སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཞིང་ལས་འགན་བཅོལ་སྲོལ་ཡིག
སྤེལ་དུས། 2017-10-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཆོས་སྒྲོན།
          དོན་ཚན་དང་པོ།
          ཞིང་ལས་འགན་བཅོལ་བྱ་འགུལ་ཚད་ལྡན་དུ་བཏང་སྟེ། ཞིང་ལས་འགན་བཅོལ་བྱ་འགུལ་གྱི་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཉེན་འགོག་ནུས་པ་མཐོར་འདེགས་དང་། ཞིང་ལས་འགན་བཅོལ་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བཅོལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་བཅའ་ཁྲིམས》སོགས་བཅའ་ཁྲིམས་གཞིར་བཟུང་སྟེ། སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
          དོན་ཚན་གཉིས་པ།
          སྲོལ་ཡིག་འདིར་བརྗོད་པའི་ཞིང་ལས་འགན་བཅོལ་ཞེས་པ་ནི། འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གན་རྒྱ་གཞིར་བཟུང་སྟེ། འགན་བཅོལ་བྱ་ཡུལ་གྱི་མི་ལ་འདེབས་འཛུགས་ལས་རིགས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་ཁྲོད་དུ། འགན་བཅོལ་དམིགས་རྟེན་དངོས་པོར་ཁ་ཆད་བསྒོས་པའི་རང་བྱུང་གནོད་འཚེ་དང་། ངེས་མེད་གོད་ཆག ནད་ཡམས། ནད་གཞི་སོགས་ཀྱི་འགན་བཅོལ་དོན་རྐྱེན་བྱུང་སྟེ་རྒྱུ་ནོར་གྱི་གྱོང་གུན་ཐེབས་པ་དེར། འགན་བཅོལ་མ་དངུལ་གྱི་སྐྱིན་ཚབ་སྤྲོད་པའི་འགན་ཁུར་བའི་འགན་བཅོལ་བྱ་འགུལ་ལ་བསྟན་པ་ཡིན། སྲོལ་ཡིག་འདིར་བརྗོད་པའི་འགན་བཅོལ་ལས་ཁུངས་ཞེས་པ་ནི། འགན་བཅོལ་ཀུང་སི་དང་ཁྲིམས་ལྟར་བཙུགས་པའི་ཞིང་ལས་རོགས་རེས་འགན་བཅོལ་སོགས་ཀྱི་འགན་བཅོལ་རྩ་འཛུགས་ལ་བསྟན་པ་ཡིན།
          དོན་ཚན་གསུམ་པ།
          རྒྱལ་ཁབ་ཀྱིས་རྣམ་པ་མི་འདྲ་བའི་ཞིང་ལས་འགན་བཅོལ་རིགས་མང་པོར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་ཡིནཞིང་ལས་འགན་བཅོལ་ལ་སྲིད་གཞུང་གིས་ཁྲིད་སྟོན་དང་། ཚོང་རས་འཁོར་སྐྱོད་གཏོང་བ། རང་བདག་རང་མོས་ཡིན་པ། མཉམ་དུ་སྐུལ་སྤེལ་གཏོང་བའི་རྩ་དོན་ལག་ལེན་དུ་བསྟར་དགོས།
          ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཞིང་ལས་འགན་བཅོལ་གྱི་གཉེར་སྐྱོང་བྱེད་སྟངས་གཏན་ཁེལ་བྱས་ཆོགལས་ཁུངས་དང་མི་སྒེར་གང་ཡིན་རུང་སྲིད་འཛིན་དབང་ཆ་དང་གོ་གནས། ཡང་ན་ལས་རིགས་ཀྱི་སྟབས་བདེ་དང་བྱེད་ཐབས་གཞན་པར་བརྟེན་ནས། ཞིང་པའམ་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་རྣམས་ཞིང་ལས་འགན་བཅོལ་དུ་བཙན་དྲག་གིས་ཞུགས་སུ་འཇུག་མི་རུང་ལ། དེར་ཞུགས་པར་བཀག་འགོག་ཀྱང་བྱེད་མི་ཆོག
          དོན་ཚན་བཞི་པ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་ལ་ལྟ་སྐུལ་དོ་དམ་བྱེད་དགོས། རྒྱལ་སྲིད་སྤྱི་ཁབ་ཁང་གི་ནོར་སྲིད་དང་ཞིང་ལས། ནགས་ལས། འཕེལ་རྒྱས་བཅོས་སྒྱུར། དཔྱ་ཁྲལ་ལས་དོན། དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར། ཞིང་ལས་འགན་བཅོལ་ལ་སྐུལ་འདེད་དང་དོ་དམ་བྱེད་པའི་འབྲེལ་ཡོད་བྱ་བའི་འགན་ཁུར་དགོས། ནོར་སྲིད་དང་འགན་བཅོལ་ལྟ་སྐུལ་དོ་དམ། རྒྱལ་མངའ་ས་ཁམས་ཐོན་ཁུངས། ཞིང་ལས། ནགས་ལས། གནམ་གཤིས་སོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གྱི་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་འཛུགས་དགོས།
          དོན་ཚན་ལྔ་པ།
          རྫོང་རིམ་པ་ཡན་ཆད་ཀྱིས་ས་གནས་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་མངའ་ཁོངས་ཀྱི་ཞིང་ལས་འགན་བཅོལ་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་དང་རྩ་འཛུགས། མཐུན་སྦྱོར་བཅས་བྱས་ཏེ། ཞིང་ལས་འགན་བཅོལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་ཐོག་འཐུས་ཚང་དུ་གཏོང་དགོས། རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རིམ་པ་དེའི་མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་པའི་འགན་འཁྲི་ལྟར། རང་སྲིད་འཛིན་མངའ་ཁོངས་ཀྱི་ཞིང་ལས་འགན་བཅོལ་ལ་སྐུལ་འདེད་དང་དོ་དམ་བྱེད་པའི་འབྲེལ་ཡོད་བྱ་བའི་འགན་ཁུར་དགོས།
          དོན་ཚན་དྲུག་པ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་རྣམ་པ་མི་འདྲ་བ་མང་པོར་བརྟེན་ནས། ཞིང་ལས་འགན་བཅོལ་གྱི་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱི་འགན་བཅོལ་འདུ་ཤེས་ཇེ་མཐོར་གཏོང་བ་དང་། ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཧུར་ཐག་གིས་ཞིང་ལས་འགན་བཅོལ་དུ་ཞུགས་པར་རྩ་འཛུགས་དང་ཁྲིད་སྟོན་བྱེད་དགོས།
          དོན་ཚན་བདུན་པ།
          ཞིང་པའམ་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་འགན་བཅོལ་བྱས་པའི་ཞིང་ལས་འགན་བཅོལ་དམིགས་རྟེན་ནི་ནོར་སྲིད་ཀྱིས་འགན་བཅོལ་གྲོན་དངུལ་གྱི་སྐྱིན་གསབ་སྟེར་བའི་ཁྱབ་ཁོངས་སུ་གཏོགས་ཚེ། ནོར་སྲིད་སྡེ་ཁག་གིས་གཏན་འབེབས་ལྟར་འགན་བཅོལ་གྲོན་དངུལ་གྱི་སྐྱིན་གསབ་སྟེར་དགོས་པ་དང་། བྱེ་བྲག་གི་སྟེར་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་ནགས་ལས་གཙོ་གཉེར་སྡེ་ཁག་དང་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་བཅས་དང་ལྷན་དུ་གཏན་ལ་དབབ་དགོས།
          ས་གནས་མི་དམངས་སྲིད་གཞུང་གིས་ས་གནས་ནོར་སྲིད་ནས་འགན་བཅོལ་གྲོན་དངུལ་སྐྱིན་གསབ་སྟེར་བ་སོགས་ཀྱི་ཐབས་སྤྱད་དེ་ཞིང་ལས་འགན་བཅོལ་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།
          དོན་ཚན་བརྒྱད་པ།
          རྒྱལ་ཁབ་ཀྱིས་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་ལས་འགན་བཅོལ་གྱི་གོད་ཆག་ཆེན་པོའི་ཉེན་ཁ་གཏོར་འགྲེམས་རྐྱེན་སྲོལ་འཛུགས་པ་དང་། བྱེ་བྲག་གི་སྒྲུབ་སྟངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་སྡེ་ཁག་དང་ལྷན་དུ་གཏན་ལ་དབབ་དགོས།
ས་གནས་མི་དམངས་སྲིད་གཞུང་གིས་ས་གནས་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་ལས་འགན་བཅོལ་གྱི་གོད་ཆག་ཆེན་པོའི་ཉེན་ཁ་གཏོར་འགྲེམས་རྐྱེན་སྲོལ་འཛུགས་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།
          དོན་ཚན་དགུ་པ།
          འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་གཉེར་ན་ཁྲིམས་ལྟར་དདཔྱ་ཁྲལ་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག    འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་གཞི་རིམ་ཞབས་ཕྱི་མ་ལག་འཛུགས་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པ་ཡིན།དངུལ་རྩ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ཞུ་བའི་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ལ་ཡིད་རྟོན་དངུལ་བུན་ཕྱོགས་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།ལེའུ་གཉིས་པ།ཞིང་ལས་འགན་བཅོལ་གན་རྒྱ།
          དོན་ཚན་བཅུ་བ།
          ཞིང་ལས་འགན་བཅོལ་ནི་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་རང་སྟེང་ནས་འགན་ཞུ་བྱེད་ཆོག་ལ། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཞིང་པ་རྩ་འཛུགས་བྱས་ནས་འགན་ཞུ་བྱས་ཀྱང་ཆོག     ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཞིང་པ་རྩ་འཛུགས་བྱས་ནས་འགན་བཅོལ་ཞུས་པ་ཡིན་ན། འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གན་རྒྱ་འབྲི་བའི་སྐབས་སུ། འགན་བཅོལ་ཞུ་ཐོ་གཏན་ལ་ཕབ་སྟེ། འགན་བཅོལ་བྱ་ཡུལ་གྱི་མིའི་འགན་བཅོལ་ཞུ་བའི་ཆ་འཕྲིན་ཞིབ་ཅིང་གསལ་བོར་འགོད་དགོས་པ་མ་ཟད། འགན་བཅོལ་བྱ་ཡུལ་གྱི་མིས་མིང་རྟགས་བཀོད་ནས་ངོས་ལེན་བྱེད་དགོས། འགན་བཅོལ་ལས་ཁུངས་ཀྱིས་འགན་བཅོལ་བྱ་རྒྱུ་ཁས་བླངས་པའི་གནས་ཚུལ་སྤྱི་སྒྲོག་བྱེད་དགོས།
          དོན་ཚན་བཅུ་གཅིག་པ།
          ཞིང་ལས་འགན་བཅོལ་གན་རྒྱའི་གོ་ཆོད་དུས་ཡུན་ནང་དུ། གན་རྒྱའི་དོ་བདག་གིས་འགན་བཅོལ་དམིགས་རྟེན་གྱི་ཉེན་ཁའི་ཚད་ཐིག་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་འགན་བཅོལ་གྲོན་དངུལ་ཁ་སྣོན་ནམ་ཡང་ན་ཞིང་ལས་འགན་བཅོལ་གན་རྒྱ་ཕྱིར་འཐེན་བྱེད་མི་ཆོག
          དོན་ཚན་བཅུ་གཉིས་པ། 
          འགན་བཅོལ་ལས་ཁུངས་ལ་འགན་བཅོལ་དོན་རྐྱེན་བྱུང་བའི་བརྡ་སྦྱོར་འབྱོར་ཚེ། དུས་ཐོག་ཏུ་གནས་ཡུལ་དངོས་སུ་སོང་ནས་བརྟག་བཤེར་བྱེད་དགོས་བྱེད་པ་དང་། འགན་བཅོལ་བྱ་ཡུལ་གྱི་མི་དང་མཉམ་དུ་འགན་བཅོལ་དམིགས་རྟེན་ལ་གྱོང་གུན་ཐེབས་པའི་གནས་ཚུལ་ཞིབ་བཤེར་གཏན་ཁེལ་བྱེད་དགོས། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཞིང་པ་རྩ་འཛུགས་བྱས་ཏེ་འགན་བཅོལ་ཞུས་པ་ཡིན་ན། འགན་བཅོལ་ལས་ཁུངས་ཀྱིས་ཞིབ་བཤེར་དང་གྱོང་གུན་གཏན་ཁེལ་བྱས་པའི་མཐའ་འབྲས་སྤྱི་སྒྲོག་བྱེད་དགོས།
          འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གན་རྒྱའི་ཁ་ཆད་ལྟར། དཔེ་འདེམས་ཐབས་སམ་བྱེད་ཐབས་གཞན་པར་བརྟེན་ནས་འགན་བཅོལ་དམིགས་རྟེན་ལ་གྱོང་གུན་ཐེབས་ཚད་ཞིབ་བཤེར་གཏན་ཁེལ་བྱས་ཆོག དཔེ་འདེམས་ཐབས་ཀྱིས་གྱོང་གུན་ཐེབས་ཚད་ཞིབ་བཤེར་གཏན་ཁེལ་བྱེད་ན། འབྲེལ་ཡོད་སྡེ་ཁག་གིས་གཏན་ལ་ཕབ་པའི་དཔེ་འདེམས་ལག་རྩལ་ཚད་གཞི་དང་མཐུན་དགོས།
          དོན་ཚན་བཅུ་གསུམ་པ།
          བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་དུ་གྱོང་གུན་ཐེབས་པའི་ཞིང་ལས་འགན་བཅོལ་དམིགས་རྟེན་ཐག་ཇི་ལྟར་གཅོད་པར་གཏན་འབེབས་བྱས་ཡོད་ན། གྱོང་སྐྱིན་འོས་འཇལ་བྱེད་སྐབས་གྱོང་གུན་ཐེབས་པའི་འགན་བཅོལ་དམིགས་རྟེན་ཁྲིམས་ལྟར་ཐག་བཅད་པའི་དཔང་རྟགས་སམ་ཡང་ན་བདེན་དཔང་རྒྱུ་ཆ་ལེན་དགོས།
          ཞིང་ལས་འགན་བཅོལ་གན་རྒྱ་རུ་ཟུར་དུ་ཁ་ཆད་བསྒོས་ཡོད་ན་མ་གཏོགས། འགན་བཅོལ་ལས་ཁུངས་ཀྱིས་གྱོང་གུན་ཐེབས་པའི་འགན་བཅོལ་དམིགས་རྟེན་གྱི་ལྷག་ལུས་རིན་ཐང་གི་ཁེ་དབང་རང་གི་འདོད་བློ་ལྟར་བསྒྱུར་མི་ཆོག
          དོན་ཚན་བཅུ་བཞི་པ།
          འགན་བཅོལ་ལས་ཁུངས་ཀྱིས་འགན་བཅོལ་བྱ་ཡུལ་གྱི་མི་དང་སྐྱིན་འཇལ་གྲོས་ཆིངས་བཞག་རྗེས་ཀྱི་ཉིན10ཡི་ནང་དུ། སྐྱིན་ཚབ་འཇལ་དགོས་པའི་འགན་བཅོལ་མ་དངུལ་དེ་འགན་བཅོལ་བྱ་ཡུལ་གྱི་མི་ལ་སྤྲོད་དགོས། ཞིང་ལས་འགན་བཅོལ་གན་རྒྱའི་ནང་དུ་འགན་བཅོལ་མ་དངུལ་སྐྱིན་འཇལ་བྱེད་པའི་དུས་ཡུན་ལ་ཁ་ཆད་བསྒོས་ཡོད་ན། འགན་བཅོལ་ལས་ཁུངས་ཀྱིས་ཁ་ཆད་ལྟར་འགན་བཅོལ་མ་དངུལ་སྐྱིན་འཇལ་བྱེད་པའི་འོས་འགན་བསྒྲུབ་དགོས།
          དོན་ཚན་བཅོ་ལྔ་པ།
          འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གན་རྒྱའི་ཁ་ཆད་ལྟར། ཞིབ་བཤེར་གཏན་ཁེལ་བྱས་པའི་འགན་བཅོལ་དམིགས་རྟེན་གྱི་གྱོང་གུན་ཐེབས་ཚད་གཞིར་བཟུང་སྟེ་སྐྱིན་ཚབ་འཇལ་འོས་པའི་འགན་བཅོལ་མ་དངུལ་གྲངས་ཚད་ལོངས་པར་སྤྲོད་དགོས།
          སྡེ་ཚན་དང་མི་སྒེར་གང་ཡིན་རུང་འགན་བཅོལ་ལས་ཁུངས་ཀྱིས་འགན་བཅོལ་མ་དངུལ་སྐྱིན་འཇལ་བྱེད་པའི་འོས་འགན་སྒྲུབ་པར་ཁྲིམས་མེད་ཐེ་གཏོགས་བྱེད་མི་ཆོག་ལ། འགན་བཅོལ་བྱ་ཡུལ་གྱི་མིའི་འགན་བཅོལ་མ་དངུལ་ལེན་པའི་ཁེ་དབང་ལ་ཚོད་འཛིན་བྱེད་མི་ཆོག
          ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཞིང་པ་རྩ་འཛུགས་བྱས་ཏེ་འགན་བཅོལ་ཞུས་པ་ཡིན་ན། གྱོང་སྐྱིན་འོས་འཇལ་བྱེད་པའི་གསལ་ཐོའི་ཐོག་ཏུ་འགན་བཅོལ་བྱ་ཡུལ་གྱི་མིས་མིང་རྟགས་བཀོད་དེ་ངོས་ལེན་བྱེད་དགོས་ཤིང་། འགན་བཅོལ་ལས་ཁུངས་ཀྱིས་གྱོང་སྐྱིན་འོས་འཇལ་བྱས་པའི་གནས་ཚུལ་སྤྱི་སྒྲོག་བྱེད་དགོས།
          དོན་ཚན་བཅུ་དྲུག་པ།
          སྲོལ་ཡིག་འདིའི་ནང་དུ་ཞིང་ལས་འགན་བཅོལ་གན་རྒྱར་གཏན་འབེབས་བྱས་མེད་པ་ཡོད་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བཅོལ་བཅའ་ཁྲིམས》ནང་གི་འགན་བཅོལ་གན་རྒྱའི་འབྲེལ་ཡོད་གཏན་འབེབས་ལ་ཟུར་ལྟ་བྱས་ནས་ལག་བསྟར་བྱེད་དགོས། །
          དོན་ཚན་བཅུ་བདུན་པ།
          འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་གཉེར་སྐྱོང་བྱེད་ན། གཤམ་གསལ་ཆ་རྐྱེན་འཛོམས་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆོག་མཆན་གནང་དགོས་ཏེ།འཐུས་སྒོ་ཚང་བའི་གཞི་རིམ་ཞབས་ཕྱི་དྲ་རྒྱ་ཡོད་དགོས། ཆེད་དམིགས་ཀྱི་ཞིང་ལས་འགན་བཅོལ་གཉེར་སྐྱོང་སྡེ་ཁག་ཡོད་དགོས་པ་མ་ཟད། དེ་དང་མཐུན་པའི་ཆེད་ལས་མི་སྣའང་འཛོམས་དགོས། འཐུས་སྒོ་ཚང་བའི་ཞིང་ལས་འགན་བཅོལ་གྱི་ནང་ཁུལ་ཚོད་འཛིན་ལམ་ལུགས་ཡོད་དགོས། བརྟན་བརླིང་གི་ཞིང་ལས་ཡང་བསྐྱར་འགན་བཅོལ་དང་གོད་ཆག་ཆེན་པོའི་ཉེན་ཁ་བཀོད་སྒྲིག་དང་ཉེན་ཁར་གདོང་གཏོད་ཀྱི་སྔོན་ཇུས་ཡོད་དགོས། སྐྱིན་འཇལ་ནུས་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབས་དང་འཚམ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་དག ཁྲིམས་ལྟར་ཆོག་མཆན་མ་བཀོད་ཚེ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཞིང་ལས་འགན་བཅོལ་ལས་སྒོ་གཉེར་སྐྱོང་བྱེད་མི་ཆོག
          དོན་ཚན་བཅོ་བརྒྱད་པ།
          འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་གཉེར་སྐྱོང་བྱེད་ན། རང་བདག་གཉེར་སྐྱོང་དང་ཁེ་གྱོང་རང་ཁུར་བྱེད་དགོས།   འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་གཉེར་སྐྱོང་བྱེད་ན། འགན་བཅོལ་ལས་སྒོ་གཞན་དག་དང་ཁ་དབྱེ་ནས་དོ་དམ་བྱེད་དགོས་པ་དང་། ལོགས་སུ་ཁེ་གྱོང་ཞིབ་རྩིས་རྒྱག་དགོས།
          དོན་ཚན་བཅུ་དགུ་པ།
          འགན་བཅོལ་ལས་ཁུངས་ཀྱིས་དྲང་གཞག་དང་ལུགས་མཐུན་སྒོས་ཞིང་ལས་འགན་བཅོལ་དོན་ཚན་དང་འགན་བཅོལ་དངུལ་ཕྱོད་འགོད་དགོས། ནོར་སྲིད་ཀྱིས་འགན་བཅོལ་གྲོན་དངུལ་གྱི་སྐྱིན་གསབ་སྟེར་བའི་འགན་བཅོལ་རིགས་ཀྱི་འགན་བཅོལ་དོན་ཚན་དང་འགན་བཅོལ་དངུལ་ཕྱོད་ནི། འགན་བཅོལ་ལས་ཁུངས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་དང་། ཞིང་ལས། ནགས་ལས་སྡེ་ཁག་དང་ཞིང་པའི་འཐུས་ཚབ་བཅས་ཀྱི་བསམ་འཆར་ལ་ཉན་ལེན་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཏུ་འགོད་དགོས། ཞིང་ལས་འགན་བཅོལ་དོན་ཚན་དང་འགན་བཅོལ་དངུལ་འབོར་དེ་ཁྲིམས་ལྟར་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཞུས་ནས་ཞིབ་བཤེར་མཆན་འགོད་བྱེད་པ་དང་ཡང་ན་སྙན་སེང་ཐོ་འགོད་བྱེད་དགོས།
          དོན་ཚན་ཉི་ཤུ་པ།
          འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་བྱེད་སྒོ་བདག་གཉེར་བྱེད་པའི་གྲ་སྒྲིག་མ་དངུལ་དཔྱད་དཔོག་དང་འཇལ་སྤྲོད་ནུས་པའི་སྐོར་གྱི་སྙན་ཞུ་བཟོ་འགོད་བྱེད་བྱས་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབ་དང་མཐུན་དགོས། ཞིང་ལས་འགན་བཅོལ་བྱེད་སྒོའི་ནོར་དོན་དོ་དམ་དང་རྩིས་གཉེར་ཞིབ་རྩིས་ཐད་ལ་དམིགས་བསལ་གྱི་རྩ་དོན་དང་བྱེད་ཐབས་སྤྱོད་དགོས་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་གིས་བྱེ་བྲག་གི་བྱེད་ཐབས་གཏན་འབེབ་བྱེད་དགོས།
          དོན་ཚན་ཉེར་གཅིག་པ།
          འགན་བཅོལ་ལས་ཁུངས་ཀྱིས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་སོགས་ལས་ཁུངས་ལ་མངག་བཅོལ་བྱས་ནས་ཞིང་ལས་འགན་བཅོལ་བྱེད་སྒོ་སྒྲུབ་རོགས་བྱེད་དུ་བཅུག་ཆོག འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་བྱེད་སྒོ་སྒྲུབ་རོགས་བྱེད་པར་མངག་བཅོལ་བྱ་ཡུལ་ལས་ཁུངས་བར་དུ་ཡིག་ཐོག་གི་གན་རྒྱ་བཞག་སྟེ། ཕྱོགས་གཉིས་ཀྱི་ཁེ་དབང་འོས་འགན་གསལ་བོ་བྱེད་པ་དང་། འགྲོ་གྲོན་གཏོང་སྤྲོད་ཀྱི་ཁ་ཆད་འཇོག་པ་མ་ཟད། ཞིང་ལས་འགན་བཅོལ་བྱེད་སྒོ་སྒྲུབ་རོགས་བྱེད་པའི་ལས་ཁུངས་ལ་བྱེད་སྒོའི་ཐོག་ནས་མཛུབ་ཁྲིད་བྱེད་དགོས།
          དོན་ཚན་ཉེར་གཉིས་པ།
          འགན་བཅོལ་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབ་ལྟར་ཞིང་ལས་འགན་བཅོལ་གྱི་བརྟག་དཔྱད་ཚད་ལེན་བྱས་ནས་གྱོང་རྒུད་གཏན་ཁེལ་བྱས་པའི་གདོན་མའི་དཔྱད་གཞིའི་ཡིག་རིགས་ཉར་ཚགས་ལེགས་པོ་བྱེད་དགོས། ལས་ཁུངས་དང་མི་སྒེར་གང་ཡིན་རུང་བརྟག་དཔྱད་ཚད་ལེན་བྱས་ནས་གྱོང་རྒུད་གཏན་འབེབ་བྱས་པའི་གདོན་མའི་དཔྱད་གཞིའི་ཡིག་རིགས་སུབ་བཅོས་དང་རྫུན་བཟོ། སྦས་གསང་བཅས་བྱེད་པ་དང་ཡང་ན་གཏན་འབེབ་དང་འགལ་ཏེ་མེད་པར་བཟོ་མི་ཆོག
          དོན་ཚན་ཉེར་གསུམ་པ། 
          འགན་བཅོལ་གྲོན་དངུལ་གྱི་སྐྱིན་གསབ་ལེན་པ་དང་བེད་སྤྱོད་སྐབས། སྲོལ་ཡིག་འདིའི་དོན་ཚན་བདུན་པ་ལྟར་གཏན་ཁེལ་བྱས་པའི་བྱེ་བྲག་བྱེད་ཐབས་ཀྱི་གཏན་འབེབ་བརྩི་སྲུང་བྱེད་དགོས།
          གཤམ་གྱི་བྱེད་སྟངས་དང་ཡང་ན་བྱེད་སྟངས་གཞན་པ་གང་རུང་སྤྱད་དེ་ཞིང་ལས་འགན་བཅོལ་ཀྱི་གྲོན་དངུལ་སྐྱིན་གསབ་གཡོ་ལེན་བྱེད་མི་ཆོག 
          (གཅིག) འགན་བཅོལ་དམིགས་རྟེན་རྫུན་བཟོ་དང་རྫུན་སྣོན་དང་ཡང་ན་འགན་བཅོལ་དམིགས་རྟེན་གཅིག་ལ་འགན་བཅོལ་ཞུ་ཐེངས་མང་པོ་བྱེད་པ། 
          (གཉིས) གུན་གསབ་རྫུན་བཟོ་དང་གྲོན་དངུལ་རྫུན་སྒྲིག འགན་བཅོལ་ཕྱིར་འཐེན་ཁུལ་བྱེད་པ་དང་ཡང་ན་འགན་བཅོལ་མ་དངུལ་བཀག་ཉར་དང་གཞན་སྤྱོད། བདག་གཉེར་གྲོན་དངུལ་གཞན་སྤྱོད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་འགན་བཅོལ་ཞུ་བའི་མིས་འཇལ་དགོས་པའི་འགན་བཅོལ་གྲོན་དངུལ་དང་ཡང་ན་ནོར་སྲིད་ཀྱིས་བྱིན་པའི་འགན་བཅོལ་གྲོན་དངུལ་མེད་པར་གཏོང་བ་བཅས་སོ།
          དོན་ཚན་ཉེར་བཞི་པ།
          ལས་ཁུངས་དང་མི་སྒེར་གང་ཡིན་རུང་འགན་བཅོལ་ལས་ཁུངས་ཀྱིས་འགན་བཅོལ་བྱ་ཡུལ་གྱི་འགན་བཅོལ་མ་དངུལ་གཞན་སྤྱོད་དང་བཀག་ཉར། བཙན་བཟུང་བྱེད་མི་ཆོག
          དོན་ཚན་ཉེར་ལྔ་པ།
          སྲོལ་ཡིག་འདིའི་ནང་དུ་ཞིང་ལས་འགན་བཅོལ་གྱི་བདག་གཉེར་བྱེད་ལུགས་གཏན་འབེབ་བྱས་མེད་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བཅོལ་བཅའ་ཁྲིམས》ནང་དུ་འགན་བཅོལ་བདག་གཉེར་དང་ལྟ་སྐུལ་དོ་དམ་ཐད་ཀྱི་འབྲེལ་ཡོད་གཏན་འབེབ་ལྟར་ལག་བསྟར་བྱེད་དགོས།
          ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
          དོན་ཚན་ཉེར་དྲུག་པ།
          འགན་བཅོལ་ལས་ཁུངས་ཀྱིས་ཆོག་མཆན་མ་ཐོབ་པར་ཞིང་ལས་ཀྱི་འགན་བཅོལ་བྱེད་སྒོ་གཉེར་ན། འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་འགན་དཀྲི་པ་དང་ཆབས་ཅིག་ཏུ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བྱེད་པ་མ་ཟད། ཁྲིམས་འགལ་ཐོབ་ཆའི་ལྡབ1ཡན་ཆད་དང་ལྡབ5མན་ཆད་ཀྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་པ་དང་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ལོན་མེད་ན། སྒོར་ཁྲི10ཡན་ཆད་དང་སྒོར་ཁྲི50མན་ཆད་ཀྱི་དངུལ་ཆད་གཅོད་དགོས། དུས་ཚོད་དང་བརྒལ་ནས་ཡོ་བསྲང་མི་བྱེད་པ་དང་ཡང་ན་མཐའ་འབྲས་ཚབས་ཆེན་བཟོས་ཚེ། ལས་མཚམས་བཞག་ནས་དག་ཐེར་བྱེད་པ་དང་ཡང་ན་འགན་བཅོལ་བྱེད་སྒོ་གཉེར་འཐུས་དཔང་ཡིག་ཕྱིར་ལེན་དགོས།
          འགན་བཅོལ་ལས་ཁུངས་ལས་གཞན་པའི་རྩ་འཛུགས་དང་ཡང་ན་མི་སྒེར་གྱིས་ཁྲིམས་དང་མི་མཐུན་པར་ཞིང་ལས་འགན་བཅོལ་བྱེད་སྒོ་བདག་གཉེར་བྱེད་ན། འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མེད་པར་བཟོ་བ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བྱེད་པ་མ་ཟད། ཁྲིམས་འགལ་ཐོབ་ཆའི་ལྡབ1ཡན་ཆད་དང་ལྡབ5མན་ཆད་ཀྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་པ་དང་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི20ལོན་མེད་ན། སྒོར་ཁྲི20ཡན་ཆད་དང་སྒོར་ཁྲི100མན་ཆད་ཀྱི་དངུལ་ཆད་གཅོད་དགོས།
          དོན་ཚན་ཉེར་བདུན་པ།
          འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་ཀྱི་འགན་བཅོལ་བྱེད་སྒོ་གཉེར་སྐབས། གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་འགན་དཀྲི་པ་དང་ཆབས་ཅིག་ཏུ། སྒོར་ཁྲི10ཡན་ཆད་དང་སྒོར་ཁྲི50མན་ཆད་ཀྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། དེའི་བྱེད་སྒོ་སྒྲུབ་ཁོངས་ལ་ཚོད་འཛིན་བྱེད་ཆོག་པ་དང་། བྱེད་སྒོ་གསར་པ་དང་ལེན་བྱེད་མཚམས་འཇོག་པ་དང་ཡང་ན་ཞིང་ལས་ཀྱི་འགན་བཅོལ་བྱེད་སྒོ་གཉེར་བའི་ཐོབ་ཐང་མེད་པར་བཟོ་བའི་འགན་དཀྲི་དགོས་པ་སྟེ། (གཅིག) སྙན་ཞུ་དང་། སྙན་ཐོའི་རེའུ་མིག ཡིག་ཆ། དཔྱད་གཞིའི་ཡིག་རིགས་བཅས་རྫུན་མ་སྒྲིག་བཟོ་འམ་འདོན་སྤྲོད་བྱས་པ། (གཉིས) ཁྲིམས་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཁས་མི་ལེན་པ་དང་ཡང་ན་འགལ་རྐྱེན་བཟོས་པ། (གསུམ) ཆོག་མཆན་ཐོབ་པ་དང་ཡང་ན་སྙན་སེང་ཐོ་འགོད་བྱས་པའི་འགན་བཅོལ་གྱི་དོན་ཚན་དང་འགན་བཅོལ་དངུལ་འབོར་གཏན་འབེབ་ལྟར་བཀོལ་སྤྱོད་མ་བྱས་པ་བཅས་སོ།
          དོན་ཚན་ཉེར་བརྒྱད་པ།
          འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་ཀྱི་འགན་བཅོལ་བྱེད་སྒོ་གཉེར་སྐབས། སྲོལ་ཡིག་འདིའི་གཏན་འབེབ་དང་འགལ་ཏེ་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་འགན་དཀྲི་པ་དང་ཆབས་ཅིག་ཏུ། སྒོར་ཁྲི5ཡན་ཆད་དང་སྒོར་ཁྲི30མན་ཆད་ཀྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། དེའི་བྱེད་སྒོ་སྒྲུབ་ཁོངས་ལ་ཚོད་འཛིན་བྱེད་ཆོག་པ་དང་། བྱེད་སྒོ་གསར་པ་དང་ལེན་བྱེད་མཚམས་འཇོག་པ་དང་ཡང་ན་ཞིང་ལས་ཀྱི་འགན་བཅོལ་བྱེད་སྒོ་གཉེར་བའི་ཐོབ་ཐང་མེད་པར་བཟོ་བའི་འགན་དཀྲི་དགོས་པ་སྟེ 
          (གཅིག) གཏན་འབེབ་ལྟར་ཞིང་ལས་ཀྱི་འགན་བཅོལ་བྱེད་སྒོ་དེ་དང་འགན་བཅོལ་བྱེད་སྒོ་གཞན་པ་ཐ་དད་དུ་དོ་དམ་བྱེད་པ་དང་། གྱོང་རྒུད་དང་ཕན་ཐོབ་གཉིས་ལོགས་སུ་ཞིབ་རྩིས་བརྒྱབ་མེད་པ། 
          (གཉིས) ཞིང་ལས་ཀྱི་འགན་བཅོལ་བྱེད་སྒོ་འཕེལ་རྒྱས་གཏོང་བའི་བབ་དང་བསྟུན་ཏེ་ལས་ཁུངས་གཞན་པ་དང་ཡང་ན་མི་སྒེར་ལ་ཚུལ་མིན་གྱི་ཕན་ཁེ་རེག་ཐབས་བྱས་པ། 
          (གསུམ) གཏན་འབེབ་ལྟར་ཞིང་ལས་ཀྱི་འགན་བཅོལ་དོན་ཚན་དང་འགན་བཅོལ་དངུལ་འབོར་ལ་ཆོག་མཆན་འགོད་པར་རེ་ཞུ་བྱས་མེད་པ་བཅས་སོ།འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་ཀྱི་འགན་བཅོལ་བྱེད་སྒོ་གཉེར་སྐབས། གཏན་འབེབ་ལྟར་ཞིང་ལས་ཀྱི་འགན་བཅོལ་དོན་ཚན་དང་འགན་བཅོལ་དངུལ་འབོར་ཐོ་འགོད་སྙན་སེང་བཞུ་མེད་ན། འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་འགན་དཀྲི་དགོས། དུས་ཚོད་བརྒལ་ནས་ཡོ་བསྲང་མ་བྱས་ན། སྒོར་ཁྲི1ཡན་ཆད་དང་སྒོར་ཁྲི10མན་ཆད་ཀྱི་དངུལ་ཆད་གཅོད་དགོས།
          དོན་ཚན་ཉེར་དགུ་པ།
          འགན་བཅོལ་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབ་དང་འགལ་ན། འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབ་ལྟར་དངུལ་ཆད་གཅོད་པ་ལས་གཞན། ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་ཁུར་པ་གཞན་པར་ཐ་ཚིག་སྒྲོག་པ་དང་ཆབས་ཅིག་ཏུ། སྒོར་ཁྲི1ཡན་ཆད་དང་སྒོར་ཁྲི10མན་ཆད་ཀྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། འགན་ཁུར་ཐོབ་ཐང་ཡོད་མཁན་དང་ཡང་ན་ལས་སྒྲུབ་ཐོབ་ཐང་ཡོད་པའི་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་དགོས།
          དོན་ཚན་སུམ་ཅུ་པ།
          སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་གཏན་འབེབ་དང་འགལ་ཏེ། འགན་བཅོལ་གྲོན་དངུལ་ཁ་གསབ་གཡོ་ལེན་བྱས་ན། ནོར་སྲིད་སྡེ་ཁག་གིས《ནོར་སྲིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཉེས་ཆད་གཅོད་པའི་སྐོར་གྱི་སྲོལ་ཡིག》ནང་གི་འབྲེལ་ཡོད་གཏན་འབེབ་ལྟར་ཐག་གཅོད་བྱེད་དགོས། ནག་ཉེས་སུ་གྱུར་ན། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།སྲོལ་ཡིག་འདིའི་དོན་ཚན་ཉེར་བཞི་པའི་གཏན་འབེབ་དང་འགལ་ཏེ། འགན་བཅོལ་མ་དངུལ་གཞན་སྤྱོད་དང་བཀག་ཉར། བཙན་བཟུང་བཅས་བྱས་ན། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། ནག་ཉེས་སུ་གྱུར་ན། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།
          དོན་ཚན་སོ་གཅིག་པ།
          འགན་བཅོལ་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་ནང་གཏན་འབེབ་བྱས་པའི་བཅའ་ཁྲིམས་འགན་འཁྲི་དང་འགལ་བའི་བྱ་སྤྱོད་དེ་རིགས། སྲོལ་ཡིག་འདིའི་ནང་དུ་གཏན་འབེབ་བྱས་མེད་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བཅོལ་བཅའ་ཁྲིམས》ནང་གི་འབྲེལ་ཡོད་གཏན་འབེབ་ལྟར་ལག་བསྟར་བྱེད་དགོས།
          ལེའུ་ལྔ་པ།ཞར་བྱུང་དོན་ཚན།
          དོན་ཚན་སོ་གཉིས་པ།
          འགན་བཅོལ་ལས་ཁུངས་ཀྱིས་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་ལས་དང་འབྲེལ་བའི་འགན་བཅོལ་དེ། སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབ་ལ་ཟུར་ལྟ་བྱས་ནས་ལག་བསྟར་བྱེད་དགོས།ཞིང་ལས་དང་འབྲེལ་བའི་འགན་བཅོལ་ནི་ཞིང་ལས་ཀྱི་འགན་བཅོལ་ལས་གཞན། ཞིང་ལས་ཐོན་སྐྱེད་ཁྲོད་ཞིང་པར་འགན་བཅོལ་འགན་སྲུང་འདོན་སྤྲོད་བྱེད་པའི་འགན་བཅོལ་ལ་བསྟན་པ་ཡིན། དེའི་ནང་དུ་ཞིང་པའི་ཁང་པ་དང་ཞིང་ལས་འཕྲུལ་ཆས་ཡོ་བྱད། ཉ་གྲུ་སོགས་ཀྱི་རྒྱུ་ནོར་འགན་བཅོལ་དང་། ཞིང་པའི་ཚེ་སྲོག་དང་ལུས་ཁམས་སོགས་ཕྱོགས་དང་འབྲེལ་བའི་དུས་ཐུང་ནང་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་བཅས་འདུས་ཡོད།
          དོན་ཚན་སོ་གསུམ་པ། སྲོལ་ཡིག་འདི2013ལོའི་ཟླ3པའི་ཚེས1ནས་བཟུང་ལག་ལེན་བསྟར། །
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716