སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གུང་གསེང་ཡུལ་སྐོར་གཞུང་སྒྲུབ་ཁང་མེད་པར་བཏང་རྗེས་ཞིང་ཆེན་བདུན་གྱིས་སྔར་བཞིན་ལས་གནས་སྲུང་འདུག
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ།

རྒྱལ་ཡོངས་ཀྱི་གུང་གསེང་ཡུལ་སྐོར་གཞུང་སྒྲུབ་ཁང་མེད་པར་བཏང་རྗེས་ཞིང་ཆེན་བདུན་གྱིས་སྔར་བཞིན་གུང་གསེང་ལས་གནས་སྲུང་འདུག

ད་ལོའི་སྤྱི་ཟླ༡༠བའི་ཚེས༡ཉིན་གྱི་རྒྱལ་སྟོན་གུང་གསེང་ནི་རྒྱལ་ཡོངས་ཀྱི་གུང་གསེང་ཡུལ་སྐོར་པུའུ་མཐུན་སྦྱོར་གྲོས་ཚོགས་གཞུང་སྒྲུབ་ཁང་མེད་པར་བཏང་རྗེས་ཀྱི་གུང་གསེང་དང་པོ་ཡིན།  སྤྱི་ཟླ ༡༠བའི་ཚེས༡ཉིན་ནས་སྤྱི་ཟླ༡༠བའི་ཚེས༢ཉིན་གྱི་སྔ་དྲོའི་བར། གསར་འགོད་པས་རྒྱལ་ཡོངས་ཀྱི་ཞིང་ཆེན༣༡(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)གི་ཡུལ་སྐོར་ཅུས(ཨུ་ལྷན)ཀྱི་གཞུང་ཕྱོགས་དྲ་བ་ནས་འབྲེལ་ཡོད་ལས་རེས་ཀྱི་ཁ་པར་བརྒྱུད་རྩད་འདྲི་བྱེད་དུས། པེ་ཅིང་དང་། ཧྥུ་ཅིན། ཧུ་པེ་སོགས་ཞིང་ཆེན་བདུན་གྱིས་གུང་གསེང་གི་ཡུལ་སྐོར་སྙོམས་སྒྲིག་གཞུང་སྒྲུབ་སྔར་བཞིན་རྒྱུན་བསྐྱངས་ནས་གུང་གསེང་དུས་ཀྱི་ལས་རེས་བཀོད་སྒྲིག་བྱས་འདུག  ཡིན་ནས་ཞིང་ཆེན་བརྒྱད་ཀྱིས་ཕྱིར་བསྒྲགས་པའི་ཁ་པར་རྒྱག་དུས་ལེན་མཁན་མི་འདུག    གསར་འགོད་པས་མུ་མཐུད་ནས་བཅར་འདྲི་བྱས་པ་ན།  ལས་རེས་དེ་དག་ནང་མང་ཤོས་ནི་ཡུལ་སྐོར་གཏུག་བཤེར་བྱེད་ས་ལས་རྩད་འདྲི་བྱེད་ས་ཉུང་ཤོས་ལས་མེད།

ཐན་ཅིན་དང་། ཧྲང་ཧའེ་སོགས་ཞིང་ཆེན་གྱིས་ཕྱིར་བསྒྲགས་པའི་ཁ་པར་ཡང་དང་ལེན་བྱེད་མཁན་འདུག   ཁ་པར་ལེན་མཁན་ལས་བྱེད་པས་འདི་སྐད། རྒྱལ་ཡོངས་ཀྱི་གུང་གསེང་ལས་རེས་མེད་པར་བཏང་རྗེས། ས་གནས་ཀྱི་གུང་གསེང་ལས་རེས་ཡང་མེད་པར་བཏང་ཡོད།  གུང་གསེང་སྐབས་སུ་ས་གནས་ཡུལ་སྐོར་སྡེ་ཚན་གྱི་འགན་འཁུར་བས་ཡུལ་སྐོར་གཏུག་བཤེར་དང་རྩད་འདྲི་དང་ལེན་བྱེད་པ་ཡིན་ཟེར།

རྒྱལ་ཡོངས་ཀྱི་གུང་གསེང་ལས་རེས་མེད་པར་བཏང་བས་ང་ཚོ་ཡང་མེད་པར་བཏང་བ་ཡིན། ཡིན་ནས་གུང་གསེང་སྐབས་སུ་ཡུལ་སྐོར་བྱེད་མཁན་སྐུ་མགྲོན་གྱི་འབྲེལ་ཡོད་དག་དག་བྱུང་ན།  ཐད་ཀར་ཡུལ་སྐོར་ཅུས་ཡུལ་སྐོར་གཏུག་ཞུ་ཁ་པར་བཏང་ཆོག  གུང་གསེང་སྐབས་སུ་ལས་རེས་བྱེད་མཁན་ཡོད་ཅེས་ཧྲང་ཧའེ་གྲོང་ཁྱེར་ཡུལ་སྐོར་ཅུས་གཞུང་སྒྲུབ་ཁང་གི་ལས་བྱེད་པས་དེ་ལྟར་བརྗོད་བྱུང་།  གཞན་བོད་ལྗོངས་དང་ཉིང་ཤ་གཉིས་ཀྱི་ལས་རེས་ཁ་པར་ལས། ས་གནས་གཉིས་ཀྱིས་གུང་གསེང་ལས་རེས་བཀོད་སྒྲིག་བྱས་མེད།  ཁ་པར་འདི་དག་ནི་ཡུལ་སྐོར་ཅུས་ཀྱི་ལས་རེས་ཁ་པར་ཡིན། གཙོ་བོ་ཡུལ་སྐོར་གཏུག་ཞུ་སོགས་འབྲེལ་ཡོད་དོན་དག་འགན་འཁུར་བར་བཀོད་སྒྲིག་བྱས་པ་ཡིན་ཟེར།

གོང་གི་ཞིང་ཆེན་ཁག་གི་ཡུལ་སྐོར་སྡེ་ཚན་གྱིས་བསྒྲགས་པའི་ཁ་པར་དེ་དག་ལ་འབྲེལ་བ་བྱེད་ཐུབ་པ་ཕུད།  ཞིང་ཆེན་གཞན་དག་གིས་བསྒྲགས་པའི་ཁ་པར་དང་ལེན་བྱེད་མཁན་མེད་པའམ་ཡང་ན་གཏོང་ཐབས་མི་འདུག

གསར་འགོད་པས་བཅར་འདྲི་བྱས་ཏེ་རྒྱུས་ལོན་ཐོབ་རྒྱུར། ཁ་པར་ལེན་མཁན་ཡོད་པའི་ལས་རེས་ཁ་པར་དེ་དག་གི་ལས་བྱེད་པ་མང་ཤོས་ནི་ཡུལ་སྐོར་གཏུག་ཞུ་སྒྲུབ་མཁན་ཡིན།  གཞན་ཧྲང་ཧའེ་དང་། ཉིང་ཤ། བོད་ལྗོངས་སོགས་ས་གནས་ཀྱི་ལས་རེས་མི་སྣས་ཡུལ་སྐོར་པའི་ཡུལ་སྐོར་རྩད་འདྲི་དང་ལེན་བྱེད་པ་རེད།

ཧྲན་ཞི་ཞིང་ཆེན་གྱི་གུང་གསེང་ལས་རེས་པས་ཁ་པར་འབྱོར་ན་གཙོ་བོ་ཡུལ་སྐོར་བའི་གཏུག་ཞུ་དང་། ཡུལ་སྐོར་ཁྲོད་འཕྲད་པའི་དཀའ་ཁག་བཅས་ཐག་གཅོད་རྒྱུ་དེ་ཡིན་ཟེར།

ཧྲན་ཏུང་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ལས་བྱེད་པས་གུང་གསེང་གཞུང་སྒྲུབ་དེ་ཕྱིས་འབྱུང་སྡེ་ཚན་གཞན་དག་ཏུ་འཛུགས་ངེས་པས། ཡུལ་སྐོར་ལས་དོན་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བསྐྱེད་དེ་ཡུལ་སྐོར་ཐོན་ལས་ལ་ཞབས་ཞུ་སྔར་ལས་ལེགས་པོ་བསྒྲུབ་ཐུབ་སྲིད་ཟེར།

ཁ་བྱང་ཕྱི་མོ། རྒྱལ་ཡོངས་གུང་གསེང་ཡུལ་སྐོར་གཞུང་སྒྲུབ་ཁང་མེད་པར་བཏང་རྗེས་ཞིང་ཆེན་བདུན་གྱིས་སྔར་བཞིན་ལས་གནས་སྲུང་འདུག

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060