སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མི་ཆོས་གཙང་མ་བཅུ་དྲུག
སྤེལ་དུས། 2014-09-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རིན་ཆེན་གྱིས་བསྒྲིགས།

          མི་དགེ་བ་བཅུ་སྤོང་བའི་སྟེང་དུ།  1.མ་ལ་མའི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ།  ༢.ཕ་ལ་ཕ་ཡི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ།  ༣.དགེ་སྦྱོང་དང་བྲམ་ཟེ་ལ་དེ་ཡི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ།  ༤ རིགས་མཐོ་བ་དང་རྒན་རབས་ལ་གུས་བཀུར་བྱ་བ།  ༥.དྲིན་ཅན་གྱི་མི་ལ་དྲིན་ལན་འཇལ་བ།  ༦.གཞན་ལ་གཡོ་སྒྱུ་བྱས་ནས་མགོ་སྐོར་མི་གཏོང་བ་བཅས་བཅུ་དྲུག་ཡིན་པར་གསུངས་ལ།  ཡང་འདྲེན་ཚུལ་གཞན་ཞིག་སྟེ།  སྔར་བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་མཛད་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག་ནི།
         
༡.ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ།  ༢.དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ།  ༣.ཕ་མ་ལ་དྲིན་ལན་འཇལ་བ།  ༤.ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ།  ༥.རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ།  ༦.ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ།  ༧.བཀའ་དྲང་ཞིང་སེམས་ཆུང་བ།  ༨.ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ།  ༩.ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ།  ༡༠.ཟས་ནོར་ལ་ཚོད་འཛིན་པ།  ༡༡སྔར་དྲིན་ཅན་གྱི་མི་རྩད་གཅོད་པ།  ༡༢.བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ།  ༡༣.ཀུན་ལ་ཕྲག་དོག་ཆུང་བ་།  ༡༤.ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ་།  ༡༥.ངག་འཇམ་ཞིང་སྨྲ་བ་ཉུང་བ།  ༡༦ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅོས་སོ། །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060