སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལོན་ཏོན་གྲོང་ཁྱེར་དུ་རི་སྐྱེས་སྲོག་ཆགས་པར་ལེན་འགྲེམས་སྟོན་གྱི་བརྩམས་ཆོས་ཕུལ་བྱུང་རོལ་བ།
སྤེལ་དུས། 2015-09-24   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་པ་པོ།  རིན་ཆེན།
        དབྱིན་ཇའི་ཉིན་རེའི་སྦྲག་ཏར་ཚགས་པར་གྱིས་ཟླ་༩ཚེས་༢༡ཉིན་བཀོད་པའི་གནས་འཕྲིན་ལྟར་ན། ཉེ་དུས་སུ་དབྱིན་ཇིའི་ལོན་ཏོན་སྲོག་ཆགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་བཞི་བའི་རི་སྐྱེས་སྲོག་ཆགས་པར་ལེན་འགྲན་བསྡུར་ཆེན་པོའི་བྱ་དགའ་ཐོབ་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། པར་ལེན་མཁས་པ་ཨན་ཏི(AndySkillen)ཡི་དོམ་སྐྱའི་ཤོག་དྲས་བརྙན་པར་ཞིག་འགྲན་ཞུགས་བརྙན་པར་༤༥༠ལས་ཁྱད་དུ་འཕགས་པས་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་དང་པོ་བླངས་པ་རེད།
        ཤེས་གསལ་ལྟར་ན། ཐེངས་འདིའི་འགྲན་ཞུགས་བརྙན་པར་རིགས་དྲུག་ཏུ་ཕྱེ་ཡོད་དེ། ཉམས་རྒུད་དུ་འགྲོ་བཞིན་པའི་རང་བྱུང་ཁམས་དང་། ཕུན་སུམ་ཚོགས་པའི་ཁྱུག་ཙམ།” “ཡ་མཚན་ཞིང་ངོ་མཚར་ཆེ་བ།”“ཆེ་ཆུང་གལ་འགངས་ཆེ་བ།”“བྱ་རིགས་དང་སྦྲང་མ།”“གཏིང་ཟབ་ཅིང་དོན་སྙིང་ལྡན་པ་སོགས་ཡིན། འགྲན་བསྡུར་ཆེན་པོའི་དམིགས་ཡུལ་ནི་རང་བྱུང་ཁམས་ཆེན་མོའི་ངོ་མཚར་ཅན་གྱི་ཁྱུག་ཙམ་ཤེས་རྟོགས་དང་བསྟོད་བསྔགས་བྱེད་རྒྱུ་དེ་རེད།
       
ཉེ་སྔོན་འགྲན་བསྡུར་ཆེན་པོའི་བྱ་དགའ་ཐོབ་པའི་བརྩམས་ཆོས་རྣམས་ལོན་ཏོན་སྲོག་ཆགས་གླིང་གའི་ནང་དུ་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། འཆར་གཞི་ལྟར་ན་སྐབས་རྗེས་མའི་རི་སྐྱེས་སྲོག་ཆགས་པར་ལེན་འགྲན་བསྡུར་ཆེན་པོ་༢༠༡༦ལོའི་ཟླ་བ་༡པོར་བྱེད་རྒྱུ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070