྡན་པ་ཞིག་རེད།

 ད་ལྟའི་གནས་བབས་ལ་སྲུང་སྐྱོབས་དང་ཚད་བརྒལ་བྱེད་དགོས།

དེ་ཡང་བོད་ལྗོངས་སུ་འགྲིམ་འགྲུལ་སྟབས་བདེ་མིན་ཞིང་འཕྲིན་གསར་ཚད་བཀག་གིས་གླུ་གཞས་ཡང་ཕྱི་རོལ་དུ་བརྗེས་རེས་ཀྱི་གོ་སྐབས་ཉུང་ཞིང་གླུ་གཞས་ཀྱི་བར་སྟོང་་དེ་ཉིད་ས་གནས་སོ་སོར་གཏན་འཇགས་སུ་གནས་ཡོད།ཕལ་ཆེར་ཡུལ་ལུང་སོ་སོར་མི་རབས་ནས་མི་རབས་སུ་བརྒྱུད་ཅིང་གསོ་སྐྱོང་བྱས་ཡོད། བཅོས་སྒོ་འབྱེད་དང་དཔལ་འབྱོར་གོང་འཕེལ་ལ་བརྟེན་བོད་ལྗོངས་ཀྱི་ས་གནས་ཁག་གི་ཆ་རྐྱེན་ལའང་འགྱུར་བ་བྱུང་།འགྲིམ་འགྲུལ། ཆ་འཕྲིན། བརྙན་འཕྲིན། དྲ་རྒྱ་བཅས་དེང་རབས་ཀྱི་ལག་རྩལ་སྣ་ཚོགས་ཀྱིས་དེང་རབས་ཀྱི་གླུ་གཞས་རིག་གནས་མང་པོ་དར་སྤེལ་བྱུང་།འདི་ལྟར་དེང་རབས་དང་ཕྱིར་འོངས་ཀྱ་གླུ་གཞས་དག་གིས་ང་ཚོའི་རྣ་བའི་དབང་པོ་དང་མིག་གི་ལྟད་མོ་ཡོངས་སུ་འཕྲོག་ཡོད། དེང་རབས་དང་སྲོལ་རྒྱུན་གྱི་རོལ་དབྱངས་གཉིས་བསྡུར་ན་ང་ཚོ་ཉམས་ཆུང་བར་ལུས་ཤིང་། གླུ་གཞས་དག་ལའང་བག་ཆགས་ངན་པ་ཐེབས། མི་རིགས་གླུ་གཞས་ལ་མཚོན་ནའང་རིགས་སྣ་ཚོགས་ཞིག་དར་ཞིང་གྲངས་འབོར་ཡང་ཧ་ལས་པ་ཡོད། འོན་ཏེ་ཐོན་སྐྱེད་རྣམ་པ་དང་འཚོ་བའི་འགྲོ་སྟངས། དེང་རབས་དཔལ་ཡོན། བསམ་བློ་འདུ་ཤེས་བཅས་འགྱུར་བ་ཆེན་པོ་དང་དབང་བསྒྱུར་གྱིས་མི་རིགས་ཀྱི་འཚོ་གནས་བར་སྟོང་ལའང་གཏོར་རྒོལ་ཐེབས་ཤིང་དམངས་གཞས་གཏོང་མཁན་ཉུང་ངུ་ནས་ཉུང་ངུར་ཆགས། མི་མང་པོ་ཞིག་གྲོང་ཁྱེར་གླུ་གཞས་ལ་དགའ་ཞིང་དམངས་གཞས་ལ་ཉེན་ཚབས་ཆེན་པོ་བྱུང་།གལ་སྲིད་ང་ཚོས་སྲུང་སྐྱོབས་ཀྱི་དུས་ཚོད་མ་བྱུང་བར་ཕུལ་བྱུང་མི་རིགས་ཀྱི་ཁྱད་ཆོས་ཀྱི་ཕྱུག་པའི་གླུ་གཞས་འདི་ཉམས་རྒུད་ཚབས་ཆེ་བ་རེད།དེ་བས་དོན་དངོས་ལ་གཞིགས་ནས་ཚན་རིག་གི་ཐབས་ལམ་དང་ཆ་ཚང་བར་སྲུང་སྐྱོབས། རྒྱུན་འཛིན། ཞིབ་འཇུག འཕེལ་རྒྱས་བཅས་མ་ལག་དང་ལྡན་པར་དོན་དངོས་དར་སྤེལ་ལ་སེམས་འགན་ལེན་དགོས།

 སྲུང་སྐྱོབས་དང་རྒྱུན་འཛིན་གལ་ཆེན་རང་བཞིན།

སྤྱི་ཚོགས་འཚོ་བའི་ཁྲོད་དུ་ང་ཚོའི་དམངས་ཁྲོད་གླུ་གཞས་དག་ལ་གལ་ཆེན་བྱེད་དགོས་ཤིང་། དམངས་ཁྲོད་སྒྱུ་རྩལ་བ་བར་ངེས་བར་དུ་སྤྱི་ཚོགས་ཀྱི་གོ་གནས་དང་དཔལ་འབྱར་གྱི་ཐོབ་ཐང་སྤྲོད་དགོས།ཁོང་ཅག་གི་རང་རྟོག་དང་སྤོབས་སེམས་ལ་མཐོར་འདེགས་དང་ལོ་གཞོན་མི་རིགས་རྒྱུན་འཛིན་པ་དག་ཀྱང་དམངས་ཁྲོད་གླུ་གཞས་ཀྱི་ཁྲོད་དུ་བསྡུ་ལེན་བྱེད་དགོས། ང་ཚོས་སྒྱུ་རྩལ་སློབ་གསོ་དང་སྒྱུ་རྩལ་བགྲོ་གླེང་། གསར་ཤོག་གསར་འཕྲིན་བརྒྱུད་དེ་དམངས་ཁྲོད་གླུ་གཞས་རྒྱ་ཁྱབ་དུ་སྤེལ་དགོས། ང་ཚོས་སྲོལ་རྒྱུན་གླུ་གཞས་སྲུང་སྐྱོབས་ལ་ཁ་གཡར་ཏེ་སྲིད་གཞུང་ལ་སྒོར་མོ་སློང་བ་དང་ཚོང་ལས་རིག་གནས་ལ་ཞབས་ཞུ་བྱེད་པ་ལས། རིག་གནས་འདིས་སྲོལ་རྒྱུན་རིག་གནས་ལ་རྒོལ་བ་ངེས་ཟིན་དང་རྒྱུན་འཛིན་སྲུང་སྐྱོབ་ཀྱི་ལས་ག་ངོ་མ་སྒྲུབ་དགོས།

ང་ཚོས་དམངས་ཁྲོད་གླུ་གཞས་སྣ་ཚོགས་བསྡུ་རུབ་དང་མི་རིགས་རོལ་ཆ་དང་གླུ་གཞས་འཚོ་བར་འབྲེལ་ཡོད་ཀྱི་གྱོན་གོས་རྒྱན་ཆ་ལ་སོགས་པའང་དེ་བཞིན་ནོ། བྱ་དངོས་འདི་དག་རི་མོའི་རྒྱུ་ཆ་དང་སྒྲ་དབྱངས་བཅས་ལ་འབྲེལ་ཞིབ་འཇུག་གི་རིན་ཐང་ལྡན་པ་དང་ལོ་རྒྱུས་རིག་དངོས་ཉར་ཚགས་རིན་ཐང་ཡང་ཆེན་པོ་ཡོད་པ་རེད།འདི་ནི་རིན་བྲལ་གྱི་ནོམ་པ་ཞིག་སྟེ། ང་ཚོའི་གཟུགས་འདས་གླུ་གཞས་ཀྱི་ཤུལ་བཞག་དག་ལ་ངེས་པར་དུ་གཙིགས་ཆེན་བྱེད་དགོས་པ་དང་རྣམ་པ་མང་པོ་དང་ལག་ཤེས་སྣ་ཚོགས་རྒྱུན་རིང་མོར་རྒྱུ་ཆ་གསོག་ཉར་དང་། བོད་ལྗོངས་སྲོལ་རྒྱུན་རིག་གནས་ཡིག་ཚགས་གསར་བ་ཞིག་བསྐྲུན་དགོས།

བོད་ལྗོངས་ས་གནས་སུ་རྒྱུན་འཛིན་བྱས་པའི་གླུ་གཞས་ནི་ཡུན་རིང་དུ་གནས་བའི་འགན་སྲུང་རེད། སྲོལ་རྒྱུན་གླུ་གཞས་སྲུང་སྐྱོབས་ནི་ངེས་པར་དུ་བྱེད་དགོས་པ་ཞིག་སྟེ། དམངས་ཁྲོད་གླུ་གཞས་སྒྱུ་རྩལ་གྱི་རྣམ་པ་ཞིག་ལ་མཚོན་ན་གཞོན་རབས་དག་ལས་དམངས་གླུ་གཏོང་མི་ཤེས་པ་ལྟ་བུ་རེད། མཁས་དབང་དང་ཤེས་པ་ལ་ཤས་ཞིག་ལ་གནས་ཚུལ་འདིར་སེམས་ཁྲེལ་ཆེ་ཞིང་། འོ་རློན་དང་རྩམ་དྲི་འཐུལ་བའི་མི་རིགས་ཀྱི་གླུ་གཞས་རྣམ་པ་འདི་ང་ཚོ་གདོད་མའི་དབྱངས་རྟ་འགྲོགས་པའི་སློབ་ཚན་དུ་ཞིག་དང་བུ་ཕྲུག་དག་ཀྱང་གདོད་མའི་དབྱངས་རྟ་འདིས་་བག་ཆགས་བཞག་ཀྱང་་བསྐྱེད་བསྲིང་བྱེད་དགོས།

 ཐེངས་འདིར་རིམ་པ་སོ་སོའི་རིག་དངོས་སྒྱུ་རྩལ་གྱི་ལས་ཀ་བས་སྲོལ་རྒྱུན་གླུ་གཞས་ལ་ཚན་རིག་དང་མཐུན་པའི་ལྟ་ཚུལ་གྱིས། དོན་དངོས་མི་རིགས་དམངས་ཁྲོད་ཀྱི་གླུ་གཞས་རྒྱུན་གྱི་ལས་ཀ་སྒྲུབ་པ་རེད། ང་ཚོས་ན་གཞོན་གཞོན་ནུའི་གླུ་གཞས་མི་སྣ་བསྐྱེད་བསྲིང་དང་གཞོན་ནུའི་ལས་འགུལ་ལྟེ་བར་ན་གཞོན་མི་རིགས་གླུ་གཞས་པ་སྐྱེད་བསྲིང་གི་ས་ཚུགས་སུ་སྣ་མང་རང་བཞིན་དང་ཁྱད་ཆོས་འབར་བའི་རིག་གནས་ལས་འགུལ་བསྐྲུན་དགོས།ང་ཚོས་གླུ་གཞས་སྒྱུ་རྩལ་བ་རྒན་པ་དག་གར་སྟེགས་སུ་གདན་འདྲེན་དང་ཁོང་ཅག་གི་གླུ་གཞས་བརྒྱུད་སྒྲོག་དང་ཕྲག་འགན་དུ་བཞེས་པའི་མི་རབས་རྗེས་མ་བསྐྱེད་བསྲིང་བྱེད་དགོས།

ཐེངས་འདིར་རྒྱལ་ཁབ་སློབ་གསོ་དང་ཚན་རྩལ་ཞིབ་འཇུག་གི་འགན་བཞེས་པའི་ལས་ཁུངས་དང་སློབ་གྲྭ་སོ་སོས་བསྡུ་སྒྲིག་གནང་བའི་གླུ་གཞས་རྒྱུ་ཆ་གང་མང་ཞིག་གི་ཐོན་ཁུངས་དང་། མི་རིགས་གླུ་གཞས་ལ་ཞིབ་འཇུག དར་སྤེལ་མི་རིགས་དམངས་ཁྲོད་གླུ་གཞས་ལ་རོལ་མྱོང་དང་སློབ་སྦྱོང་། འཁྲབ་སྟོན་བཅས་བྱེད་པའི་དགོས་མཁོ་ལྡན།

  ངེས་པར་དུ་ཕུན་སུམ་ཚོགས་པར་འགྲོ་བ།

མི་རིགས་ཞིག་གི་སྲོལ་གླུ་གཞས་བར་སྟོང་གླུ་གཞས་གཞན་དག་གིས་བཅད་བཟུང་བྱས་ཡང་། འོན་ཏེ་གནས་སྐབས་ཙམ་རེད། རྒྱུ་མཚན་ནི་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་རིང་མོར་འཕེལ་རྒྱས་ཀྱི་རྨང་གཞི་རྔམ་མཐུག་ཅི་མི་རིགས་རང་བཞིན། ཉམས་འགྱུར་རོལ་མྱོང་བཅས་སྲོལ་རྒྱུན་རིག་གནས་མི་རིགས་ཀྱི་སྲོག་སྙིང་བཟུང་ཞིང་མི་རིགས་ཀྱི་ཉིང་བཅུད་བཅས་འདུ་བས་དེ་ལ་ཚེ་སྲོག་གི་སྟོབས་ཤུགས་ཉམས་པ་མེད་པར་ངེས།

བོད་ཀྱི་སྲོལ་རྒྱུན་གླུ་གཞས་ནི་ཕྱིར་འོངས་ཀྱི་གླུ་གཞས་དང་འབྲེལ་དུས་རབས་དང་འཚམས་པར་གོང་འཕེལ་འགྲོ་བཞིན་ཡོད། དེ་རིང་གི་མི་རིགས་ཁག་གི་རིག་གནས་མཉམ་འབྲེལ་དང་བརྗེས་རེས་ཀྱི་ཁྲོད་དུ་རང་ཉིད་ནུས་ཤུགས་ཀྱང་མི་དམན་པ་བཏོན་ཡོད།དེ་བས་ང་ཚོས་མཐོར་འདེགས་བྱེད་དགོས་པ་ནི་དམངས་ཁྲོད་དུ་ས་ཁྱབ་རྡོ་དར་དུ་ཕྱིན་པའི་མི་རིགས་ཀྱི་གླུ་གཞས་གང་མང་ཞིག་ད་ལྟ་ཉམ་ཆག་དུ་འགྲོ་བཞིན་པ་རྒྱུན་འཛིན་དང་དར་སྤེལ།རྒྱ་ཁྱབ་དུ་སྤེལ་བའི་འགན་ལེན་བྱས་ཤིང་།དེང་རབས་ཀྱི་བསམ་བློ་དང་གནའ་བོའི་སྲོལ་རྒྱུན་གྱི་དྭངས་མ་གཞིབ་ཏེ།དུས་རབས་དང་འཚམས་པར་གསར་གཏོད་དང་འཕེལ་རྒྱས་ལས་ཀ་སྒྲུབ་དགོས་པ་རེད།

བོད་ཀྱི་སྲོལ་རྒྱུན་གླུ་གཞས་ཕུན་སུམ་ཚོགས་པར་འཕེལ་རྒྱས་འགྲོ་བ་ལ་ལས་ཀ་གང་མང་ཞིག་སྒྲུབ་དགོས་ཤིང་། ང་ཚོས་གཟབ་ནན་གྱིས་བསམ་བློ་གཏོང་བ་དང་དུས་རྒྱུན་པར་འཆར་འགོད་བཟོ་བ། ཕན་འབྲས་ལྡན་པའི་སྲུང་སྐྱོབ། འོས་འཚམས་ཀྱི་བེད་སྤྱོད་བཅས་བྱེད་དགོས།རང་ཉིད་ཀྱི་ཡིད་ཆེས་ནི་རྒྱ་ཆེའི་གླུ་གཞས་ལས་ཀ་གཉེར་མཁན་དག་གི་འབད་བརྩོན་དང་སྤྱི་ཚོགས་རིམ་པས་མཉམ་འབྲེལ་གྱིས་བོད་ལྗོངས་ཀྱི་གླུ་གཞས་ལ་ཕུན་སུམ་ཚོགས་པའི་རྣམ་པ་མངོན་ཞིང་ཡིད་དབང་འཕྲོག་པ་ཞིག་རེད།དུས་རབས་དང་འཚམས་པར་བོད་ལྗོངས་སྲོལ་རྒྱུན་གླུ་གཞས་འཕེལ་རྒྱས་གསར་བ་དང་འབྱུང་ཁུངས་རིང་མོ་བཅས་ལོ་ཟླ་རིང་མོ་ཞིག་ལ་འཕེལ་རྒྱས་འགྲོ་ངེས་ཅན་ནོ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060