སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དགའ་ལྡན་སིའུ་ཐང་དུས་ཆེན།
སྤེལ་དུས། 2013-07-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་རྡོར།

དགའ་ལྡན་དགོན་གྱི་གོས་སྐུ།

   སྤྱི་ཟླ༧ཚེས༢༢ཉིན། བོད་ལྗོངས་ལྷ་ས་དགའ་ལྡན་དགོན་གྱི་ལོ་གཅིག་དུས་གཅིག་གི་སིའུ་ཐང་དུས་ཆེན་ཡིན་པ་རེད། དགའ་ལྡན་དགོན་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སྤྱི་ལི༤༠འདས་པའི་སྟག་རྩེ་རྫོང་ནང་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༣༨༠༠ཡོད་པའི་འབྲོག་རི་བོ་ཆེ་ཞེས་པའི་གནས་སུ་ཆགས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་གཏོད་པ་རྗེ་ཙོང་ཁ་པ་མཆོག་གིས་སྤྱི་ལོ༡༤༠༩ལོར་ཕྱག་བཏབ་གནང་བ་དང་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་མ་དགོན་ཡིན་པ་རེད།
    
ལོ་རེའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནི་དགའ་ལྡན་སིའུ་ཐང་ངམ་གསེར་ཐེངས་ཞེས་པའི་དུས་ཆེན་ཡིན། དེ་ནི་ཏཱ་མིང་གོང་མས་རྗེ་རིན་པོ་ཆེ་རྒྱ་ནག་ཏུ་གདན་དྲངས་པར་སྐུ་ཚབ་ཏུ་བྱམས་ཆེན་ཆོས་རྗེ་མངགས་པ་ལྟར་ཁོང་གི་སློབ་མ་ཨ་མོ་ག་དང་བསོད་ནམས་ཤེས་རབ་གཉིས་བོད་དུ་ཕྱིར་ལོག་པ་ལ་ཏཱ་མིང་གོང་མས་རྗེ་ཙོང་ཁ་བར་རྟེན་འབུལ་དུ་བསྐུར་བའི་གོས་སྐུ་གནས་བརྟན་བཅུ་དྲུག་སིའུ་ཐང་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་གསེར་སྐུད་ཀྱིས་སྤྲིན་འབྲུག་སོགས་ཀྱི་རི་མོ་ཚེམ་དྲུབས་མ་ཤ་སྟག་ཡིན་པར་བརྟེན་དགའ་ལྡན་གསེར་ཐང་ཞེས་བརྗོད་ཅིང༌། ཉིན་དེར་གོས་སིའུ་ལས་གྲུབ་པའི་ཐུབ་དབང་དང༌། གནས་བརྟན་བཅུ་དྲུག་དགེ་བསྙེན། ཧྭ་ཤང༌། རྒྱལ་ཆེན་བཞི། གསང་འདུས་མི་བསྐྱོད་པ་བཅས་ཀྱི་ཐང་སྐུ་རྣམས་གསེར་སྡོང་ཁང་གི་མདུན་དུ་ཉིན་བདུན་རིང་བཤམས་པར་མ་ཟད། ཉིན་དེར་ད་དུང་རྒྱལ་བ་བྱམས་པའི་གོས་སྐུ་ཆེན་པོ་ཞིག་ཡངས་པ་ཅན་གཙུག་ལག་ཁང་གི་ཕྱིའི་རྩིག་ལྡེབས་སུ་བཤམས་ཏེ་ཕྱོགས་བཞིའི་དད་ལྡན་སེར་སྐྱ་རྣམས་ནས་ཕྱག་མཆོད་གསོལ་འདེབས་ཞུ་བཞིན་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060