སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་དམག་འཁྲུག་གི་སྨུག་པ་སྟུག་པོ་མཐར་སྤྲོད་པ།
སྤེལ་དུས། 2014-09-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ལྕགས་མོ་བྱམས།

རྒྱ་གར་གྱི"ལའེ་ཏི་ཧྥུའུ"དྲ་གནས་ཀྱི་ཟླ༩བའི་ཚེས༢༤ཉིན་གྱི་རྩོམ་ཡིག  ཐོག་མའི་ཁ་བྱང་སྟེ། ལ་དྭགས་ཁུལ་གྱི་དམག་འཁྲུག་གི་སྨག་པ་སྟུག་པོ་མཐར་སྤྲོད་པ་ཞེས་བ།  སྐམ་དམག་དམག་སྤྱི་སུའུ་ཧ་ཀི་ཡིས་འབྲུག་ཡུལ་གྱི་འཚམས་འདྲི་ཕྱིར་འགྱངས་བྱས། ཡིན་ནའང་འདི་ནི་ཁོང་གིས་སྐམ་དམག་དམག་སྤྱི་ཡི་འགན་བཞེས་པའི་ཚུན་གྱི་འཚམས་འདྲི་ཐེངས་དང་པོ་ཡིན་པ་རེད། དོན་འདིས་ཀུན་ལ་དོགས་པ་བསླང་ཞིང་། མི་ལ་ལས་འདི་ནི་ཀྲུང་གོའི་ས་མཚམས་དང་ཛ་དྲག་གི་འབྲེལ་བའི་རྐྱེན་གྱིས་བྱས་པར་འདོད་ཡོད།

ངས་དམག་དཔོན་ཐེངས་གཅིག་ཁོ་ནར་མཐོང་བའི་སྐབས་ནི་ན་ནིང་སྐམ་དམག་དམག་དོན་སློབ་གླིང་ནས་མཐོང་བ་དེ་ཡིན། ང་དེ་གར་གཏམ་བཤད་གནང་བར་གདན་འདྲེན་ཞུས། སྐབས་དེར་དམག་དཔོན་ཤར་ཕྱོགས་དམག་ཁུལ་གྱི་དམག་སྤྱི་ཡིན་པས།  ངེད་གཉིས་ཀྱིས་རང་བཞིན་གྱིས་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་ལབ་གླེང་བྱས། ང་རང་ཡ་མཚར་དུ་བཅུག་པ་ནི། དམག་དཔོན་ཁོང་ཉིད་རྒྱ་གར་གྱིས་ཕྱོགས་མང་པོའི་ཐད་ནས་"ཀྲུང་གོར་འགྲན་སློང"དགོས་པའི་སྐོར་ལ་ཆ་རྒྱུས་གཏིང་ཟབ་ལྡན་པ་ཟད། ཁོང་གི་རྒྱ་ཆེ་བའི་ཤེས་ཡོན་དང་བློ་སེམས་རྣལ་དུ་ཕབ་པ། བློ་རིག་ཚོད་ཟིན་པ་དེ་བཞིན་མིག་རྒྱང་རིང་བ་བཅས་ཀྱི་སྟངས་སྟབས་བཅས་རེད།

དོན་དངོས་སུ་ང་རང་གི་ཕྱི་འབྲེལ་བྱ་བར་ཞུགས་ནས་ལོ་ངོ༡༠ལྷག་འགོར་བའི་ཉམས་མྱོང་ལྟར་ན། རྒྱ་གར་དམག་དཔུང་ཁྲོད་ཀྱི་རིམ་པ་མཐོ་བའི་དམག་དཔོན་མང་ཆེ་བ་ཧོལ་རྒྱུག་དང་དོན་སྟོང་གིས་དམག་ཤུགས་ངོམ་མཁན་ཞིག་གཏན་ནས་མིན་པར། དེ་ལས་ལྡོག་སྟེ་དམག་འཁྲུག་གཟབ་ནན་གྱི་དོན་དག་ཅིག་ཏུ་བརྩི་བ་དང་། དེ་མ་ཟད། དོན་དངོས་སུ་དམག་འཁྲུག་ལས་གཡོལ་རྒྱུ་ཁོ་ཚོའི་འོས་འགན་དུ་བརྩི་བ་རེད།

ངས་འདི་དག་བཤད་དོན་ནི། ད་ལྟ་ང་ཚོའི་བརྙན་འཕྲིན་ཁྲོད་འགན་མི་འཁུར་བའི་གཏམ་གླེང་ཧ་ཅང་མང་པོ་མཆིས་ཏེ། ཀྲུང་གོས་རྒྱ་གར་ལ་དམག་འཁྲུག་སློང་བར་ཇུས་འདོན་བརྒྱུད་སྐུལ་བྱེད་བཞིན་ཡོད་ཅེས་ལབ་ཀྱིན་འདུག  ཕྱི་འབྲེལ་དམག་དཔོན་སྔོན་མའང་དོན་རྐྱེན་རྒྱ་སྐྱེད་གཏོང་བར་སྤྲོ་སེམས་འཁོལ་ནས།  ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གསུངས་པའི"ཆ་ཤས་དམག་འཁྲུག"རྒྱག་པ་ཞེས་པར་ལོག་འགྲེལ་བྱས་ཏེ། འདི་ནི་ཐད་ཀར་རྒྱ་གར་ལ་འཇིགས་སྐུལ་བྱེད་པ་ཡིན་པ་ལྟ་བུར་བཟོས།

དེ་རིང《ཚོང་ལས་ཚད་ལྡན་དུས་དེབ》སྟེང་རྒྱུན་ལྡན་དང་མི་མཚུངས་པར་དྲང་གཏམ་སྨྲ་བའི་རྩོམ་ཡིག་ཅིག་བཀོད་ཡོད་པར། དེའི་རྩོམ་པ་པོ་ནི་ལྟ་རྒྱ་མཐོར་རྒྱ་ཆེ་ཞིང་དམག་དོན་གྱི་ཉམས་མྱོང་ལྡན་པ། དམག་ཁུལ་གྱི་རིམ་པ་མཐོ་ཤོས་ལ་འབྲེལ་འདྲིས་བྱེད་ནུས་མཁན་ཞིག་རེད། རྩོམ་ཡིག་སྟེང་དོན་དངོས་ཀྱི་གནས་ཚུལ་བཀོད་ཡོད་པ་སྟེ། "སྤྱི་ཁྱབ་པུའུ་གྲོང་ཁྱེར་ཚོམ་བུ་འདིར་གནས་པའི་(རྒྱ་གར་གྱིས་ཀསྨིར་ལ་དྭགས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཚོད་འཛིན་བྱས་ཡོད།  རྩོམ་མཁན་གྱིས་འགྲེལ་མཛད།)དམག་དཔུང་ཨང་༡༤བའི་རྒྱ་གར་གྱི་བཀོད་འདོམས་དམག་དཔོན་ཉམས་དགའ་བཞིན་ཡོད།  ཁོང་གིས་སྟོབས་མཉམ་ཁ་སྤྲོད་འདི་འདས་ཟིན་པའི་ལོ་ངོ༤༠རིང་དང་མཚུངས་པར།  གྲོས་མོལ་བརྒྱུད་ནས་ཐག་གཅོད་བྱེད་སྲིད་པར་འདོད་ཡོད།"དམག་དཔོན་ཞིག་གིས།"ཀྲུང་གོའི་མིས་ས་ཁོངས་འདི་ལ་སྔར་བཞིན་རྩོད་གཞི་མཆིས་པ་གསལ་བོར་བསྟན། འོན་ཀྱང་ཁོ་ཚོས་དམག་འཁྲུག་གཏན་ནས་རྒྱག་འདོད་མེད"ཅེས་བཤད།

ངས་རེ་བ་ནི། རྩོམ་པ་པོས་དོན་ངོ་མ་ཅི་ཞིག་གིས"སྟོབས་མཉམ་ཁ་སྤྲོད་འདི"བྱུང་དུ་བཅུག་པར་གཏིང་ཟབ་པའི་གྲོས་མོལ་བྱེད་རྒྱུ་དེ་ཡིན།  གསར་འགྱུར་ཞིག་ཏུ།  དོན་དག་འདིའི་འབྱུང་ཁུངས་ནི་དང་ཐོག་རྒྱ་གར་ཕྱོགས་ནས་"རྒྱལ་ཡོངས་ཞིང་གྲོང་ལས་ཞུགས་འགན་སྲུང་ཐབས་ལམ"(NREGA)གྱི་མིང་ཐོག་ནས"མི་སེར་དཀྱུས་མ"མངགས་ཏེ། བཅིངས་འགྲོལ་དམག་དང་རྒྱུན་དུ་སྟོབས་མཉམ་ཁ་སྤྲོད་ཡིན་པའི་རྩོད་གཞི་ཛ་དྲག་ཆེ་བའི་ས་ཁུལ་དུ་ཆུ་ཡུར་བརྐོས་པ་དེ་རེད་ཅེས་བཀོད་པ་རེད།

བཀའ་འདྲི་ཞུ་རྒྱུར། "མཆོག་ཏུ་གྱུར་བའི་ལས་འགན"དེ་དག་ཕྱིར་འགྱངས་མི་བྱེད་པ་དང་། ཞིས་ཅིན་ཕིང་གི་འཚམས་འདྲི་མཇུག་རྫོགས་རྒྱུར་མི་སྒུག་པར་མགོ་བརྩམས་པ་ནི། གླེན་རྟགས་མ་ཡིན་ནམ། ལན་དུ། གང་ལྟར། ཞིས་ཅིན་ཕིང་གི་འཚམས་འདྲི་ཆེས་ལེགས་པོའི་སྒོ་ནས་བཀོལ་སྤྱོད་བྱེད་རྒྱུ་ནི་ང་ཚོའི་ཁེ་ཕན་དང་འཚམ། ཞིས་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ཆ་ནས་རྒྱ་གར་ལ་ཡང་བསྐྱར་འཚམས་འདྲི་བྱེད་རྒྱུ་ཕལ་ཆེར་དཔེ་མི་སྲིད་པ་རེད། ཡིན་ནའང་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱ་གར་ལས་ལོ༥༠བརྒལ་བའི་ཀྲུང་གོ་ནི་ང་ཚོའི་ཤིན་ཏུ་གལ་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར། ང་ཚོས་དེ་དང་མཛའ་མཐུན་མཉམ་གནས་བྱེད་པའི་རྒྱུན་ཤེས་ལ་སློབ་སྦྱོང་བྱེད་དགོས་ཀྱིན་འདུག

དོན་དངོས་སུ་ངའི་སེམས་བདེ་དཀའ་བ་ནི།  སུ་ཞིག་གིས་རྒྱ་གར་དང་ཀྲུང་གོས་ཧུར་བརྩོན་སྒོས་ས་མཚམས་གསར་དུ་ཕྱེ་བའི་ས་སྟོང་དུ་འདི་འདྲའི་ནོར་འཆུག་ཅན་གྱི"རྒྱལ་ཡོངས་ཞིང་གྲོང་ལས་ཞུགས་འགན་སྲུང་ཐབས་ལམ"སྤེལ་བའི་བཀའ་བབས་པ་རེད་དམ།

འདི་ནི་ས་ཆ་ཞིག་གི་ངོས་ཐད་ནས་བཅིངས་འགྲོལ་དམག་ལ་ཟུག་གཟེར་སློང་བའི་གླེན་རྟགས་ཀྱི་ཐག་གཅོད་ཅིག་ཡིན་ནམ།  ཡང་ན་ཁོ་ཚོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་མི་འགྱངས་པར་འཚམས་འདྲིར་སླེབས་ཡོང་བར། ད་དུང་ཁོ་ཚོའི་ལྟ་སྟངས་ལ་ཚོད་རྟོག་ཅིག་བྱེད་དགོས་པར་འདོད་པའི་སྤྱོད་པ་ཡིན་ནམ། འདི་ནི་སྐམ་དམག་སྤྱི་ཁྱབ་པུའུ་ཡི་ཆོག་མཆན་བརྒྱུད་པ་ཨེ་ཡིན་ནམ། གལ་ཏེ་ངེས་དོན་གྱིས་ཆོག་མཆན་བརྒྱུད་པ་ཡིན་ན། ང་ལ་རྩ་བ་ནས་སྐྲག་སྣང་འཆར།

རྒྱ་གར་དང་ཀྲུང་གོའི་འབྲེལ་བའི་ཉེན་ཁ་ཆེ་བའི་ལོག་འགྲེལ་དང་གོ་ན་སྐྱི་གཡའ་བའི་གཏམ་འཆལ་དཀྱིལ་སྙིང་དུ་བཟུང་ཚེ། ཙུང་ལི་མའོ་ཏི་ཡི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་གཏོང་བའི་དཀའ་ཁག་ཇེ་ཆེར་འགྲོ་བ་མ་ཟད། འདྲ་མཉམ་དྲང་གཞག"གི་ས་མཚམས་ཐག་གཅོད་ཇུས་གཞིའི་ཐད་ཀྲུང་གོ་དང་གཅིག་གྱུར་ཡོང་བར་སྐུལ་སློང་བྱེད་རྒྱུ་དེ་ལྷག་ཏུ་དཔེ་མི་སྲིད་པར་འགྱུར། ཇུས་གཞི་འདི་ནི་རྒྱ་གར་གྱི་ཁེ་ཕན་དང་འཚམ་པར་ཐེ་ཚོམ་ཟ་མི་དགོས། (རྩོམ་པ་པོ། MKཔ་ཏི་ལ་ཁུའུ་མ།)

ཁ་བྱང་ཕྱི་མོ། ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་དམག་འཁྲུག་གི་སྨུག་པ་སྟུག་པོ་མཐར་སྤྲོད་པ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060