སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་སྤྱིའི་ལོང་བའི་ཉིན་མོར་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭར་བཅར་བ།
སྤེལ་དུས། 2014-10-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རྟ་མགྲིན།

རྒྱལ་སྤྱིའི་ལོང་བའི་ཉིན་དེ་ལ་འཁར་བ་དཀར་པོའི་ཉིན་མོའང་ཟེར་ཞིང་། ༡༩༨༤ ལོར་འཛམ་གླིང་ལོང་བའི་རྩ་འཛུགས་ཀྱིས་ལི་ཡ་ཊི་ཚོགས་ཐོག་ཏུ་གཏན་འཁེལ་བྱས་ཤིང་།  ཚོགས་འདུ་རུ་ལོ་རེའི་ཟླ ༡༠ པའི་ཚེས ༡༥ རྒྱལ་སྤྱིའི་ལོང་བའི་ཉིན་ལ་ཐག་བཅད་པ་རེད།

རྒྱལ་སྤྱིའི་ལོང་བའི་ཉིན་དེར། གསར་འགོད་པ་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭར་བསྐྱོད་པ་ཡིན། འདི་རུ་ཕྲུ་གུ་ལོང་བ ༡༩ ཡོད་ཅིང་། ཁོ་ཚོ་ཡང་ཕྲུ་གུ་བྱིངས་ནང་བཞིན་སློབ་ཁྲིད་འཚོག་ཅིང་རྩེད་མོ་རྩེ་ཞོར། སྣང་བ་སྤྲོ་བའི་བྱིས་དུས་ལོངས་སུ་སྤྱོད་བཞིན་འདུག འདིར་ཡོད་ཀྱི་ཕྲུ་གུ་ལོང་བ་དག་ཕལ་ཆེར་རང་མགོ་ཐོན་ཡོད་དེ། ཁོ་ཚོ་རང་གིས་མལ་ཐུལ་ལྟེབ་ཅིང་འཁྲུ་བཤལ་རྒྱག་ལ། ཟ་མའང་རང་གིས་ཟ་ཞིང་སློབ་གྲྭར་འགྲོ་གི་ཡོད་པས། འཚོ་བ་ལ་ལེ་བདའ་ཞིག་ཕར་ཞོག་ལྡོག་སྟེ་དགོད་སྒྲ་ལྷང་ལྷང་སྒྲོག་གིན་མཆིས། ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཕ་མ་ནང་བཞིན་ཕྲུ་གུ་ཚོར་གཅེས་སྐྱོང་བྱེད། སློབ་གྲྭའི་དྲིལ་སྒྲོག་བྱ་རུབྱམས་བརྩེ་ཡོད་ཚེ་དགེ་རྒན་ཡག་ཤོས་ཡིནཞེས་པའི་ཡི་གེ་བྲིས་འདུག  དོན་ལ་སློབ་ར་འདི་ནས་མྱངས་མི་ཚར་བའང་དྲོད་ལམ་ལམ་གྱི་བརྩེ་བ་འབའ་ཞིག་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060