སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མི་རིགས་ས་ཁུལ་དུ་གྲོང་བརྡལ་ཅན་འཛུགས་སྐྲུན་བྱེད་པའི་སྐབས་ཀྱི་ཐབས་ལམ་དང་གདམ་ཀ
སྤེལ་དུས། 2014-10-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ།

མི་རིགས་ས་ཁུལ་དུ་གྲོང་བརྡལ་ཅན་འཛུགས་སྐྲུན་བྱེད་པ་ནི་རྒྱལ་ཡོངས་གྲོང་བརྡལ་ཅན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ།  འཛུགས་སྐྲུན་མྱུར་ཚད་དང་སྤུས་ཀ་དེ་རྒྱལ་ཡོངས་ཀྱི་གྲོང་བརྡལ་ཅན་འཛུགས་སྐྲུན་གྱི་རྒྱལ་ཕམ་དང་འབྲེལ་ཡོད་པ་རེད།  ཀྲུང་དབྱང་གིས་གང་མགྱོགས་སྒོས་གྲོང་བརྡལ་ཅན་འཛུགས་བསྐྲུན་གྱི་འཐབ་ཕྱོགས་ཇུས་འགོད་ལ་གདོང་གཏུགས་དུས།   རྒྱལ་ཁབ་ཀྱིས་དེའི་ཕྱོགས་ཀྱི་མ་དངུལ་གཏོང་ཚད་ཇེ་མཐོར་འཕར་བ་དང་།  སྲིད་ཇུས་ཀྱིས་གཟིགས་སྐྱོང་ཅི་རིགས་སྤྲད་ཡོད་པ་ལས།   གཞན་མི་རིགས་ས་ཁུལ་རང་སྟེང་ལ་མཚོན་ནའང་།  ངེས་པར་དུ་གནད་དོན་གསུམ་ཐག་གཅོད་བྱེད་དགོས་ཏེ།

ཐོག་མར། འདུ་ཤེས་བཞི་དོར་དགོས་པ་སྟེ། གཅིག་ནི་གནས་སྲུང་འདུ་ཤེས།   མཐའ་འཁོབ་ས་ཁུལ་ཁ་ཤས་སུ་ཕ་མེས་ནས་བརྒྱུད་པའི་སྡོད་ཁང་དང་།  ཞིང་ས།  རྩྭ་ས་བཅས་ལ་སྔར་བཞིན་ཞེ་ཆགས་པ་དང་།  རང་གི་རྔུལ་ཁྲག་གིས་བསྐྲུན་པའི་ཁྱིམ་གཞིས་དང་ཁ་བྲལ་ཏེ་གྲོང་བརྡལ་ཅན་གསར་པའི་ལམ་དུ་ཞུགས་འདོད་མེད་པ་རེད།  གཉིས་ནི་ལས་རིགས་སྲུང་པའི་འདུ་ཤེས།    སྲོལ་རྒྱུན་གྱི་ཐོན་སྐྱེད་ཚོང་ལས་གཉེར་ཐབས་དང་ཕྱུག་འགྱུར་གྱི་ལམ་ཁ་དམ་པོར་སྲུང་ཕྱིར།  ཞིང་པ་ཁ་ཤས་ལ་རྒྱུ་རྐྱེན་ཅི་རིགས་ཀྱིས་བཀག་རྒྱ་དང་ཤུགས་རྐྱེན་ཐེབས་ནས། ཚན་རྩལ་གསར་པ་དང་།  ཤེས་བྱ་གསར་པ་བསྡུ་ལེན་བྱེད་འདོད་མེད་པར་ཆགས་འདུག    བཞི་ནི་ལུགས་སྲོལ་བརྩི་སྲུང་གི་འདུ་ཤེས།  ལག་ལེན་གྱིས་ར་སྤྲོད་བྱུང་པར།  ཞིང་ལས་ལ་སྐུལ་འདེད་ཀྱིས་མི་གྲངས་གྲོང་བརྡལ་ཅན་ལ་བསྒྱུར་པ་ནི་ཞིང་པ་དག་དེང་རབས་གྲོང་ཁྱེར་གྱི་ཤེས་དཔལ་དང་འདྲེས་བའི་ཐབས་ལམ་གཙོ་བོ་རེད་མོད།  ས་གནས་ཁ་ཤས་ཀྱི་ཞིང་པས་བྱ་དངོས་གསར་པ་འདི་དག་བསྡུ་ལེན་བྱེད་འདོད་མེད་པ་མ་ཟད།  ཐ་ན་གཞི་རིམ་ལས་བྱེད་པས་ཀྱང་སྣེ་ཁྲིད་བྱེད་འདོད་མེད་ཅིང་ལུགས་སྲོལ་རྙིང་པ་གཏོར་འདོད་མེད་པར་གྱུར་འདུག  བཞི་ནི་གོམས་སྲོལ་སྲུང་པའི་འདུ་ཤེས།   མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་རིག་གནས་ལ་བསྟུན་པ་བརྒྱུད། སྐྱེ་ཁམས་དཔལ་ཡོན་དང་།  ཤེས་རིག་དར་སྤེལ་ནི་མི་རིགས་ས་ཁུལ་དུ་གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པའི་རྟགས་མཚན་གཙོ་བོར་གྱུར་འདུག་མོད།    དེ་ལྟར་ནའང་།  དོན་དངོས་ཁྲོད་དབུལ་ཕོངས་ས་ཁུལ་ཁ་ཤས་སུ་ཞིང་པས་ལག་རྩལ་དང་།  དོ་དམ།  ཤེས་བྱ་བཅས་སློབ་སྦྱོང་ཐད་འགྲོ་གྲོན་གཏོང་པར་གྲོན་ཆུང་བྱས་པ་ལས།  དེ་ལས་གཞན་པའི་དགོས་མེད་ཀྱི་འགྲོ་སོང་ཆེ་ཆེར་བཏང་འདུག 

དེ་ནས་བྱེད་ཐབས་བཞི་ལ་གཡོལ་ཐབས་བྱེད་དགོས།   གཅིག་ནི་ལད་མོའི་རང་བཞིན་གྱི་བྱེད་ཐབས།  ལོ་རྒྱུས་ཀྱི་དབང་གིས།  གྲོང་བརྡལ་ཅན་འཛུགས་སྐྲུན་ཐད་མི་རིགས་ས་ཁུལ་ནི་དར་རྒྱས་ས་ཁུལ་དང་བསྡུར་ན་བར་ཁྱད་ཆེན་པོ་ཡོད་དེ།  ས་ཁུལ་ཁ་ཤས་ཀྱིས་ས་གནས་རང་གི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་དགེ་མཚན་ལ་མི་དམིགས་པར།  མུན་འཐོམས་རང་བཞིན་གྱི་རྗེས་སུ་འབྲངས་ནས་དར་རྒྱས་ས་ཁུལ་གྱི་བྱེད་སྟངས་ལ་ལད་མོ་བྱེད་པ་རེད།  རྣམ་གྲངས་བསྐྲུན་པ་དང་། གནས་སྤོར་ཆེན་པོ་བྱས་པ་དེར་ཚད་ཡོད་ཀྱི་རྒྱུ་ཤུགས་དང་དངོས་ཤུགས་ཀྱིས་ནུས་པ་ཆེན་པོ་ཐོབ་མེད་པ་མ་ཟད།   དེ་ལས་ལྡོག་ཏེ་ཆུད་ཟོས་སུ་བཏང་འདུག  དོན་དངོས་ཀྱིས་ར་སྤྲོད་བྱས་པར།   གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དར་རྒྱས་ཆེ་བའི་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་མོད།  ཡིན་ནའང་ཞིབ་ཕྲའི་འཕེལ་རྒྱས་འབྱུང་ཐབས་ལ་ངེས་པར་དུ་མི་རིགས་ས་ཁུལ་གྱི་དོན་དངོས་ནས་འགོ་རྩོམ་པ་ལས་ཡོད་ཚད་ལད་མོ་བྱེད་མི་རུང་ངོ་།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060