སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཧྥེ་གླིང་གི་མཛེས་མས་ཉི་ཧོང་གི་སྲོལ་རྒྱུན་ལཱ་བ་གྱོན་པ།
སྤེལ་དུས། 2015-08-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མགོན་པོ།

 

ཧེ་ཧྥོན་ཏུན་སྦྲག་ཚགས་ཀྱིས། སྒྱུ་རྩལ་བ་མཱ་ཞིན་ཧེ་ཧྥོ་མནMaxine Helfmanགྱིས་ཧྥེ་གླིང་གི་མཛེས་མ་ལ་ཉི་ཧོང་གི་སྲོལ་རྒྱུན་ལཱ་བ་གྱོན་ཏུ་བཅུག་པར། ཤར་ཕྱོགས་བུད་མེད་ཀྱི་མཛེས་ཉམས་ལས་ཤ་མདོག་ནག་པའི་བུད་མེད་འདི་དག་གིས་ཉི་ཧོང་གི་ལཱ་བ་གྱོན་ན་ཁྱད་པར་བའི་མཛེས་ཉམས་ཤིག་ཐོན་འདུག

བརྙན་ལེན་པས་མཛེས་མ་འདི་དག་ཉི་ཧོང་གི་གར་མཁན་མ་བཞིན་གདོང་མདོག་དཀར་པོ་མ་བྱས་པར། ཁོ་ཚོའི་རང་ཉིད་ཀྱི་སྨུག་ནག་གི་ལུས་མདོག་དེ་སོར་བཞག་བྱས་ཡོད།

 

ནུབ་ཕྱོགས་པའི་མིག་ལམ་དུ། ཉི་ཧོང་གི་གར་མཁན་མ་འདི་ཚོ་ནི་ལས་རིགས་ཆེས་རྙིང་བ་ཞིག་ཏུ་རྩིས་ཡོད་དེ། ཁོ་ཚོ་ནི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་དང་། ལུས་ལ་ཚོན་མདོག་སྣ་ལྔའི་ལཱ་བ་གྱོན། མདོང་པ་ཤིན་ཏུ་དཀར་པོ་བཟོས། ཁ་ལ་ཚོན་དམར་བྱུགས་ཏེ་སྐྱེས་པ་ཚོའི་སེམས་པ་འགུག་པར་བརྩོན་གྱི་ཡོད། འདས་ཟིན་པའི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ཁྲོད་དུ། སྲོལ་རྒྱུན་གྱི་ལཱ་བ་གྱོན་པའི་གར་མཁན་མ་འདི་ཚོའི་སྒྱུ་རྩལ་གྱི་རྣམ་པ་དེ་ཉི་ཧོང་གི་སྒྱུ་རྩལ་ལོ་རྒྱུས་སྟེང་དུ་བཀོད་ཡོད་པ་མ་ཟད། གོ་ལ་ཡོངས་ཀྱི་སྒྱུ་རྩལ་ལ་ཤུགས་རྐྱེན་ཐེབས་ཡོད།

ཧེ་ཧྥོ་མན་ནི་ད་ཆ་ལོ ༦༡ ལ་སོན་པའི་མི་དཀར་སྒྱུ་རྩལ་བ་ཞིག་ཡིན་པ་དང་། མོ་རང་གི་བརྩམས་ཆོས་མང་ཆེ་བ་རིགས་རྒྱུད་ཀྱི་གནད་དོན་དང་འབྲེལ་བ་ཡོད།

ཧེ་ཧྥོ་མན་གྱིས་རང་ཉིད་ཀྱི་བརྩམས་ཆོས་འདི་དག་ལ་སྒྱུ་རྩལ་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བ་སོ་སོའི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། སྔར་བས་ཀྱང་དེང་རབས་ཀྱི་ལངས་ཕྱོགས་ཞིག་ནས་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་འགྲེལ་བཤད་བྱས་ཡོད།

ཚོན་མདོག་བཀྲ་བའི་ལཱ་བ་གྱོན་ཞིང་སྲོལ་རྒྱུན་གྱི་སྐྲ་ཚུགས་བཟོས་པའི་ཧྥེ་གླིང་གི་བུད་མེད་འདི་ཚོས་ཁྱད་འཕགས་ཀྱི་མཛེས་ཉམས་ཤིག་མངོན་འདུག་སྟེ། འདས་ཟིན་དང་ད་ལྟ་མཉམ་ཏུ་ངོམས་པའི་ཡ་མཚན་གྱི་སྣང་ཚུལ་ཞིག་མངོན་འདུག

ང་ཚོའི་གོ་ལ་འདི་དང་རིག་གནས་ཡོད་ཚད་གང་མགྱོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། མི་འབོར་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཁྲོད། ང་ཚོས་མཐོང་བཞིན་པ་ནི་འདས་ཟིན་པ་དང་ད་ལྟ་བའི་ཛ་དྲག་གི་རྡུང་གཏུག་དེ་རེད།

ང་ཚོས་སྣ་མང་གི་འཇིག་རྟེན་འདི་ནས། རིག་གནས་གང་རུང་ཞིག་ལ་མཚན་ཉིད་ཐ་དད་ཅིག་འཇོག་རྒྱུ་དཀའ་ཁག་ཆེན་པོ་རེད། དེ་བས་ཧེ་ཧྥོ་མན་གྱིས་ངས་ཧྥེ་གླིང་གི་མཛེས་མ་དག་ལ་ཉི་ཧོང་གྱི་སྲོལ་རྒྱུན་གྱི་ལཱ་བ་གྱོན་ཏུ་འཇུག་པ་དེའང་གནའ་བོའི་ཉི་ཧོང་གི་མཛེས་དཔྱོད་རིག་པ་ལ་ཁ་ཕྱོགས་གསར་པ་ཞིག་ནས་བསམ་གཞིགས་བྱས་པ་ཡིན་ཞེས་ལབ་འདུག

ཧེ་ཧྥོ་མན་གྱིས་བརྩི་འཇོག་བྱེད་རྒྱུ་དེ་རྩོམ་པར་ཆེས་གལ་ཆེ་བ་ཞིག་ཡིན་ལ། མོ་རང་གི་བརྩམས་ཆོས་དག་ཀྱང་བུད་མེད་འདི་དག་ལ་བརྩི་འཇོག་བྱས་ནས་ལེགས་གྲུབ་བྱུང་བ་ཡིན་ཞེས་བཤད།

སྒྱུ་རྩལ་ལ་སྟོབས་ཤུགས་འདི་འདྲ་ཞིག་ཡོད་དེ། ང་ཚོར་ལྟ་བ་གསར་པ་ཞིག་ནས་བྱ་དངོས་ལ་བལྟ་རྟོགས་བྱེད་ཐུབ་རྒྱུ་དང་། དོན་དངོས་དང་ཡང་དག་གི་བཀག་རྒྱ་ལས་གྲོལ་ཐུབ་པར་བྱེད་ཀྱི་ཡོད། ལྟ་ཕྱོགས་གསར་བ་འདི་ལྟ་བུས་ད་གཟོད་ང་ཚོར་སྲོལ་ངན་གྱི་བཀག་རྒྱ་དེ་གཏོར་ནས་ཤེས་རབ་གསར་བ་འཕེལ་ཐུབ་ཀྱི་ཡོད་པ་རེད།

ཁ་བྱང་ཕྱི་མོ། ཁྱད་མཚར་རི་མོ་སྟེ། ཧྥེ་གླིང་མཛེས་མས་ཉི་ཧོང་གི་སྲོལ་རྒྱུན་ལཱ་བ་གྱོན།

(རྩོམ་འགན་པ། སྒྲོལ་ཚེ།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070