སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྤྱང་ཕྲུག་དང་དོམ་ཆུང་གཉིས་ཀྱི་བརྩེ་བ་ཟབ་མོ།
སྤེལ་དུས། 2015-08-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མགོན་པོ།

  ཧྥིན་ལན་གྱི་བརྙན་ལེན་པ་ལཱ་སེ་·ལའོ་ཐེན་ནན་གྱིས་སྟབས་ལེགས་ངང་སྤྱང་ཕྲུག་འདི་དང་དམ་ཆུང་གཉིས་འབྲེལ་བ་བཟང་བ་མཐོང་ཏེ། བརྙན་ཆས་ཀྱིས་ལྟ་ན་སྡུག་པའི་འདྲ་པར་འདི་ཀུན་བླངས་འདུག

  རྒྱུན་ལྡན་ཡིན་ན། སྤྱང་ཕྲུག་དང་དོམ་ཆུང་གཉིས་ཀྱིས་རང་སོ་སོས་བཟའ་ཆས་འཚོལ་གྱི་ཡོད་པས། བརྙན་ལེན་པས་འདྲ་པར་འདི་འདྲ་ལེན་ཐུབ་པར་ཡ་མཚན་ཆེན་པོ་སྐྱེས་འདུག ཁོས་བཤད་རྒྱུར། སྲོག་ཆགས་འདི་གཉིས་ཀ་གྲོགས་སུ་འགྱུར་དོན་སུས་ཀྱང་མི་ཤེས། ངས་བསམ་ན་ཁོ་གཉིས་ཀ་ཁེར་རྐྱང་ཡིན་པ་དང་ལོ་ཆུང་ཆུང་ཡིན་པའི་རྐྱེན་གྱིས་ཕྱིའི་ཁོར་ཡུག་འདི་ནས་འཚོ་རྟེན་བྱེད་པའི་ཆེད་དུ་ཁོ་གཉིས་རོགས་པར་གྱུར་བ་རེད་འདོད།

  ཞག་མ ༡༠ ཡི་རིང་ལ། ཕྱི་དྲོའི་ཆུ་ཚོད ༨ པ་ནས་ཉིན་རྗེས་མའི་ཞོགས་པའི་ཆུ་ཚོད ༤  པ་བར་དུ། སྤྱང་ཕྲུག་དང་དོམ་ཆུང་གཉིས་ཀྱིས་མཉམ་ཏུ་མཚམས་སྤྲིན་ལ་ལྟ་བཞིན་བཟའ་ཆས་མཉམ་རོལ་བྱེད་བཞིན་འདུག

བརྙན་ལེན་པས་འདྲ་པར་ཚན་པ་འདི་མི་ཀུན་དང་མཉམ་རོལ་བྱེད་ཐུབ་པར་དགའ་པོ་བྱུང་ཞེས་གསུང་འདུག

སྤྱང་ཕྲུག་དང་དོམ་ཆུང་གཉིས་ཀས་བཟའ་ཆས་མཉམ་དུ་ཟ་བཞིན་པ།

སྤྱང་ཕྲུག་དང་དོམ་ཆུང་གཉིས་ཀྱི་འབྲེལ་བ་ཤིན་ཏུ་བཟང་པོ་འདུག

སྤྱང་ཕྲུག་དང་དོམ་ཆུང་གཉིས་ཀས་བཟའ་ཆས་མཉམ་དུ་ཟ་བཞིན་པ།

 

  ཁ་བྱང་ཕྱི་མོ། བརྙན་ལེན་པས་སྤྱང་ཕྲུག་དང་དོམ་ཆུང་གཉིས་ཉིན་བཅུའི་རིང་ལ་མཉམ་དུ་མཚམས་སྤྲིན་ལ་ལྟ་བཞིན་པ་པར་བླངས་འདུག

(རྩོམ་འགན་པ། དབང་འདུས།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070