སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཐུན་མོང་མ་ཡིན་པའི་ཧིན་རྡུ་ཉི་ཞི་ཡའི་ལུས་རིས་ཅན་གྱི་གདོད་མའི་ཚོ་བ་ཞིག
སྤེལ་དུས། 2015-08-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མགོན་པོ།

  དབྱིན་ཇིའི་ཉིན་རེའི་སྦྲགས་ཚགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧིན་རྡུ་ཉི་ཞི་ཡའི་ནུབ་ཁུལ་སུའུ་མོན་ཏ་ལ་ཞིང་ཆེན་གྱི་མོན་ཏ་ཝེ་གླིང་ཚོམ་སྟེང་དུ། ཧ་ལམ་མི་འབོར་ཁྲི ༦.༤ ཙམ་ཡོད་པའི་ལུས་རིས་ཅན་གྱི་གདོད་མའི་ཚོ་བ་ཞིག་འཚོ་སྡོད་བྱས་འདུག ཁོ་ཚོ་ནི་ལུས་ཡོངས་ལ་ཐུན་མོང་མ་ཡིན་པའི་རིས་དབྱིབས་འབྲི་བ་དང་། གཟུང་ཕུག་གིས་སོ་ཆས་བརྡར་བ་སོགས་ལས་མིང་གྲགས་སུ་ཕྱིན་པ་རེད། ཉེ་ཆར། ལོ ༡༩ ལས་སོན་མེད་པའི་བརྙན་ལེན་པ་མོ་ཧ་མོ་ཏེ་ཡིས་ཚོ་བ་འདིའི་ཁྲོད་ནས་ཉིན་འགར་བསྡད་པའི་རྗེས་སུ། ཁོ་ཚོའི་ནམ་རྒྱུན་གྱི་འཚོ་བའི་རྣམ་པ་ཕྱིར་བསྟན་པ་དང་། རྣམ་པ་དེ་ཧང་སང་དགོས་པ་ཞིག་ཏུ་སྣང་འདུག

  ཤེས་གསལ་ལྟར་ན། ལུས་རིས་ཅན་གྱི་ཚོ་བ་འདིས་རུ་སྤོ་བའི་འཚོ་བ་རོལ་གྱིན་ཡོད་པ་དང་། ཁོ་ཚོས་སོ་ལ་བརྡར་བརྒྱབ་ནས་རྣོན་པོར་བཟོས་ན་ཕོ་མོ་ཕན་ཚུན་སེམས་འགུག་བྱེད་ཐུབ་པར་འདོད་འདུག ཟླ་སྔོན་མའི་ནང་ལ། བརྙན་ལེན་པ་མོ་ཧ་མོ་ཏེ་ཡིས་ཚོ་བའི་ཁྲོད་དུ་ཉིན ༤ ལ་འཚོ་བ་རོལ་ཏེ། བརྙན་ཆས་ཀྱིས་ཁོ་ཚོས་རི་དྭགས་རྔོན་ཚུལ་དང་། བཟའ་ཆས་འཚོལ་སྟངས་སོགས་པར་ལེན་བྱས་ཐུབ་འདུག གདོད་མི་འདི་ཚོས་སྨྱུག་མ་དང་ཤིང་དུམ། རྩ་ལྡུམ་སོགས་ཀྱིས་ཁང་པ་བཅས་ཏེ། རྔོན་རྗེས་ཀྱི་རི་དྭགས་ཀྱི་རུས་དཀར་སོགས་ཀྱིས་ཁང་པར་རྒྱན་སྤྲས་བྱེད་རྒྱུར་དགའ་པོ་འདུག

ཚོ་བའི་ཕོ་གསར་ཞིག་གིས་ལག་ཏུ་གྲི་དང་སྨྱུག་ཆས་བཟུང་འདུག

ཚོ་བའི་རྒན་པ་ཞིག་གིས་རི་དྭགས་རྔོན་སྐབས་ངལ་གསོ་རྒྱག་བཞིན་པ།

ཚོ་བའི་རྒན་རབས་བུད་མེད་ཅིག་གིས་ཐ་མག་འཐེན་བཞིན་པ།

ཀེང་རུས་ཀྱིས་ཁང་པར་བརྒྱན་སྤྲས་བྱས་འདུག

ལག་ཏུ་གྲི་ཐོགས་པའི་མི་འདིའི་ལུས་ཡོངས་ལ་རིས་དབྱིབས་ཀྱིས་ཁེངས་ལ། སོ་ཡང་རྣོན་པར་བརྡར་འདུག

སོ་ལྷུང་ཚར་ལ་ཉེ་བའི་རྒན་པོ།

བུས་ཨ་མར་ལས་རོགས་བྱེད་བཞིན་པ།

ཕོ་གསར་ཚོས་ཤིང་སྡོང་འཁུར་བཞིན་པ།

བྱིས་པ་ཞིག་གིས་དར་འབུ་རྙེད་པ་དག་ལོ་མའི་ནང་དུ་བཞག་རྗེས། མུ་མཐུད་དུ་ཨ་མར་འབུ་འཚོལ་རོགས་བྱེད་བཞིན་པ།

  ཁ་བྱང་ཕྱི་མོ།ཧིན་རྡུ་ཉི་ཞི་ཡའི་ལུས་རིས་ཅན་གྱི་གདོད་མའི་ཚོ་བའི་ནམ་རྒྱུན་གྱི་འཚོ་བ། རྒྱན་ཆ་གཟོང་བུ་དང་སོ་རྣོན་པོ། ཀེང་རུས་རེད་འདུག
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070