སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྡེ་དགེ་རྒྱལ་པོའི་རིགས་རྒྱུད་རིམ་བཞིན་ཉམས་ཞན་དུ་འགྲོ་བའི་ལོ་རྒྱུས་སྐོར་མདོར་ཙམ་གླེང་བ།
སྤེལ་དུས། 2017-08-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མི་གསལ།
          སྡེ་དགེ་རྒྱལ་པོ་ནི་བཅིངས་འགྲོལ་མ་གཏོང་སྔོན་ཁམས་ཁུལ་གྱི་ཡུལ་དཔོན་ཆེ་ཤོས་བཞིའི་ནང་གི་གཅིག་ཡིན་པ་དང་། ༼   དེ་མིན་གསུམ་ཁག་དབྱེ་ནས་ལྕགས་ལ་རྒྱལ་པོ་དང་། འབའ་ཐང་ཡུལ་དཔོན།  ལི་ཐང་ཡུལ་དཔོན་བཅས་ཡིན་པ་རེད།  ༽ མངའ་ཁོངས་ནི་ཤར་ཕྱོགས་ནས་དཀར་མཛེས་དང་། ཉག་རོང་དང་འབྲེལ་གྱི་ཡོད་པ་དང་། ལྷོ་ཕྱོགས་སུ་འབའ་ཐང་དང་ལི་ཐང་དར་ཁྱིམ་འབྲེལ་བྱེད་ཀྱི་ཡོད། ནུབ་ཕྱོགས་སུ་ཆབ་མདོ་དང་གོ་འཇོ། བྱང་ཕྱོགས་སུ་མཚོ་སྔོན་གྱི་སྐྱེ་རྒུ་མདོ་དང་ཁྲི་འདུ་བཅས་ཀྱི་མངའ་ཁོངས་སུ་འཛིན་གྱི་ཡོད་པ་རེད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ས་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བ་བྱས་རྗེས་ད་ལྟའི་སྡེ་དགེ་དང་། དཔལ་ཡལ། སེར་ཤུལ ། འཇོ་མདའ་བཅས་ ཀྱི་རྫོང་དུ་འགྱུར་བ་བྱས་ཡོད།  ལེ་བར་ཁྲི་ཁྲག་སྟོང་ཡན་ཆད་ཀྱི་ས་གཞི་རུ་མི་འབོར་ཁྲི་ཕྲག་བཅུ་ལྷག་ཙམ་ཉེ་བར་ཡོད་ཅིང་། དར་རྒྱལ་ཆེ་བའི་སྐབས་སུ་རྫོང་ཁག་བཅུ་གཅིག་དང་འབྲོག་སྡེ་ཞེ་གསུམ་བདག་འཛིན་བྱས་ཡོད།
          ཕྲན་གྱི་རྩོམ་དེ་གཙོ་བོ་སྡེ་དགེ་རྒྱལ་པོའི་དབང་སྟོབས་དེ་རིམ་བཞིན་ཉམས་ཞན་དུ་འགྲོ་བའི་གནས་ཚུལ་འོག  ཁྱིམ་རྒྱུད་ནང་ཁུལ་དང་དེའི་འོག་གི་འགོ་དཔོན་བར་གྱི་རྩོད་གླེང་དང་མཚོན་འཛིང་སྐོར་གྱི་དོན་རྐྱེན་ཐད་མདོར་ཙམ་གླེང་བར་བྱའོ། ། དཔྱད་ཞིབ་བྱེད་རོགས་གནང་།
          གཅིག སྡེ་དགེ་རྒྱལ་པོའི་དབང་སྒྱུར་ནུས་ཤུགས་ཉམས་ཉན་དུ་འགྲོ་བའི་སྐོར།
          ༡  མགོན་པོ་རྣམ་རྒྱལ་གྱི་དུས་འགྱུར་བྱུང་རྗེས་ཀྱི་སྡེ་དགེ་རྒྱལ་པོའི་དབང་སྟོབས་ཉམས་ཉན་དུ་འགྲོ་བའི་སྐོར།
          སྤྱི་ལོ༡༨༥༢ལོར། སྐབས་བཅུ་གཉིས་པའི་ཆོས་རྗེ་འཆི་མེད་རྟགས་པའི་རྡོ་རྗེ༼   དེའི་སྐབས་སུ་ལོ་ན་བཅུ་གཅིག་ཡིན་ཞིང་ ༽  ཁྲི་ཐོག་བཞུགས་གྲབས་ཡོད་པའི་སྐབས་སུ་ཉག་རོང་གི་འགོ་དཔོན་མགོན་པོ་རྣམ་རྒྱལ་གྱི་སྟོབས་ཤུགས་ཇེ་དྲག་ཏུ་འགྲོ་བར་བརྟེན་ནས་ཁམས་ཁུལ་གྱི་ས་གནས་ཧ་ཅང་མང་པོ་དང་སྡེ་དགེ་རྒྱལ་པོའི་མངའ་བདག་ས་ཁུལ་སྔོན་རྗེས་སུ་བཟུང་སྟེ། འཆི་མེད་རྟགས་པའི་རྡོ་རྗེ་དང་ཁོང་གི་ཡུམ་ཆེན་ཆོས་དབྱིངས་བཟང་མོ་གཉིས་ཉག་རོང་དུ་བཟང་བཙོན་བྱས་པ་རེད། རྗེས་སུ་འོག་གི་འགོ་དཔོན་རྣམས་ཀྱི་གྲོས་བྱས་ནས། བོད་ལྗོངས་ས་གནས་སྲིད་གཞུང་ལ་དམག་གཏོང་ནས་དཔུང་རོགས་བྱེད་རྒྱུའི་རེ་བ་ཞུས་ཏེ་མགོན་པོ་རྣམ་རྒྱལ་ཕམ་ཁར་གྱུར་པ་མ་ཟད། འཆི་མེད་རྟགས་པའི་རྡོ་རྗེ་མ་བུ་གཉིས་སྡེ་དགེ་རུ་གདན་དྲངས་ནས་ཁྲི་ཐོག་ཏུ་སྐྱར་གསོ་བྱས་པ་དང་། འོན་ཀྱང་སྡེ་དགེ་རྒྱལ་པོ་དེ་ནས་བཟུང་། བོད་ལྗོངས་ས་གནས་སྲིད་གཞུང་གི་མངའ་འོག་ཏུ་ཚུད་པ་དང་། དབང་སྟོབས་དེ་རིམ་བཞིན་གཞན་དུ་ཤོར་བ་རེད།
          ཁྱད་པར་དུ་ཆོས་དབྱིངས་བཟང་མོས་དབང་འཛིན་བྱེད་སྐབས་ཕྱག་བརྙན་དཔའ་ཤོད་བཀྲ་བཟང་དང་ལྐོག་འབྲེལ་བྱས་ནས་རྒྱ་ཡན་དུ་གཏོང་བར་རང་དགར་བྱེད་བཅུག་སྟེ་འོག་གི་འགོ་དཔོན་གྱིས་བློར་མི་བབས་པར་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ཆོས་རྗེས་གནང་བའི་གོས་ཆེན་གྱི་ཞྭ་མོ་དང་དཀར་ཡོལ་ཁོག་པ་༼འདི་ནི་ཆོས་རྗེས་འགོ་དཔོན་བསྐོ་བཞག་བྱས་དུས་རིམ་པ་ལྟར་དབང་ཆ་མཚོན་བྱེད་ཀྱི་གོས་ཆེན་གྱི་བཟོ་རྫས་གཉིས་ཡིན་པ༽ ཕྱིར་སྤྲོད་ནས་མཉམ་དུ་ཕྱིར་ཕྱིན་པ་རེད། རྗེས་སུ་གོང་མས་མཚན་གནས་གནང་མྱོང་བའི་དཔལ་སྤུངས་དགོན་པ་དང་། ཞེ་ཆེན་དགོན། ཀ་ཐོག་དགོན། དཔལ་ཡུལ་དགོན་བཅས་ཀྱི་མཁན་པོ་དང་སྤྲུལ་སྐུ་ཡིས་སྐུ་ངོ་མས་འདུམ་སྒྲིག་བྱས་པ་བརྒྱུད། དུས་བབ་ལྷོད་དུ་འགྲོ་ཡོད་རུང་། འོན་ཀྱང་ཕན་ཚུན་བར་ད་དུང་དོགས་པ་ཟ་བར་བྱེད་ཀྱིན་ཡོད་པ་རེད། ཡུན་མི་རིང་བའི་སྔོན། ཆོས་དབྱིངས་བཟང་མོས་ཆིང་སྲིད་གཞུང་གི་སྡེ་དགེ་རུ་བཅའ་སྡོད་བྱེད་པའི་དཔོན་དམག་དང་ལྐོག་འབྲེལ་བྱས་ནས་འགོ་དཔོན་ཁག་གཅིག་གིས་འོས་ལངས་བྱེད་པའི་ལྐོག་གྲོས་བྱས་པར་ཁ་གཡར་ཏེ་འགོ་དཔོན་ཡོངས་རྫོགས་ཡུལ་དཔོན་གྱི་སྡོད་གནས་ནང་གཅིག་བསྡུས་བྱས་ནས་རང་ལ་གཙོ་བོ་ངོ་རྒོལ་བྱེད་པའི་འགོ་དཔོན་བཟུང་རྒྱུའི་གསང་གྲོངས་བྱས་པ་དང་། བར་སྐབས་སུ་སྡོད་གནས་ཀྱི་སྒོ་ཆེན་མ་རྒྱག་སྔོན་སྟབས་མ་ལེགས་པར་གཉེར་ཆེན་ཇོ་མོ་བུ་ཡིས་ཐེ་ཚོམ་ཤོར་བར་ཧུར་ཐག་གིས་འགོག་ལེན་བྱས་པར་སྡེ་དགེ་རྒྱལ་པོའི་ཕྱག་བརྙན་གྱིས་བསད་པ་དང་། དེ་མིན་གྱི་འགོ་དཔོན་ཚོས་འཚབ་པའི་ངང་བྲོས་ལ་སོང་བ་རེད།  དེ་རྗེས་སུ་དགོན་པ་དང་འགོ་དཔོན་གྱིས་མཉམ་འབྲེལ་ཐོག་ནས་དྲག་ཆས་རྩ་འཛུགས་བྱས་ནས་སྲིད་གཞུང་གི་དཔོན་དམག་དང་རྒྱལ་པོའི་སྡོད་གནས་མཐའ་བསྐོར་ནས་ཆུ་བཅད་པ་རེད། གནས་ཡུལ་ཉེན་ཁ་ཆེ་བའི་གནས་ཚུལ་འོག  དཔོན་དམག་གི་འགོ་འཛིན་གྱིས་ཐབས་མེད་པར་འགོ་དོན་དང་འོས་མེད་འགྲིག་ཐབས་བྱས་པ་རེད། ཆོས་རྗེའི་མ་བུ་གཉིས་ཁྲེང་ཏུའུ་རུ་བསྐྱལ་ནས་སྡོད་བཅུག་པ་དང་། འགོ་དཔོན་སོགས་ཀྱིས་མི་བཏོན་འདེབས་སྒྲུག་བྱས་ནས་༼   རིན་བརྟན་གྲོས་ཚོགས  ༽  ཤིག་བཙུགས་པ་༼   རིན་བརྟན་གྲོས་ཚོགས་ནི་འགོ་དཔོན་གྱིས་རྒྱལ་པོའི་ཚབ་བྱེད་འགན་དབང་སྤྱོད་པའི་གྲོས་ཞིབ་སྒྲིག་གཞི་ཞིག་ཡིན་པ  ༽    རེས་སྐོར་གྱིས་རྒྱལ་པོའི་འགན་དབང་སྤྱོད་པ་རེད། དེ་རྗེས་འཆི་མེད་རྟགས་པའི་རྡོ་རྗེ་དང་ཁོང་ཉིད་ཀྱི་ཡུམ་ཆེན་ནད་ཕོག་སྟེ་ཁྲེང་ཏུའུ་རུ་གཤེགས་པ་རེད། དགོན་པ་དང་འགོ་དཔོན་ཚོའི་རེ་བ་ཞུ་བའི་འོག་ཁོང་ཉིད་ཀྱི་བུ་ཆོས་རྒྱལ་རྡོ་རྗེ་སེངྒེ༼ཨ་ཇ༽་དང་ངག་དབང་འཇམ་དཔལ་རིན་ཆེན་༼བ་བ༽སྡེ་དགེ་རུ་ཚུར་བསུ་མ་བྱས་པ་རེད།
          གོང་བཤད་ལོ་ངོ་གཉིས་ཙམ་གྱི་ཟིང་འཁྲུག་བྱས་རྗེས་སྡེ་དགེ་རྒྱལ་པོའི་དབང་སྒྱུར་ནུས་སྟོབས་སྔོན་མ་ལས་ཉམས་ཞན་ཆེ་ཙམ་གྱུར་ཡོད་པ་རེད།
          ༢ ཨ་ཇ་དང་བ་བ་སྤུན་གཉིས་བར་གྱི་འཐབ་རྩོད་ཀྱི་སྐོར།
          ཨ་ཇ་དང་བ་བ་སྤུན་གཉིས་ཀྱིས་སྡེ་དགེ་རུ་ཕྱིན་ལོག་རྗེས་རྒྱལ་པོའི་ཐོབ་ཐང་གི་གནད་དོན་ཐད་བུ་སྤུན་དང་འགོ་དཔོན་བར་དུ་ཛ་དྲག་གི་འཐབ་རྩོད་ཅིག་སྤེལ་ཡོད་པ་རེད།
          ཨ་ཇ་དང་བ་བ་སྤུན་གཉིས་སྡེ་དགེ་རུ་ཕྱིར་ལོག་རྗེས། སྡེ་དགེ་རྒྱལ་པོའི་༼གཉེར་ཕྱག་ལས་ཁུངས༽༼གཉེར་ཆེན་དང་ཕྱག་མཛོད་གཉིས་ཀྱིས་འགན་འཁུར་བྱས་ནས་སྡེ་དགེ་རྒྱལ་པོའི་ཉིན་རེའི་བྱ་དོན་སྒྲུབ་པའི་སྒྲིག་གཞི་ཞིག༽ དངོས་ཡོད་དབང་ཆ་འཛིན་པའི་གཉེར་ཆེན་ཁམས་གངས་བདེ་ཆེན་༼འཇམ་མདའ་སྐུ་གསེར་ས་གནས་ཀྱི་འགོ་དཔོན་ཆེན་པོ།༽དང་འཇུ་ཆུང་འཇམ་དབྱངས་ཕུན་ཚོགས༼སྡེ་དགེའི་སྨད་ཤོད་བར་མའི་འགོ་དཔོན་ཆེན་པོ༽སོགས་ཀྱིས་ཧུར་ཐག་གིས་ཨ་ཇ་ཡིས་སྡེ་དགེ་རྒྱལ་པོའི་རྒྱུན་འཛིན་གོ་གནས་བཟུང་བའི་རྒྱབ་སྐྱོར་བྱེད་མ་ཟད། བོད་ལྗོངས་ས་གནས་སྲིད་གཞུང་གི་འགོ་དཔོན་དང་ཕན་པོ་ས་ཁུལ་གྱི་སྐུ་དྲག་རྒྱལ་བཟང་ཚོགས་སྐྱིད་ཀྱི་བུ་མོ་རྒྱལ་བཟང་དཀར་མ་ཆོས་སྐྱིད་མནའ་མ་བསུས་ནས་ཨ་ཇུའི་ཆུང་མ་བྱེད་བཅུག་པ་རེད། ཨ་ཇི་ཡིས་སྡེ་དགེ་རྒྱལ་པོའི་རྒྱུན་འཛིན་བྱས་རྗེས་རྒྱལ་པོའི་དངོས་ཡོད་དབང་ཆ་དེ༼ གཉེར་ཕྱག་ལས་ཁུངས་༽ ཀྱི་ལག་ཏུ་བཟུང་བ་དང། ཨ་ཇ་ཡིས་ལོ་ཁ་ཤས་ཀྱི་གཞན་དབང་ཅན་བྱས་རྗེས་བོད་ལྗོངས་སུ་བླ་མ་བྱ་རྒྱུའི་སེམས་ཐག་བཅད་པ་དང་། འགྲོ་གྲབས་ཡོད་པའི་སྐབས་སུ་རྒྱལ་པོའི་གོ་གནས་དང་ཆུང་མ་བཅས་པར་ནུ་བོ་བ་བ་ལ་བརྒྱུད་སྤྲོད་བྱས་པ་རེད།
          བ་བས་སྲིད་དབང་འཛིན་རྗེས༼ གཉེར་ཕྱག་ལས་ཁུངས༽ཀྱིས་འཆིང་སྒྲོག་བྱས་པར་ཐར་བ་བྱེད་ཆེད། དུས་ཡུན་རིང་པོར་སྨན་ཤོད་བར་མའི་སོག་མོ་ཕོ་བྲང་༼ སྡེ་དགེ་རྒྱལ་པོའི་སྡོད་གནས༽དུ་ཕྱག་ལས་སྒྲུབ་པ་མ་ཟད། ས་ཐག་རིང་པོའི་ས་གནས་ཀྱི་འགོ་དཔོན་ཚོ་གཅིག་བེད་སྤྱོད་བཏང་བ་དང་། རིམ་བཞིན་གྱིས་ཁམས་གངས་བདེ་ཆེན་དང་འཇུ་ཆུང་འཇམ་དབྱངས་ཕུན་ཚོགས་ཀྱི་སྐུ་དངོས་ཡོད་དབང་ཆ་ཚོ་གཅིག་ཉམས་ཞན་དུ་བྱས་ཡོད་པས། ཁམས་གངས་བདེ་ཆེན་དང་འཇུ་ཆུང་འཇམ་དབྱངས་ཕུན་ཚོགས་བློ་ལ་མི་བབ་པ་རེད། དེར་བརྟེན། ཁམས་གངས་བདེ་ཆེན་གྱིས་འཇུ་ཆུང་འཇམ་དབྱངས་ཕུན་ཚོགས་དང་འདན་ཨ་ཚང་གི་ཚེ་རིང་རྣམ་རྒྱལ་བཅས་བོད་ལྗོངས་སུ་ཕྱིན་ནས་ཨ་ཇ་སྡེ་དགེ་རུ་ཡང་སྐྱར་དུ་ཡར་ལོག་སྟེ་སྲིད་དབང་འཛིན་རྒྱུའི་དྲན་སྐུལ་བཏང་བ་མ་ཟད། ཨ་ཇ་རྩར་བ་བ་ནི་བ་ཤོད་ཀྱི་བྱི་ཕྲུག་ཡིན་པ་དང་། སྡེ་དགེ་རྒྱལ་པོའི་བུ་རྒྱུད་མིན་པར་སྡེ་དགེ་རྒྱལ་པོའི་གོ་གནས་རྒྱུན་འཛིན་བྱ་རྒྱུ་མིན་པར་དཀྲུག་ཤིང་རྒྱག་པའི་གཏམ་བཤད་བྱེད་པར་མ་ཟད། མོས་སྡེ་དགེ་རྒྱལ་པོའི་རིགས་རྒྱུད་ཀྱི་དབང་ཐང་དེ་རིགས་རྒྱུད་གཞན་པའི་ལག་ཏུ་ཤོར་བར་རང་ཉིད་ཀྱིས་དྲག་ཆས་སྟོབས་ཤུགས་ཀྱིས་ཨ་ཇ་སྡེ་དགེ་རུ་བསྐྱལ་རྒྱུ་ཡིན་ཞེས་བཏོན་པ་རེད།  ཨ་ཇ་ཁས་ལེན་བྱས་རྗེས་སྔོན་དུ་འབྲུ་ཆུའི་ནུབ་ཕྱོགས་སུ་དྲག་ཆས་ནུས་ཤུགས་ཤིག་འཛུགས་པ་དང་། སྐུ་ངོ་མས་འགོ་ཁྲིད་བྱས་ནས་བ་བའི་སྡོད་གནས་སོག་མོ་ཕོ་བྲག་ལ་མདུན་སྐྱོད་བྱས་པ་རེད།
          བ་བས་འཇམ་དབྱངས་ཕུན་ཚོགས་བཅས་ཀྱིས་བོད་ལྗོངས་སུ་ཨ་ཇ་སྡེ་དགེ་རུ་ཡང་སྐྱར་གདན་འདྲེན་ཞུས་ནས་སྲིད་དབང་འཛིན་པའི་གནས་ཚུལ་ཤེས་རྗེས། ཁམས་གངས་བདེ་ཆེན་བར་གྱི་འགལ་བ་དེ་ཉིན་རེ་བཞིན་མངོན་དུ་གྱུར་ཡོད་པ་དང་། ཁམས་གངས་བདེ་ཆེན་གྱིས་རང་ཉིད་ཀྱི་ཐོབ་ཐང་དེ་སྲ་བརྟན་དུ་འགྱུར་བ་བྱེད་ཆེད། བ་བའི་བརྟེན་གཞིའི་ནུས་ཤུགས་མེད་པ་བཟོ་བ་དང་། དང་ཐོག་ཐབས་ཤེས་ཅི་དྲག་སྤྱོད་དེ་བ་བའི་སྙིང་ཉེ་བྱ་རྒོད་བཀྲ་ཤིས་རྣམ་རྒྱལ་དུག་བཏབ་ནས་བསད་པ་རེད། བ་བས་ཀྱང་ཁྲོམ་ཐར་གྱི་འགོ་དཔོན་ཀརྨ་དབང་གྲགས་དང་བྲན་འཁོར་གྱི་འགོ་དཔོན་ཆུང་རེད་བུ་བཀྲ་གཉིས་ཀྱི་མང་ཚོགས་དྲག་ཆས་རྩ་འཛུགས་བཏང་སྟེ་ཁམས་གངས་བདེ་ཆེན་མཐའ་སྐོར་བྱས་ནས་སྨན་ཤོད་བར་མའི་སྡོད་གནས་སུ་བསད་པ་རེད། སྐབས་དེར་བྲན་འཁོར་གྱི་འགོ་དཔོན་བྲེ་འབོད་ཨ་བདེ་བཅས་ཀྱིས་ནུས་ཤུགས་སྒྲིག་འཛུགས་བྱས་ནས་ཨ་ཇ་སྡེ་དགེ་རུ་ཕྱིན་པར་སྔོན་འགོག་བྱེད་དགོས་པ་བཏོན་པས་བ་བ་ཡིས་བུ་སྤུན་བར་ཕན་ཚུན་གསོད་རེས་བྱེད་མི་ཉན་བར་གཞི་འཛིན་བྱས་ནས་ཁས་མ་ལེན་པ་མ་ཟད། རྒྱལ་པོའི་གོ་གནས་དེ་ཕྱིར་སྤྲོད་རྩིས་བྱས་པ་རེད།
          ཨ་ཇ་སྡེ་དགེ་རུ་ཕྱིར་ལོག་ནས་རྒྱལ་པོའི་གོ་གནས་རྒྱུན་འཛིན་བྱས་རྗེས། འཇམ་དབྱངས་ཕུན་ཚོགས་སོགས་ཀྱིས་རྒྱབ་སྐྱོར་འོག དང་ཐོག་བ་བས་རྒྱབ་སྐྱོར་བྱེད་མཁན་གྱི་གསར་དགའ་འགོ་དཔོན་དགེ་ལེགས་༼ཡང་མིང་གསར་དགེ་ཞེས་གསོལབ།༽བསད་པ་མ་ཚད། དུས་མཚུངས་སུ་བྲེ་འབོད་ཨ་བདེ་ཡིས་དེ་སྔོན་དྲག་ཤུགས་ཐོག་ནས་ཁོང་རྣམས་པ་སྡེ་དགེ་རུ་ཕྱིར་ལོག་པར་སྔོན་འགོག་བྱེད་དགོས་པའི་བློ་ཕུད་པར་ཞེ་རུ་བྱས་ནས་དྲག་ཤུགས་སྒྲིག་འཛུགས་བྱས་ཏེ་བྲེ་འབོད་ཨ་བདེ་ཡིས་སྲ་བརྟན་དུ་རྒྱུན་སྲུང་བྱེད་པའི་དབང་གིས་སྐབས་ཤིག་ལ་གཏོར་བརྒལ་བྱས་མི་ཐུབ་པ་དང་། རྗེས་སུ་བྲེ་འབོད་ཨ་བདེའི་བུ་བྲན་འཁོར་རྩྭ་ར་རུ་ལྟ་སྐྱོང་བྱེད་མཁན་ཕུར་པ་ཕྲིན་ལས་དང་ཨ་དགེ་བུ་སྤུན་གཉིས་ཀྱིས་མང་ཚོགས་སྒྲིག་འཛུགས་བྱས་ནས་མཐའ་སྐོར་བྱེད་པའི་དྲག་ཆས་སྟོབས་ཤུགས་བྲོས་སོང་བ་དང་ཨ་བདེ་ཁྱིམ་ཡོངས་སྐྱོབ་ནས་ཆབ་མདོ་ས་ཁུལ་དུ་བྲོས་སོང་བ་རེད།
          བ་བ་ལ་རྒྱབ་སྐྱོར་བྱེད་མཁན་འོག་མ་འགོ་དཔོན་ཚེ་སྐྱིད་དང་འཇམ་ཁའི་འགོ་དཔོན་པ་འགྲུབ་ཀྱིས་གནས་བབ་མ་ལེགས་པར་མཐོང་རྗེས་རང་ཉིད་ཀྱི་ཁྱི་མི་ཁྲིད་དེ་སེར་ཤུལ་ཕྱོགས་སུ་བྲོས་སོང་བ་རེད། མཁར་སུམ་མདོ་ཁར་སླེབས་དུས་མཁན་མདོ་འགོ་དཔོན་གྱིས་སྔོན་འགོག་བྱས་པའི་རྐྱེན་ཆབ་མདོ་དང་གོང་འཇོ་ས་ཁུལ་གཉིས་སུ་ལམ་སྐོར་བརྒྱབ་ཏེ་བོད་ལྗོངས་སུ་ཕྱིན་ནས་སྡོད་པ་རེད།
          བ་བ་ལ་རྒྱབ་སྐྱོར་བྱེད་པའི་འགོ་དཔོན་སྦྲེལ་མཐུད་དུ་བྲོས་རྗེས་ཨ་ཇ་ཡང་སྐྱར་དྲག་ཆས་དཔུང་སྡེ་ལ་བཀའ་བབས་ནས་སྨན་ཤོད་དུ་ཕྱིན་ཏེ་བ་བ་བཟུང་སྟེ་སྡེ་དགེ་རུ་ཁྲིད་ཡོང་ནས་རྒྱལ་པོའི་སྡོད་གནས་སུ་བཟང་བཙོན་བྱས་པ་རེད།  ཡུན་མ་རིང་པར་ཡང་བ་བ་ལ་རྒྱབ་སྐྱོར་བྱེད་པའི་འགོ་དཔོན་བྱ་རྒོད་ཚང་གི་སྙིང་ཉེ་བ་བཀྲ་ཤིས་ནོར་བུ་དང། མགོན་པོ་རྡོ་རྗེ། དགེ་ཆེན་དགོན་གྱི་བླ་མ་དང་གྲྭ་པ་བཅས་ཀྱིས་གྲོས་བྱས་རྒྱལ་པོའི་སྡོད་གནས་སུ་ཕྱིན་ཏེ་ཕྱི་ནང་མཉམ་སྡེབ་ཀྱིས་བ་བ་སྐྱོབས་ཉེས་བྱས་ནས་སེར་ཤུལ་ཕྱོགས་སུ་བྲོས་སོང་བ་རེད། ཨ་ཇ་ཡིས་གཏམ་དེ་གོ་ཐོས་བྱུང་རྗེས་རྟ་དམག་མངགས་ནས་རྗེས་དེད་པ་ད་རྫོགས་ཆེན་དང་འདན་ཁོག་བར་གྱི་རྣམ་བུ་ལ་རྩེའི་དགའ་རི་རི་བོའི་རྩར་སླེབས་དུས་རྗེས་སྲུང་དཔུང་སྡེ་བཀྲ་ཤིས་ནོར་བུས་ཛ་དྲག་གིས་དམག་འཛིང་བྱས་ནས་དམག་ཤུགས་ཧེ་བག་གི་དབང་གིས་བཀྲ་ཤིས་ནོར་བུ་བཅས་པ་མི་སུམ་ཅུ་ལྷག་ཙམ་བསད་པ་དང་། དེ་མིན་རྣམས་འཛིན་བཟུང་བྱས་ནས་སྡེ་དགེ་རུ་ཁྲིད་ཡོང་བ་རེད།  ཨ་ཇ་ཡིས་དེའི་ནང་གི་སྙན་གྲགས་ཆེ་ཤོས་ཀྱིས་བཀྲ་ཕྲུག་ཚང་གི་ཚེ་རིང་ཕུན་ཚོགས་སྤུན་གཉིས་བསད་ནས་མགོ་དེ་དགེ་ཆེན་དགོན་པའི་ནུབ་ཕྱོགས་ཀྱི་བསྟན་སྲུང་ལྷའི་ཚོམས་ཆེན་ཁང་དུ་དམོད་ཚིག་འདོན་ནས་ཉེས་ཅན་ཁྲོམ་སྟོན་བྱས་པ་རེད། དེ་མིན་མི་རྣམས་ལྕག་སྣུན་རྡུང་རྗེས་བཙོན་འགྲོལ་བཏང་བ་རེད། བ་བ་དང་གཉེར་ཕྱག་མི་སྣ་མགོན་པོ་རྡོ་རྗེ་བཅས་པ་མི་རྣམས་རྗེས་སྲུང་དཔུང་སྡེ་ཡིས་སྲུང་སྐྱོང་འོག  རྟ་བཞོན་ནས་བྲོས་སོང་སྟེ་རྗེས་འདེད་མ་ཟིན་པ་རེད།
          བ་བས་སེར་ཤུལ་དུ་ཕྱིར་ཤུལ་བརྒྱབ་རྗེས་ཨ་ཇ་ཡིས་བཙན་ཤེད་བརྒྱབ་དྲག་པར་ངོས་འཛིན་བྱས་ནས་སེར་ཤུལ་དུ་༼ད་ལྟ་སེར་ཤུལ་རྫོང་གི་ནུབ་ཕྱོགས་སུ༽ཨ་ཇ་ལ་འགོག་ལེན་བྱེད་དགོས་པའི་བཀའ་བབ་པ་དང་། བཀའ་དེའི་དང་ལེན་བྱེད་མཁན་སྐབས་དེ་དུས་སེར་ཤུལ་ནུབ་ཕྱོགས་ཀྱི་ཀ་གཞི་སྡེ་ཁག་དང་ཚ་རེས་སྡེ་ཁག་གིས་དང་ལེན་མ་བྱས་པ་མ་གཏོགས། དཔལ་ཡུལ་ཁྲོམ་ཐར་ས་ཁུལ་གྱི་བྲན་འཁོར་ཨ་བདེ་དང་འབྲུ་ཆུའི་ནུབ་རྒྱུད་ཀྱི་འགོ་དཔོན་ཁག་མང་ཤོས་ཀྱིས་བྱ་དོན་དེའི་ནང་ཞུགས་མོས་མེད་པས། བ་བས་ཀྱང་རང་ཉིད་ལ་བརྩི་བཀུར་བྱེད་པའི་མི་སྟོང་ཕྲག་ཁ་ཤས་སྣེ་ཁྲིད་ནས་སྡེ་དགེ་ཕྱོགས་སུ་འགོག་པར་སྐྱོད་པ་རེད། ཨ་ཇ་ཡིས་ཐང་ཕུག་ས་ཁུལ་ལྕགས་མཁར་སུམ་མདོ་པ་འགྲུབ་ཀྱིས་རྡུང་རྡེག་འོག  འདན་ཁོག་ཕྱོགས་སུ་བྲོས་པར་སྐྱོད་པ་རེད། བ་བ་ཡིས་སྡེ་དགེ་རྒྱལ་པོའི་སྡོད་གནས་བཟུང་བ་དང་། དེ་དུས། བ་བ་ལ་རྒྱབ་སྐྱོར་བྱེད་མཁན་འགོ་དཔོན་གྱིས་ཨ་ཇ་ལ་རྒྱལ་ཁའི་ངང་ནས་རྗེས་དེད་བྱས་ནས་འབྱུང་འགྱུར་གྱི་གནོད་འཚེ་མི་ཡོང་བར་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། འོན་ཀྱང་བ་བ་ཡིས་རྒྱལ་པོའི་སྡོད་གནས་དང་། འཕྲིན་ཡིག་བཅས་རང་ཉིད་ཀྱི་ལག་ཏུ་བཟུང་བ་དང་། ཨ་ཇ་དེ་ཚོ་ཁག་ཆུང་ཆུང་ཞིག་ཡིན་པས་དངོས་ཤུགས་ཆེན་པོ་ཤིག་མེད་པ། རྗེས་དེད་བྱེད་དགོས་དོན་མི་འདུག་ཅེས་པའི་ངོས་འཛིན་བྱས་ནས་ནུས་ཤུགས་གཙོ་བོ་དེ་རྗེས་དེད་བྱེད་མཁན་གྱི་གཉེར་ཕྱག་ལ་བྱ་དགའ་གནང་བ་དང་རྒྱལ་པོའི་བྱ་དོན་གཉེར་རྒྱུ་དང་དབང་སྒྱུར་སྒྲིག་ལམ་གསར་པ་འཛུགས་རྒྱུ་བཅས་ཀྱི་ཐད་བཞག་པ་རེད།
          ༣ རྒྱ་ཨ་འབའ་ཀྲའོ་ཨེར་ཧྥུང་གི་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བ་དེས་སྡེ་དགེ་རྒྱལ་པོར་རྡུང་རྡེག་དྲག་པོ་ཐེབས་པའི་སྐོར།
          སྤྱི་ལོ༡༩༠༦ལོར༼清光绪32年ཆིང་ཀོང་ཤུས་༣༢ལོ༽ཀྲའོ་ཨེར་ཧྥུང་གིས་ཁམས་ལྷོ་རུ་༼ས་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བ༽༼རྒྱལ་པོའི་སྒྲིག་ལམ་མེད་པ་བཟོ་ནས་གཏོང་དཔོན་དབང་བསྒྱུར་བྱ་རྒྱུ་བཙུགས་པ།༽ཡུན་མི་རིང་བའི་སྔོན། ཨ་ཇ་ཡིས་རང་ཉིད་ཀྱི་བློ་འཁེལ་བའི་ལྕང་ར་འགོ་དཔོན་ཧོ་ཆོ་སེང་གེ་དང་ཨེ་མཐོ་འགོ་དཔོན་མགོན་པོ་རྡོ་རྗེ་མངགས་ནས་ཕྱག་ཕྲེང་དུ་ཀྲའོ་ཨེར་ཧྥུང་མཇལ་ས་མངགས་བ་དང་། ༼ ས་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བར༽རྒྱབ་སྐྱོར་བྱ་རྒྱུའི་མཆོད་སེམས་བཏོན་པ་དང་། བ་བ་ཡིས་༼གནམ་སྐོས་ལས་དབང་གི་གོང་མར༽༼བོད་རིགས་གྱི་གོང་མ་ལ་ཞེ་ས་འབུལ་བ་གསོལ་ག༽ ངོ་རྒོལ་བྱེད་པར་ཐེར་འདོན་བྱས་པ་དང་། རྒྱ་ཨ་འབའ་ཀྲའོ་ཨེར་ཧྥུང་གིས་དམག་གཏོང་ནས་སྡེ་དགེ་བཟུང་རྒྱུའི་རེ་བ་སྟོན་པ་རེད། དེའི་སྐབས་སུ་ཀྲའོ་ཨེར་ཧྥུང་གིས་ཁམས་ཁུལ་དུ་༼ ས་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བར་༽ལག་ལེན་བསྟར་དེ་ས་གནས་ཁག་གིས་འགོ་དཔོན་དང་དགོན་པར་ངོ་རྒོལ་བྱས་པ་དང་། འགོག་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད་པས། དེའི་ཐད་དུ་ཡིད་སྐྱོ་བ་བརྟེན། ཁམས་བྱང་རྒྱུད་ཀྱི་ཡུལ་དཔོན་གྱི་ལམ་ལུགས་དེ་བས་སྲ་བརྟན་དང་འཐུས་སྒོ་ཚང་བ་ཡིན་ཞིང་གང་གི་ཐོག་ནས་ལག་ལེན་བསྟར་ཁུངས་མེད་པ། ཨ་ཇ་ཡི་རེ་ཞུ་གོ་ཐོས་བྱུང་རྗེས་གཞན་ནས་བྱང་རྒྱུད་དུ་དམག་སྐྱོད་བྱེད་ས་ཡིན་པར་ཤེས་པ་རེད། དེར་བརྟེན། ཀྲའོ་ཨེར་ཧྥུང་གིས་ཆིང་གཞུང་ལ་ཞུས་ནས་ཨ་ཇ་སྡེ་དགེའི་ཞོན་ཧྥུ་སི༼ 宣抚司༽བཀོད་པ་མ་ཟད། ༡༩༠༨ལོའི་ཟླ་༡༡པར་ཀྲང་ལགས་ཞེས་པིའ་དམག་དཔོན་ཞིག་གིས་དཔུང་སྡེ་ཁྲིད་ནས་འགོ་དཔོན་གཉིས་དང་མཉམ་དུ་བ་བ་ལ་འགོག་པར་སྐྱོད་པ་རེད། ལྕང་ར་རུང་བ་བ་ཡི་དཔུང་སྡེ་དང་དམག་འཐབ་ཆུང་ཙམ་ཞིག་བརྒྱབ་སྟེ། བ་བ་ཡིས་འགོག་མ་ཐུབ་པར་སེར་ཤུལ་དུ་བྲོས་སོང་བ་དང་། ཨ་ཇ་ཡང་སྐྱར་རྒྱལ་པོའི་སྡོད་གནས་སུ་ཡོང་ནས་ཀྲའོ་ཨེར་ཧྥུང་གི་དཔུང་སྡེ་དང་མཉམ་དུ་སྡེ་དགེའི་གནས་བབ་ཚོད་འཛིན་བྱས་པ་རེད།
          ༡༩༠༩ལོའི་ཟླ་༤པར། ཀྲའོ་ཨེར་དང་ཨ་ཇ་གཉིས་ཀྱིས་ཡང་དུ་མཉམ་འབྲེལ་བྱས་ནས་རང་ཉིད་ཀྱི་མི་མངགས་ཏེ་སེར་ཤུལ་དུ་བ་བ་འཐབ་པ་དང་། སེར་ཤུལ་ནུབ་རྒྱུད་ཀྱིས་དམར་མེ་ཁེ་རྡོ་རུ་བ་བ་ཡིས་མཚན་མོའི་སྔོན་འགོག་ཐེབས་པ་དང་། ཀྲའོ་ཨེར་ཧྥུང་དང་ཨ་ཇ་ཡིས་དམག་དཔུང་ཕམ་ཁ་ངེས་ཅན་ཞིག་ཐེབས་པ་དང་། ཨ་ཇ་ཡི་འགོ་དཔོན་ཉེ་ཆེན་རྒྱ་རྟ་གསེར་དགེ་སྨན་སྐྱོན་ལྗིད་པོ་ཕོག་པ་རེད། ཀྲའོ་ཨེར་ཧྥུང་ཁོང་ཁྲོ་ཆེན་པོ་ལོངས་ནས་དེ་མ་ཐག་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་འགོག་ལེན་བྱས་པ་རེད། བ་བ་ཡིས་སྔོན་འགོག་བྱེད་ནུས་མེད་པར་རང་ཉིད་ཀྱི་བློ་འཁེལ་བའི་འགོ་དཔོན་བྲན་འཁོར་ཨ་བདེ་དང། བྱ་རྒོད་བཀྲ་ཤིས་རྣམ་རྒྱལ་གྱི་ཆུང་མ་ཚེ་དབང་སྒྲོལ་མ་དང་སེར་ཤུལ་གྱི་འགོ་དཔོན་མགོན་བློ་ཚ་རེའི་འགོ་དཔོན་བློ་མཐར་དང་མགགོན་མཐར་བཅས་པ་མི་སྟོང་ཕྲག་གཉིས་ལྷག་ཙམ་ཁྲིད་ནས་མཚོ་སྔོན་གྱི་འགོ་ལོག་ས་མཚམས་སུ་བྲོས་སོང་བ་རེད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྤྲུལ་སྐུ་འཇམ་དབྱངས་བཞད་པའི་༼འཇམ་དབྱངས་བཞད་པ་ནི་བ་བ་ཡུམ་ཆེན་དང་པ་ཤུལ་བཀྲ་བཟང་ལྐོ་འབྲེལ་བྱས་ནས་སྐྱེས་པའི་བུ་ཡིན་པ་དང་། བཤད་པར་བལྟས་ན་ཁོང་དང་བ་བ་ཕ་གཅིག་མ་མི་གཅིག་པའི་འབྲེལ་བ་ཡིན་པ་དང་། ༽རྒྱུད་ནས་ངོ་སྤྲོད་བྱེད་མཁན་བྱས་ནས་མཚོ་སྔོན་གྱི་དམག་ཤེད་ཅན་མ་བུ་ཧྥང་གི་འོག་ཏུ་འགོ་བཏགས་ནས་གནས་སྐབས་ཤིག་མཚོ་ལྷོ་མཚམས་སུ་སྡོད་པ་རེད།
          ཡུན་མི་རིང་བའི་སྔོན། བ་བ་ཡིས་ཀྲའོ་ཨེར་ཧྥུང་གིས་འཕྲིན་ཡིག་སྐྱེལ་མཁན་ལོང་ཁམས་འགོ་དཔོན་གྱི་སྙིང་བརྟེན་མཁན་བཀྲ་ཤིས་འཛིན་བཟུང་བྱས་ནས་འཕྲིན་ཡིག་ལོན་པ་དང་བ་བ་ཡིས་ཕྲིན་ཡིག་ཐོག་གི་ནང་དོན་དེ་རང་ཉིད་ལ་གནོད་པ་ཡོད་པས་ཡང་སྐྱར་དུ་འཇམ་དབྱངས་བཞད་པར་ཐབས་ཤེས་སྤྱོད་ནས་སྐྱབས་རོགས་བྱེད་པའི་རེ་འདུན་ཞུས་པ་རེད། སྐབས་དེར་ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པ་པེ་ཅིན་ནས་བོད་དུ་ཕེབས་པར་བར་ལམ་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སླེབས་པ་དང་། འཇམ་དབྱངས་བཞད་པས་ཏཱ་ལའི་བླ་མར་བ་བ་བཅས་པ་བོད་དུ་ཁྲིད་ནས་བཀོད་སྒྲིག་བྱེད་བཅུག་རོགས་ཞེས་པའི་རེ་འདུན་ཞུས་པ་དང་ཏཱ་ལའི་བླ་མས་མོས་མཐུན་གནང་བ་བརྒྱུད། བ་བ་དང་། བྲེ་འབོད། བྱ་རྒོད་བཅས་ཁྱིམ་ཚང་གསུམ་ཏཱ་ལའི་དང་མཉམ་དུ་བོད་ལྗོངས་སུ་བསྐྱོད་པ་དང་། བོད་བྱང་ཕྱོགས་ཀྱི་ནག་ཆུ་ས་ཁུལ་དུ་བཀོད་སྒྲིག་བྱས་པ་རེད། བ་བ་ཡང་རིམ་པ་བཞི་པའི་འགོ་དཔོན་བསྐོ་བཞག་བྱས་ནས་བོད་ས་གནས་སྲིད་གཞུང་གི་གྲས་སུ་བསྐྱོད་པ་རེད། བོད་དུ་འགྲོ་མི་མོས་པའི་མགོན་ལོ་དང་། བློ་མཐར། མགོན་མཐར་བཅས་ཀྱིས་མཚོ་སྔོན་དུ་གནས་སྐབས་བསྡད་ནས་ལྕགས་ཕག་ལོའི་གསར་བརྗེ་བྱུང་རྗེས། སེར་ཤུལ་དུ་ལོག་པ་རེད། བྱ་རྒོད་ཚེ་དབང་སྒྲོལ་མ་དང་བྲེ་འབོད་ཨ་བདེ་བཅས་ཀྱིས་བོད་ལྗོངས་སུ་སླེབས་རྗེས། ༡༩༡༡ལོའི༼ ཆིང་ཞོན་ཐུང་ལོ་གསུམ། ༽ཟླ༩པར། བོད་ལྗོངས་ས་གནས་སྲིད་གཞུང་གིས་བོད་སྡོད་ཆིང་དམག་མཐར་སྐྲོད་གཏོང་བའི་འཐབ་རྩོད་ནང་ཞུགས་པ་རེད།
དཔའ་ངར་ཆེ་བའི་དབང་གིས། བོད་ལྗོངས་ས་གནས་སྲིད་གཞུང་གིས་བརྩི་མཐོང་ཆེན་པོ་བྱས་པ་རེད། ༡༩༡༩ལོར་བོད་དམག་གིས་ཁམས་ཁུལ་དུ་དམག་བརྒྱབ་ནས་སྡེ་དགེ་ཚོད་འཛིན་བྱས་སྐབས་ཁོ་ཚོ་སྡེ་དགེ་ཉེ་འདབས་ཀྱི་ས་ཁུལ་དུ་ཡང་སྐྱར་ཕྱིར་ལོག་པ་རེད།
          སྡེ་དགེ་རྒྱལ་པོའི་རིགས་རྒྱུད་དེ་ལོ་ངོ་དྲུག་ཅུ་རིང་གི་རྙོག་དྲའི་འགྱུར་ལྡོག་བྱུང་བ་བརྒྱུད་ཁྱད་པར་དུ་ཨ་ཇ་དང་བ་བ་བར་གྱི་ནང་ཁུལ་གྱི་རྩོད་གཞི་དང་ཀྲའོ་ཨེར་ཧྥུང་གི་ས་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བ་བྱས་པ་བརྒྱུད། དབང་བསྒྱུར་ནུས་སྟོབས་དེ་ཉིན་རེ་བཞིན་ཉམས་ཞན་དུ་སོང་བ་རེད། མངའ་ཁོངས་ཀྱི་འགོ་དཔོན་ནང་ཁུལ་དུ་དུས་ཡུན་རིང་པོ་དམག་འཐབ་དང་། སྡང་སེམས་ཀྱིས་གསོད་པའི་རྐྱེན་གྱིས། མཉམ་དུ་གནས་ཐབས་མེད་པའི་ཁ་གཏད་ཀྱིས་ཕྱོགས་ཁག་ཆེན་པོ་གཉིས་ཆགས་ཡོད་པ་དང་། དེའི་ཐོག་ལྕགས་ཕག་ལོའི་གསར་བརྗེ་བྱུང་རྗེས་དམངས་གཙོ་གནས་ཚུལ་ཁྱབ་སྤེལ་བྱས་པ་དང་། སྡེ་དགེ་རྒྱལ་པོའི་དབང་བསྒྱུར་ཚོགས་པ་ནང་ཁུལ་ཉམས་ཞན་ཁ་བྲལ་དུ་འགྱུར་བ་དང་རྒྱལ་པོའི་ལམ་ལུགས་དེ་མེད་པར་འགྲོ་བར་མགྱོགས་སུ་གཏོང་གི་ཡོད་པ་རེད། ཁྱད་པར་དུ་ཡིད་ལྷུང་འགོ་དཔོན་བྱ་རྒོད་སྟོབས་ལྡན་གྱིས་དངོས་ཤུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དེས་སྡེ་དགེ་རྒྱལ་པོའི་དབང་བསྒྱུར་ཉེན་པ་ཆེན་པོ་བཟོས་པ་རེད།
 ༼མུ་འགོད། ༽
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716