སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཛམ་གླིང་འབྲུ་རིགས་ཉིན་མོ། ལྟོགས་སྐོམ་གྱི་འཇིགས་པ།
སྤེལ་དུས། 2014-10-16   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་པ་པོ།  ཟླ་བ།

༡༠ པའི་ཚེས ༡༦ ཉིན་ནི་འཛམ་གླིང་འབྲུ་རིགས་ཉིན་མོ་ཡིན། འཛམ་གླིང་འབྲུ་རིགས་ཐོན་སྐྱེད་དང་བགོ་བཤའ། ཕྱིར་འཚོང་བཅས་འཛམ་གླིང་རང་བཞིན་གྱི་སྤྱི་ཚོགས་དཔལ་འབྱོར་གནད་དོན་ཞིག་ཏུ་གྱུར་ཡོད། ཞིང་སའི་ཐོན་ཁུངས་ཇེ་ཉུང་དུ་ཕྱིན་པ་དང་། གནམ་གཤིས་ཀྱི་གོད་ཆག་རྒྱུན་པར་འབྱུང་བ་སོགས་ཀྱི་རྐྱེན་པས་འཛམ་གླིང་འབྲུ་རིགས་གནད་དོན་གྱི་གནས་སྟངས་སྔར་བཞིན་ཛ་དྲག་ཆེ་ཞིང་། མི་རྣམས་ལྟོགས་སྐོམ་དང་འཚོ་བཅུད་མི་འདེང་བའི་དཀའ་ངལ་ལས་ད་དུང་ཐར་མེད། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། ད་ཆ་འཛམ་གླིང་དུ་ད་དུང་མི་གྲངས་དུང་ཕྱུར ༨ ལྷག་ལྟོགས་སྐོམ་གྱི་འཇིགས་པ་ལས་ཐར་མེད་པ་རེད། ༢༠༠༥ ལོའི་ཟླ ༨ པའི་ཚེས ༡ ཉིན། ཧྥེ་གླིང་གི་ནི་ཇར་གྱི་ནུབ་བྱང་དུ་གནས་པའི་ཐ་བ་གྲོང་རྡལ་གྱི་འཕྲལ་མྱུར་རྒུད་སྐྱོབ་བྱེད་ས་རུ་འཚོ་བཅུད་ཤིན་ཏུ་མ་འདེང་བའི་ལོ ༡ ཅན་གྱི་ཕྲུ་གུ་ཡིས་ལག་པ་ཨ་མའི་ཁར་སྦྱོར་བའི་ཚུལ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060