སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཛམ་གླིང་སྟེང་ཀུན་གྱིས་བསྟོད་བསྔགས་གཏོར་སའི་ཆོས་སྡེའི་འཛུགས་བསྐྲུན་ཆེན་མོ་ལྔ།
སྤེལ་དུས། 2015-06-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ།

དེ་ཡང་འཇིག་རྟེན་གྱི་ཁམས་ཆེན་མོ་འདིར་།  ག་ས་གང་དུ་ཁྱད་མཚར་པའི་བཟོ་བཀོད་འཛུགས་བསྐྲུན་གྱིས་ཁྱབ་ཡོད་དེ།  གནའ་སྔ་མོ་ནས་བཟུང་། དེ་ཡང་གོང་མའི་དབང་ཆ་དང་ཆོས་ལུགས་ནི་མི་རྣམས་ཀྱི་སྟོབས་ཤུགས་གཅིག་འདུས་བྱེད་ས་ཉག་གཅིག་ཏུ་གྱུར་ཡོད་པས་ན། རྔམ་བརྗིད་ཁྱད་མཚར་ལྡན་པའི་འཛུགས་བསྐྲུན་གཙོ་བོ་ཡང་ཕོ་བྲང་དང་ཆོས་ལུགས་བཅས་ཕྱོགས་དེ་གཉིས་ལས་མ་འདས་ཏེ། སྔོན་མ་ནི་དབང་ཆ་དྲག་པོར་བརྟེན་པ་དང་ཕྱི་མ་ནི་ལྷའི་དབང་ཤུགས་ལ་བརྟེན་ནས་མངོན་པའོ།

མེ་ཐུ་ཨོ་རའི་དགེ་སྒྲུབ་ཁང་།

ཀེ་རི་སེའི་མེ་ཐུ་ཨོ་རའི་དགེ་སྒྲུབ་ཁང་གི་ཚོགས་ཏེ་མེ་ཐུ་ཨོ་རའི་བར་སྣང་གི་དགེ་སྒྲུབ་ཁང་དག་ནི་སྒྲུབ་ཁང ༦ གིས་གྲུབ་ཅིང་།  རང་བྱུང་བྲག་རྡོའི་རྩེ་རུ་ལྷུན་གྱིས་ཆགས་ཡོད་པ་དང་།  དེ་ནི་ཀེ་རི་སེའི་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཀྱི་འཛུགས་བསྐྲུན་གཞི་རྒྱ་ཆེ་ཤིང་ཆེས་གལ་ཆེ་བའི་འཛུགས་བསྐྲུན་གྲས་ཀྱི་གཅིག་ཡིན་ལ།  འཛུགས་བསྐྲུན་ཚོམས་འདིའི་བཟོ་བསྐྲུན་རྔམ་བརྗིད་ལྡན་པས་ན་དེ་ལས་འཛུགས་བསྐྲུན་མཁན་གྱི་ཁྱད་མཚར་མངོན་ཡོད་པ་རེད།

བྲག་རྡོའི་ཡང་སྟེང་དུ་བཞེངས་པའི་དགོན་སྡེ་དང་སྒྲུབ་ཁང་དེ་དག་ཏུ་ཆོས་དད་ཤིན་ཏུ་ཆེ་མཁན་དག་མ་གཏོགས་འགྲོ་ཁག་པོ་ཡོད་པས། མི་རྣམས་ཀྱི་མིག་གི་ལོངས་སྤྱོད་ཙམ་དུ་གྱུར་ཡོད་པ་དང་།  གནས་འདི་གར་སླེབས་ཙ་ན།  ཁོ་རང་ཚོའི་རང་གི་སེམས་རྒྱུད་ངོ་མ་དེ་དང་དད་ཡུལ་གྱི་ལྷ་གང་དང་ཐག་ཉེ་བར་ཡོང་ནས།  ལྷིང་འཇགས་དང་ཞི་དལ་གྱི་སེམས་ཁམས་དངོས་དེ་རྙེད་ཐུབ་པར་གྱུར་ངེས།

མེ་ཐུ་ཨོ་རའི་དགེ་སྒྲུབ་ཁང་ནི་སེ་ར་ལི་ཡའི་ཀླུང་ཐང་གི་ཕི་ཉི་ཨོ་སི་བྲག་རོང་གི་མཐིལ་དང་རྨིད ༤༠༠ མཚམས་སུ་ཆགས་ཡོད་ཅིང་།  དེ་ག་ནས་ཁ་རན་པྰ་ཁ་གྲོང་བརྡལ་ལ་རྒྱང་གཟིགས་བྱེད་ཐུབ་ལ།  དགེ་སྒྲུབ་ཁང་འདི་དག་ནི་དུས་རབས ༡༤ པར་བཞེངས་ཤིང་།  སྐབས་དེར་ཆབ་སྲིད་གནས་བབ་བརྟན་འཇགས་མིན་པ་དང་།  དུས་རབས ༡༥ པའི་དུས་མཇུག་བར།  མེ་ཐུ་ཨོ་རར་ཁྱོན་བསྡོམས་དགེ་སྒྲུབ་ཁང༢༤ཡོད་པ་རེད།

སྒྲུབ་ཁང་དེ་བཙུགས་པ་ནས་དུས་རབས ༡༧ པའི་བར།  མེ་ཐུ་ཨོ་རའི་སྒྲུབ་ཁང་ལ་དུས་ཀུན་ཏུ་སྟོབས་འབྱོར་རྒྱས་ཡོད་མོད།  ད་ཆ།  སྒྲུབ་ཁང་བཞི་མ་གཏོགས་བེད་སྤྱོད་གཏོང་གི་མི་འདུག

Meteora”ནི་བར་སྣང་དུ་དཔྱངས་པའམ་ལྷ་ཡུལ་དུ་ཆགས་པའི་དོན་ཡིན་ཏེ།   དེའི་མིང་ལས་ཀྱང་དད་ལྡན་མང་ཚོགས་ལ་ཧུར་སེམས་ཆེན་པོ་ཞིག་མེད་ན་མེ་ཐུ་ཨོ་རའི་དགེ་སྒྲུབ་ཁང་དག་ཏུ་ཕེབས་དཀའ་བ་མཐོང་ཐུབ།

དུས་དང་རྣམ་པ་ཀུན་ཏུ།   མེ་ཐུ་ཨོ་རའི་དགེ་སྒྲུབ་ཁང་གི་ཚོགས་ནི་དཔྱངས་ཐག་དང་ཤུད་འཁོར་སོགས་ཀྱི་ལམ་ནས་ཕྱི་ལ་འབྲེལ་ལམ་འཛུགས་ཀྱི་ཡོད་པ་དང་། གནས་འདི་གར་སླེབས་རྒྱུ་དེ་བར་སྣང་གི་ཁམས་ལ་བསྐྱོད་པ་ལས་ཀྱང་ཁག་པོ་ཡོད་རེད།  དེ་བས་གནས་འདི་གར་སླེབས་མཁན་ནི་ཤིན་ཏུ་ཉུང་ཉུང་ཡིན་ཏེ།དུས་རབས་སྔོན་མར་ད་གཟོད་འདི་གར་རྡོ་སྐས་དང་བཙུགས་ནས་གནས་བབ་ལ་འགྱུར་ལྡོག་བྱུང་པ་རེད།

འབར་མའི་ཐང་ཨུན་ཁུ་ར་རྡུ་དགོན།

ཐང་ཨུན་ཁུ་ར་རྡུ་དགོན་ནི་འབར་མའི་དབུས་རྒྱུད་ཀྱི་མཐོ་ཚད་ལ་རྨིད ༧༣༧ ཅན་གྱི་མེ་རིའི་ཡང་སྟེང་དུ་ཆགས་ཡོད་ཅིང་།  ཕུ་ཀན་གྱི་ཤར་ལྷོའི་མཚམས་སུ་ཧ་ལམ་སྤྱི་ལེ ༥༠ ཡིས་ཆོད་པའི་པོ་པཱ་ཧྲན་རི་བོའི་འཁྲིས་སུ་ཡོད།  རྡོ་སྐས ༧༧༧ གྱི་རྩེ་རུ་སླེབས་ཚེ་ཡུལ་སྐོར་པ་རྣམས་ཀྱིས་རང་བྱུང་མཛེས་ལྗོངས་ཀྱི་ལྟ་ན་སྡུག་པའི་ཁྱད་མཚར་ལོངས་སྤྱོད་བྱེད་ཐུབ།

ཐང་ཨུན་ཁུ་ར་རྡུ་དགོན་གྱི་ནུབ་བྱང་ཕྱོགས་ཀྱི་རྒྱང་རིང་གི་མཚམས་ནས་ཕུ་གན་དགོན་པ་མཐོང་ཐུབ་ལ།  ཤར་ཕྱོགས་སུ་ཐང་ཨན་མ་ཁུ་ཡེ་རི་རྩེ་མཐོང་ཐུབ་ཅིང་།  གནས་དེ་གའི་ཚངས་ཐིག་ལ་རྨིད ༦༦༠ དང་།  གཏིང་ཚད་ལ་རྨིད ༩༡༤ ཅན་གྱི་མེ་རི་ཆེན་པོ་ཞིག་ཀྱང་ཡོད་རེད། ཐང་ཨུན་ཁུ་ར་རྡུ་དགོན་དུ་སྤྲེའུ་རྔ་ཐུང་མང་པོ་ཡོད་པས་དགོན་པའི་མཛེས་སྡུག་སྣང་སའི་རྒྱན་ཞིག་ཏུ་གྱུར་ཡོད་པ་རེད།

དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་སྟག་ཚང་དགོན།

དཔལ་ལྡན་འབྲུག་པའི་ཡུལ་གྱི་སྟག་ཚང་དགོན་ནི་འབའ་རོམ་ཆུ་བོའི་རྒྱུད་ཀྱི་གཡང་གཟར་དུ་ཆགས་ཡོད་ཅིང་།  བྲག་རོང་དང་ཧ་ལམ་སྤྱི་ལེ༩༠༠ཡིས་ཆོད་ཡོད་པ་དང་།  དགོན་སྡེ་འདི་ནི་གཡང་གཟར་གྱི་ངོས་སུ་ཏུའུ༩༠ཡི་རྣམ་པས་ཕྱི་རུ་འགྱིང་འདུག

དགོན་འདི་ག་བྲག་རོང་གཡང་གཟར་ཁྲོད་དུ་ཆགས་ཡོད་ནའང་།  ནུབ་བྱང་་ཕྱོགས་ཀྱི་ནགས་ཚལ་དང་། ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་རི་ལམ་སོགས་ཕྱོགས་མང་པོ་ནས་དགོན་པའི་ནང་སྐྱོད་ཐུབ་ལ།  ཁལ་ལམ་ཞིག་ཀྱང་ནགས་ཚལ་བརྒྱུད་ཐད་ཀར་དགོན་པའི་ནང་བསྲིངས་ཡོད་པ་མ་ཟད། ལམ་གྱི་གཡས་གཡོན་གཉིས་སུ་དར་ལྕོག་མང་པོ་དཔྱངས་ཡོད་པ་རེད།

ལོ་རེར་ཉི་མ་མང་པོར་དགོན་པ་ནི་སྤྲིན་པའི་གསེབ་ལ་འཐིམས་ཡོད་པས།  བལྟས་མ་ཐག་ཏུ་ཤིན་ཏུ་ལྐོག་གྱུར་གྱི་སྣང་བ་ཞིག་སྟེར།

ཐུར་ཁེའི་སི་མེ་ར་དགེ་སྒྲུབ་ཁང་།

ཐུར་ཁེའི་སི་མེ་ར་དགེ་སྒྲུབ་ཁང་ནི་ཨ་ཐུ་མན་རྡུ་རའི་མཚོ་ངོས་རྨིད ༡༢༠༠ ཡིས་ཆོད་པའི་གཡང་གཟར་གྱི་ངོས་སུ་ཆགས་ཡོད་ཅིང་།དེ་ནི་ཨ་ཐུ་མུན་རྡུ་རའི་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་གྲགས་ཆེན་ཞིག་ཡིན་ལ།  སྤྱི་ལོ ༣༨༦ ལོར་རོ་མའི་གོང་མ་རྡི་ཨོ་རྡོ་ཞི་སིས་དབང་སྒྱུར་བྱེད་རིང་གསར་དུ་བཙུགས་པ་རེད།  ངག་རྒྱུན་ལྟར་ན།  ཡེ་ཤུའི་ཆོས་འཆད་མཁན་གཉིས་ཀྱིས་ཉེ་འཁོར་བྲག་ཁུང་ནས་ཤིན་ཏུ་ལྐོག་གྱུར་པའི་ལྷ་ཡུམ་གྱི་སྐུ་བརྙན་ཞིག་རྙེད་པར་གྲགས།

 དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད།  དགེ་སྒྲུབ་ཁང་འདིས་ཆགས་འཇིགས་དང་བསྐྱར་གསོའི་གོ་རིམ་བརྒྱུད་ཅིང་།  ཨ་རེ་ཁུ་ཞིག་སི་སྐུ་ཕྲེང་གསུམ་པའི་དབང་སྒྱུར་སྐབས།  སླར་དུ་བསྐྱར་གསོ་བྱས་ངོར་དེང་གི་གཞི་ཁྱོན་དང་ཕྱི་རྣམ་འདི་མངོན་ཐུབ་པར་གྱུར་པ་རེད།

འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ།  སྐད་ཅིག་རིང་སུ་མེ་ར་དགེ་སྒྲུབ་ཁང་བདག་མེད་དུ་གྱུར་ཞིང་།  སྐབས་དེར། ཀེ་རི་སེ་དང་ཐུར་ཁེའི་མི་གྲངས་བརྗེ་རེས་བྱས་ནས།  ཧ་ལམ་ཀེ་རི་སེ་དང་ཐུར་ཁེའི་མི་གྲངས ༢༠༠ ལ་ཉེ་བ་གཞན་ཡུལ་གྱི་སྡོད་གནས་དང་ཁ་གྱེས་ཏེ་ཕྱིར་རང་ཡུལ་ལུང་པར་ལོག་པ་དང་།  བདག་མེད་གྱུར་ནས་ལོ་འགའི་རྗེས་སུ།  སྒྲུབ་གནས་འདི་གའི་དགེ་སྒྲུབ་ཁང་ཁ་ཤས་ཀྱང་བསྐྱར་གསོ་བྱས་བརྒྱུད་རྟེན་མཛོད་ཁང་ཞིག་ཏུ་གྱུར་པ་རེད།  

ཧྲན་ཞིའི་ཞོན་ཁུང་དགོན་པ།

དགོན་འདི་ནི་ཧིན་ཧྲན་རི་བོའི་རི་འདབས་ཀྱི་བྲག་རོང་ཞིག་གི་ཧ་ལམ་ས་ངོས་ལ་རྨིད༧༥མཚམས་ཀྱི་བྲག་ངོས་སུ་ཆགས་ཡོད་ཅིང་།   དེ་ཡང་བྲག་ངོས་སུ་བཙུགས་པའི་ཀ་བ་དག་གིས་གདུང་འདེགས་གནང་ཡོད་པ་དང་།  དགོན་པའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ ༡༥༢.༥ དང་ཁང་བ་ཆེ་ཆུང་མི་འདྲ་བ ༤༠ ལྷག་འདུག་ལ།  བར་ཁྱམས་དང་།  ཟམ་པ།  ཤིང་ལམ་སོགས་གཞི་གཅིག་ཏུ་སྦྲེལ་ཡོད་པ་རེད།

དགོན་འདི་གར་ཟངས་སྐུ་དང་ལྕགས་སྐུ   འཇིམ་སྐུ།  རྡོ་སྐུ ༨༠ ལྷག་ཡོད་ཅིང་།  དེ་ཡང་ཆུ་ལོག་གི་གནོད་པར་དོགས་ནས་གཡང་གཟར་གྱི་ངོས་སུ་ཆགས་པ་ཡིན་ལ།  ཕྱོགས་བཞིའི་རི་བོས་རང་བྱུང་གི་ཆར་ཆུའི་གནོད་པ་སོགས་བཀག་ཡོད་པ་དང་ཆབས་ཅིག   ཉི་འོད་འཚེར་ཡུན་རིང་པའི་གནད་དོན་ཡང་ཐག་གཅོད་བྱས་ཡོད་འདུག་ཅིང་།དེ་ནི་ཡུལ་སྐོར་མཛེས་ལྗོངས་དང་ལོ་རྒྱུས་རྗེས་ཤུལ་གལ་ཆེན་གྲས་ཀྱི་གཅིག་རེད།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060