སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྣམ་རྒྱལ་ནོར་བུ་དགྲ་འདུལ་རྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་ན་གཞོན་འཇོན་མི་གསོ་སྐྱོང་འཆར་གཞིར་བདམས།
སྤེལ་དུས། 2014-09-18   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།  བཀྲ་འདུལ་གྱིས་བསྒྱུར།

 

   མིག་སྔར། ༢༠༡༤ལོའི་རྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་འཇོན་མིའི་ལས་གཞིའི་དཔྱད་འདེམས་མིང་ཐོ་སྤྱི་བསྒྲགས་བྱས། ཆེད་མཁས་པས་དཔྱད་ཞིབ་དང་རྒྱལ་ཁབ་མི་རིགས་ཨུ་ལྷན་གྱིས་ཆོག་མཆན་གནང་བ་བརྒྱུད། བོད་ཀྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་རྣམ་རྒྱལ་ནོར་བུ་ནི་རྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་འཇོན་མི་གསོ་སྐྱོང་འཆར་གཞིའི་ཁྲོ་བདམས་པ་རེད།  

   རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་ན་གཞོན་འཇོན་མི་གསོ་སྐྱོང་འཆར་གཞིའི་རྣམ་གྲངས་ནིརྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་དུས་ཡུན་རིང་བོའི་འཇོན་མི་འཕེལ་རྒྱས་འཆར་གཞིས༢༠༡༡༢༠༢༠ ལོ)》ལག་བསྟར་གཙོ་བོ་བྱས་པའི་འཇོན་མིའི་ལས་གཞི་ཡིན་ལ། དེ་ནི་རྒྱལ་ཁབ་མི་རིགས་ཨུ་ལྷན་གྱིས་བཙུགས་ཤིང་སློབ་གྲྭ་ཡིས་འགྲོ་སོང་རྒྱབ་སྐྱོར་བྱས་པའི་རྣམ་གྲངས་ཞིག་ཡིན། དེའི་དམིགས་ཡུལ་ནི་མི་རིགས་ལས་དོན་གྱི་འཕེལ་ཕྱོགས་དང་འོས་འགན་གསར་བར་འབྲེལ་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་རིག་ཚན་དར་རྒྱས་གཏོང་བ་དང་། ཧུར་ཐག་གིས་ཆུ་ཚད་མཐོ་བའི་རིག་ཚན་འཇོན་མི་དང་རུ་ཁག་གསོ་སྐྱོང་བྱེད་པ། ཕུལ་བྱུང་ན་གཞོན་རྗེས་འབྲང་འཇོན་མིའི་རུ་ཁག་སྟོབས་ལྡན་དུ་བསྒྱུར་བ་བཅས་ཀྱི་ཆེད་ཡིན་པ་རེད། ན་གཞོན་འཇོན་མི་གསོ་སྐྱོང་འཆར་གཞིའིདམིགས་ཡུལ་གཙོ་བོ་ནི༢༠༢༠ལོའི་བར་དུ། རིག་ཚན་ཁྱབ་ཁོངས་སོ་སོའི་སྦྱང་འབྲས་འབུར་ཐོན་དང་རྐང་འཛིན་གྱི་ནུས་པ་ཐོན་པ། འཕེལ་རྒྱས་ནུས་ཤུགས་ལྡན་པའི་ན་གཞོན་འཇོན་མི༢༠༠ཡས་མས་གསོ་སྐྱོང་བྱེད་པ་མ་ཟད། གདོང་ལེན་རུ་ཁག་གཉིས་པ་ཡིན་པའི་ཆ་ནས་དམིགས་སུ་བཟུང་ནས་གསོ་སྐྱོང་བྱེད་པ་བཅས་ཀྱི་ཆེད་ཡིན་པ་རེད།  

རྣམ་རྒྱལ་ནོར་བུ་དགྲ་འདུལ་ངོ་སྤྲོད་མདོར་བསྡུས།  

   རྣམ་རྒྱལ་ནོར་བུ་དགྲ་འདུལ་ངོ་སྤྲོད་མདོར་བསྡུས། ཕོ། བོད་རིགས། ༡༩༧༨ལོ་སྐྱེས། མཚོ་སྔོན་ཐུན་ཏེའི་མི་ཡིན། ༢༠༠༢ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་ཞིང་། བོད་ཀྱི་སྐད་བརྡ་དང་རྩོམ་རིག་གི་སློབ་རམས་པའི་སློབ་གནས་བླངས། ༢༠༠༤ལོར་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ། ཁྲིམས་ལུགས་རིག་པའི་སློབ་རིམས་པའི་སློབ་གནས་བླངས། ༢༠༡༠ ལོའི་ཟླ༩བ་ནས་བཟུང་། ཀྲུང་གོའི་ཁྲིམས་སྲོལ་ལོ་རྒྱུས་སྐོར་གྱི་སློབ་དཔོན་ཆེན་མོ་བློ་མཐུན་ཀྲང་ཅིན་ཧྥན་གྱི་མདུན་ནས་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས་བླངས་ཏེ། ཀྲུང་གོའི་ཁྲིམས་སྲོལ་ལོ་རྒྱུས་དང་ཉེས་དོན་གཏུག་བཤེར་སྐོར་གྱི་བཅའ་ཁྲིམས་རིག་པ། བོད་ཀྱི་སྲོལ་རྒྱུན་ཁྲིམས་ལུགས། མི་རིགས་བཅའ་ཁྲིམས་རིག་པ། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་འཛིན་འཛུགས་སྐྱོང་གནས་ཚུལ་སོགས་ཀྱི་ཁྱབ་ཁོངས་སུ་ཞིབ་འཇུག་བྱས། ཉེ་བའི་ལོ་འགའི་རིང་དུ། སྲིད་ཁྲིམས་གླེང་སྟེགསདང་དེང་རབས་བཅའ་ཁྲིམས་རིག་པ》《མཚོ་སྔོན་སྤྱི་ཚོགས་ཚན་རིག》《ཀྲུང་དབྱང་ལྷོ་རྒྱུད་མི་རིགས་སློབ་ཆེན་གྱི་སློབ་རའི་ཚགས་པར》《ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་ཚགས་པརརྒྱ་བོད་སྐད་གཉིས་པར་གཞི)》སོགས་ཁྲིམས་ལུགས་རིག་པའི་དུས་དེབ་གཙོ་བོ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་དུ་རྒྱ་བོད་སྐད་རིགས་གཉིས་ཀྱིས་ཁྲིམས་ལུགས་རིག་པའི་སྐོར་གྱི་དཔྱད་རྩོམ༣༠ལྷག་སྤེལ་ཡོད། དུས་ཡུན་རིང་བོར་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ལུགས་རིག་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་འཛུགས་སྐྱོང་ཞིབ་འཇུག་ལས་དོན་ཐད་ལ་ཧུར་ཐག་བྱས། ༢༠༠༥ལོའི་ཟླ༧པ་ནས་བཟུང་། རྒྱ་བོད་སྐད་རིགས་གཉིས་ཀྱི་ཁྲིམས་ལུགས་རིག་པ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ལས་དོན་གཉེར་བ་ནས་བཟུང་། གྲུབ་འབྲས་མང་པོ་ཐོབ་ཡོད་པ་རེད། ༢༠༠༧ ལོར་རྩོམ་པ་པོ་གཉིས་པ་ཡིན་པའི་ཆ་ནས་སྲིད་འཛིན་ཁྲིམས་ལུགས་རིག་པའི་ཁྲིད་གཞི་འཛུགས་སྐྱོང་ལག་ལེན་དང་གཞུང་ལུགས་འཚོལ་བཤེརཞེས་པ་ཡིས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་སློབ་གྲྭ་རིམ་པའི་ཨང་དང་པོ་ཐོབ། ༢༠༠༧ལོའི་ཟླ༡༢ པར་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐབས་བཞི་བའི་ན་གཞོན་དགེ་རྒན་གྱི་སློབ་ཁྲིད་འགྲན་བསྡུར་ཁྲོད་དུ་ཨང་གསུམ་པ་ཐོབ། ༢༠༠༩ལོའི་ཟླ༡༡པརསྤྱི་ཚོགས་རང་ལུགས་ཀྱི་ཁྲིམས་འཛིན་རྒྱབ་ལྗོངས་འོག་གི་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་བརླིང་སྐོར་གྱི་ཁྲིམས་འཛིན་བསམ་ཚུལགྱིས་སྐབས་བཞི་བའིཀྲུང་གོའི་ནུབ་རྒྱུད་ཁྲིམས་འཛིན་གླེང་སྟེགསཀྱི་དཔྱད་རྩོམ་འགྲན་བསྡུར་ཁྲོད་དུ་བྱ་དགའ་ཨང་གཉིས་པ་ཐོབ། ༢༠༠༩ ལོའི་ཟླ ༡༢ པར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ན་གཞོན་དགེ་རྒན་འཇོན་ལྡན་གྱི་བྱ་དགའ་ཐོབ། ༢༠༡༠ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཕུལ་བྱུང་ན་གཞོན་དགེ་རྒན་བཅུའི་བྱ་དགའ་ཐོབ། ༢༠༡༡ལོའི་ཟླ༤བར་གཙོ་སྐྱོང་གནང་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ན་གཞོན་རྣམ་གྲངས་ཏེསྤྱི་ཚོགས་རིང་ལུགས་ཁྲིམས་འཛིན་འཛུགས་སྐྱོང་དང་བོད་ཀྱི་སྲོལ་རྒྱུན་ཁྲིམས་ལུགས་བར་གྱི་འབྲེལ་བ་ཞིབ་འཇུགགི་གྲུབ་འབྲས་ལ་ཕུལ་བྱུང་རིམ་པའི་བྱ་དགའ་ཐོབ། ༢༠༡༡ལོའི་ཟླ༥བར་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་སྐབས་བརྒྱད་པའི་རིག་གཞུང་མི་སྣ་གསར་བའི་བྱ་དགའ་ཐོབ། ༢༠༡༡ལོའི་ཟླ༡༡པར་སྐབས་གཉིས་པའི་ཀྲང་ཅིན་ཧྥན་ཁྲིམས་ལུགས་ལོ་རྒྱུས་ཐེབས་རྩ་ཚོགས་པའི་ཕུལ་བྱུང་དཔྱད་རྩོམ་འགྲན་བསྡུརགྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།  

   ཁ་བྱང་ཕྱི་མོ། རྣམ་རྒྱལ་ནོར་བུ་དགྲ་འདུལ་རྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་ན་གཞོན་འཇོན་མི་གསོ་སྐྱོང་འཆར་གཞིར་བདམས།

(རྩོམ་འགན་པ། ལྷ་དབང) 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060