སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གཞི་རིམ་གཞུང་ཞབས་པའི་སྒོ་ཐེམ་ཇེ་དམའ་རུ་བཏང་བ་དང་། བཟོ་བ་དང་ཞིང་བས་ཀྱང་རྒྱུགས་སྤྲོད་ཆོག་པ།
སྤེལ་དུས། 2014-09-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ལྕགས་མོ་བྱམས།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་སྡེ་ཁག་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་བདེ་སྲུང་སྡེ་ཁག  རྒྱལ་ཁབ་གཞུང་ཞབས་ཅུའུ་བཅས་ཀྱིས《དཀའ་ཁག་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་གཞི་རིམ་གཞུང་ཞབས་པའི་རྒྱུགས་ལེན་བསྡུ་ལེན་བྱ་བ་ལེགས་སྒྲུབ་སྐོར་གྱི་བསམ་འཆར》ཞེས་པ་དཔར་འགྲེམ་བྱས། དེ་ནི་རང་རྒྱལ་གྱི་དཀའ་ཁག་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་གཞུང་ཞབས་པའི་ལས་གནས་སུ་མི་སྣ་བསྡུ་དཀའ་ཞིང་།   བསྡུ་ལེན་བྱས་ཀྱང་མྱུར་མོར་ཤོར་བའི་གནད་དོན་ཞི་ལྷོད་དུ་གཏོང་བའི་བཀའ་ཁྱབ་ཅིག་རེད།《བསམ་འཆར》གྱི་ཚན་པ་དྲུག་ཏུ་སྒོ་ཐེམ་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་གསལ་བོར་བཀོད་ཡོད་པ་མ་ཟད། བཟོ་བ་དང་ཞིང་བའང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་འདྲ་བར། གཞུང་ཞབས་པའི་དཔུང་ཁག་ཏུ་ཞུགས་པའི་ཐོབ་ཐང་ཡོད་པ་བཏོན་ཡོད།

ད་ལོའི་རྒྱལ་ཁབ་གཞུང་ཞབས་པའི་རྒྱུགས་མི་འགྱངས་པར་ལེན་རྒྱུ་ཡིན་པས། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་གཞུང་ཞབས་པའི་ལས་གནས་ཕལ་ཆེར་ལེགས་སྒྲིག་བྱེད་ཡུལ་དང་པོར་འགྱུར་ཡང་སྲིད། ལའོ་ཉིན་ཞིང་ཆེན་གྱི་གཞུང་ཞབས་ཅུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ནས་དོན་འཁྱོལ་བྱེད་རྒྱུ་བསྟན། འོན་ཀྱང་ད་ལྟ་བསམ་འཆར་ཕྱིར་བཏོན་མ་ཐག་ཡིན་པས་བྱེ་བྲག་གི་ཞིབ་ཕྲའི་སྒྲིག་སྲོལ་ད་དུང་ཞིབ་འཇུག་གཏན་འཁེལ་བྱས་མེད། ད་ལོའི་གཞུང་ཞབས་པའི་རྒྱུགས་མཇུག་རྫོགས་སོང་།   སང་ལོའི་གཞུང་ཞབས་པའི་རྒྱུགས་མ་བླངས་སྔོན་དུ་བྱེ་བྲག་གི་ལེགས་སྒྲིག་ཐབས་ལམ་ཁྱབ་བསྒྲགས་བྱེད་སྲིད།གསར་འགོད་པས་ལའོ་ཉིན་ཞིང་ཆེན་གྱི་ཉེ་བའི་ལོ་ངོ་གསུམ་རིང་གི་རིམ་པ་སོ་སོའི་ལས་ཁུངས་དང་གཞུང་ཞབས་པའི་ཐབས་ལམ་གཞིར་བཟུང་བའི་བདག་གཉེར་སྡེ་ཚན་གྱིས་གཞུང་ཞབས་པ(ལས་བྱེད་མི་སྣ)རྒྱུགས་ལེན་བསྡུ་ལེན་བྱེད་པའི་སྤྱི་བསྒྲགས་ཀློག་བཤེར་བྱས་པ་ན། དཀའ་ཁག་ཆེ་བའི་མཐའ་མཚམས་ས་ཁུལ་མི་ཉུང་བའི་གཞི་རིམ་ལས་གནས་ཀྱི་ཆ་རྐྱེན་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྡེ་ཚན་ལས་ལྟོས་བཅོས་ཀྱིས་བབ་བསྟུན་ཇེ་དམའ་རུ་བཏང་ཡོད་པ་ཤེས། དཔེར་ན་སློབ་གཉེར་བརྒྱུད་རིམ་གྱི་ཚན་པ་ལྟ་བུ། གྲོང་རྡལ་རིམ་པའི་གཞི་རིམ་གཞུང་ཞབས་པའི་བླང་བྱ་ལ་ཆེད་སྦྱོང་སློབ་གཉེར་དང་ཡང་ན་དེའི་ཡན་ཆད་ཡིན་དགོས་པ་དང་། ཆེད་ལས་དང་ཆབ་སྲིད་གནས་བབ། གཞི་རིམ་བྱ་བའི་ཉམས་མྱོང་སོགས་མང་ཆེ་བར་ཚད་བཀག་མེད་པར་བྱས།ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྡེ་ཚན་གྱི་གཞུང་ཞབས་པའི་སློབ་གཉེར་བརྒྱུད་རིམ་ཞིབ་འཇུག་སློབ་མ་དང་ཡང་ན་དེའི་ཡན་ཆད། གུང་ཁྲན་ཏང་ཡོན། ལོ་གཉིས་ཡན་གྱི་གཞི་རིམ་ལས་གཉེར་ཉམས་མྱོང་བཅས་དགོས་པའི་ཆ་རྐྱེན་དང་བསྡུར་ན།  ཧ་ཅང་ལྷོད་ཡངས་སུ་བཏང་ཡོད།  ཆ་རྐྱེན་ཚན་པ་གཞན་པའི་ཁྲོད།  གྲོང་རྡལ་རིམ་པའི་དཀའ་ཁག་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་གཞི་རིམ་གཞུང་ཞབས་པ་ལའང་ཁྱིམ་ཐོ་ས་དེ་ག་དང་ཡང་ན་སྐྱེས་ཁུངས་ས་དེ་ག་ཡིན་དགོས་པའི་བླང་བྱ་བཏོན་ཡོད།

ཞིང་ཆེན་གཞུང་ཞབས་ཅུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣས་ངོ་སྤྲོད་བྱེད་རྒྱུར། མིག་སྔར་དཀའ་ཁག་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ངེས་དོན་གྱིས་གཞི་རིམ་གཞུང་ཞབས་པ"བསྡུ་དཀའ"བའི་གནས་ཚུལ་མཆིས་ཤིང་། ཐ་ན་ལས་གནས་ལ་ལར་མིང་འགོད་རྒྱུགས་སྤྲོད་བྱེད་མཁན་མེད། ལག་རྩལ་རང་བཞིན་གྱི་ལས་གནས་ཧ་ཅང་མང་པོར་ལྷག་ཏུ་མི་འཇོན་ཐང་ཅན་དཀོན།    གཞི་རིམ་གཞུང་ཞབས་པ་རྒྱུགས་ལེན་བསྡུ་ལེན་གྱི་འགྱུར་ལྡོག་ཆེན་པོ་གསུམ། འགྱུར་ལྡོག་དང་པོ། ལས་གནས་ཁ་ཤས་ས་དེ་གའི་ཁྱིམ་ཐོ་ཡིན་དགོས་པར་གཏན་འཁེལ་བྱེད་རྒྱུ། གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པ་གཞི་རིམ་དུ་གཏན་སྡོད་བྱས་ནས་བག་ཕེབས་ངང་ལས་ཀ་གཉེར་པར་ཁག་ཐེག་བྱེད་ཆེད། ས་ཆ་སོ་སོས་བྱ་བའི་དོན་དངོས་དང་དཔུང་ཁག་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ནས།  གྲོང་ཁྱེར་དེ་ག་དང་རྫོང་དེ་གའི་ཁྱིམ་ཐོ་ཅན་དང་། ཡང་ན་གྲོང་ཁྱེར་དེ་ག་དང་རྫོང་དེ་གར་ཡུན་རིང་འཚོ་སྡོད་དང་བྱ་བ་གཉེར་མཁན་གྱི་མི་སྣ་ལ་ཁ་གཏད་དེ་གྲངས་ཀ་ངེས་ཅན་གྱི་ལས་གནས་ཕྱེ་ནས་རྒྱུགས་ལེན་བརྡ་གཏོང་བྱེད་ཆོགའགྱུར་ལྡོག་གཉིས་པ། བཟོ་བ་དང་ཞིང་བས་མིང་འགོད་རྒྱུགས་སྤྲོད་བྱས་ཆོག ཡོང་ཁུངས་ཀྱི་ཐབས་ལམ་ཐད། མཐོ་རིམ་སློབ་གྲྭའི་སྐབས་རེའི་མཐར་ཕྱིན་སློབ་མ་དང་སློབ་གྲྭ་ཆེན་མོ་བ་སྡེ་དཔོན་བྱེད་པ་སོགས་ཀྱི་གཞི་རིམ་ལས་ཚན་གྱི་ཞབས་ཞུའི་མི་སྣ་དང་། སྡེ་བའི་ཕུལ་བྱུང་ལས་བྱེད་པ། ཕུལ་དུ་བྱུང་བའི་བཟོ་བ་དང་ཞིང་བ་སོགས་དཀའ་ཁག་ཆེ་བའི་མཐའ་མཚམས་ས་ཁུལ་དུ་བསྐྱོད་ནས་ལས་གཉེར་བྱེད་རྒྱུར་སྐུལ་མ་བཏང་ནས།བསྡུ་ལེན་བསྡུར་ཚད་ཇེ་མཐོར་གཏོང་དགོས་པ་དང་། དེའི་ཁྲོད། གཞི་རིམ་ལ་ཆ་རྒྱུས་ལྡན་ཞིང་གཞི་རིམ་གྱི་བྱ་བར་འཚམ་པའི་སྡེ་བའི་ཕུལ་བྱུང་ལས་བྱེད་པ་གྲོང་རྡལ་གཞུང་ཞབས་པའི་དཔུང་ཁག་ཏུ་ཞུགས་ཆོག་པ་མ་ཟད། ཕུལ་དུ་བྱུང་བའི་བཟོ་བ་དང་ཞིང་བ་སོགས་ཀྱི་མི་སྣའི་ཁྲོད་ནས་གྲོང་རྡལ་གཞུང་ཞབས་པར་རྒྱུགས་ལེན་བསྡུ་ལེན་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ་དགོས་པའང་བཏོན། འགྱུར་ལྡོག་གསུམ་པ། ལས་མི་གསར་བས་ལོ་ངོ་༥རིང་གོང་རིམ་དང་འབྲེལ་འདྲིས་བྱེད་མི་ཆོག གསར་དུ་བསྡུ་ལེན་བྱས་པའི་གྲོང་རྡལ་གཞུང་ཞབས་པས་གྲོང་རྡལ་ལས་ཁུངས་སུ་ཞབས་ཞུ་བྱེད་པའི་ཆེས་དམའ་བའི་ལོ་ཚད་ལོ་ངོ་༥ཡིན། དུས་སྐབས་འདིའི་ནང་མཐོ་རིམ་ལས་ཁུངས་སོགས་དང་འགན་སྤོར་འབྲེལ་འདྲིས་བྱེད་མི་རུང་། དུས་མཉམ་གཏན་འབེབས་བྱས་པ་ནི། ས་ཆ་སོ་སོས་ས་དེ་གའི་ཁྱིམ་ཐོ་ཅན་དང་ཡང་ན་ས་དེ་གར་ཡུན་རིང་འཚོ་སྡོད་དང་བྱ་བ་གཉེར་མཁན་གྱི་མི་སྣ་ལ་ཁ་གཏད་ནས་གྲངས་ཀ་ངེས་ཅན་གྱི་ལས་གནས་ཕྱེ་ནས་རྒྱུགས་ལེན་བརྡ་གཏོང་བྱེད་ཆོག་པ་དེ་རེད།

གཞི་རིམ་གཞུང་ཞབས་པའི"སྒོ་ཐེམ་ཇེ་དམའ"རུ་གཏོང་བའི་ཚན་པ་དྲུག

1. རྒྱུགས་ལེན་བརྡ་གཏོང་ལས་གནས་ཀྱི་སློབ་གཉེར་བརྒྱུད་རིམ་གྱི་བླང་བྱ་འོས་འཚམ་སྒོས་ཇེ་དམའ་རུ་གཏོང་བ། ད་ལྟའི་གནས་བབ། གཞི་རིམ་ལས་ཁུངས་ཁ་ཤས་ཀྱི་རྒྱུགས་ལེན་བརྡ་གཏོང་ལས་གནས་ཀྱི་སློབ་གཉེར་བརྒྱུད་རིམ་གྱི་བླང་བྱ་མཐོ་དྲགས་པ།

2.རྒྱུགས་ལེན་བརྡ་གཏོང་གི་ཆེད་ལས་ཚད་བཀག་ལྷོད་ཡངས་སུ་གཏོང་བ། ད་ལྟའི་གནས་བབ། གཞི་རིམ་ལས་ཁུངས་ཁ་ཤས་ཀྱི་ལས་གནས་ཆེད་ལས་ཀྱི་བླང་བྱ་བཙན་དྲགས་དོག་དྲགས་ནས་མིང་འགོད་རྒྱུགས་སྤྲོད་མི་སྣ་ཉུང་བའི་རྣམ་པ་བསྐྲུན་པ།

3.མིང་འགོད་རྒྱུགས་སྤྲོད་ལས་གནས་ཀྱི་ལོ་ཚོད་ཀྱི་ཆ་རྐྱེན་འོས་འཚམ་སྒོས་ལེགས་སྒྲིག་བྱེད་པ། ད་ལྟའི་གནས་བབ།  གཞི་རིམ་དཔུང་ཁག་ཁ་ཤས་ཀྱི་ལོ་ཚོད་སྒྲིག་གཞི་གནས་ལུགས་དང་མི་མཐུན་པ།

4.བྱ་བའི་ལོ་ཚད་དང་ཉམས་མྱོང་ཚད་བཀག་མི་བྱེད་པ། དམིགས་ཡུལ།  གོམ་གང་མདུན་སྤོས་ཀྱིས་མིང་འགོད་རྒྱུགས་སྤྲོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ།

5.རྒྱུགས་ལེན་བསྡུར་ཚད་འོས་འཚམ་སྒོས་གཏན་ལ་ཕབ་རྒྱུ། ད་ལྟའི་གནས་བབ།  གཞི་རིམ་གྱི་ལས་གནས་ཁ་ཤས་ཀྱིས་མིང་འགོད་རྒྱུགས་སྤྲོད་མི་སྣ་ཉུང་ཕྱིན་ནས་རྒྱུགས་ལེན་བསྡུར་ཚད་སྟེང་སླེབས་མི་ཐུབ་པར་རྐྱེན་བྱས་ཏེ་ལས་གནས་མེད་པར་བཟོ་བ།

6.ཡིག་རྒྱུགས་ཀྱི་ཚད་ལྡན་སྐར་གྲངས་རྐྱང་བར་དབྱེ་འབྱེད་བྱེད་པ། དམིགས་ཡུལ།  ཕུགས་འདུན་ཡོད་པའི་ན་གཞོན་དཀའ་ཁག་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་གཞི་རིམ་བྱ་བར་ཞུགས་པར་འགུག་པ།

ཁ་བྱང་ཕྱི་མོ། གཞི་རིམ་གཞུང་ཞབས་པའི་སྒོ་ཐེམ་ཇེ་དམའ་རུ་བཏང་བ་སྟེ། བཟོ་བ་དང་ཞིང་བས་ཀྱང་རྒྱུགས་སྤྲོད་ཆོག་པ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060