སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཆོས་ལུགས་ལས་དོན་གླེང་སྟེགས་ནས་ནང་བསྟན་ཚོང་ལས་ཅན་དུ་འགྱུར་པ་སོགས་གནད་དོན་གཙོར་བཟུང་སྟེ་དབྱེ་ཞིབ་གནང་།
སྤེལ་དུས། 2015-06-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  གཡང་སྒྲོལ།

རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཝང་ཙུའོ་ཨན་གྱིས་དཔྱད་བརྗོད་སྤེལ།

 

གླེང་སྟེགས་ཚོགས་ཡུལ།

ཟླ པའི་ཚེས ༡༡ ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་སྐབས་དགུ་བའི་ཆོས་ལུགས་ལས་དོན་གྱི་གླེང་སྟེགས་སྤེལ་ཞིང་། ཆོས་ལུགས་ལས་དོན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཝང་ཙུའོ་ཨན་གླེང་སྟེགས་སུ་ཕེབས་ནས་གླེང་སྟེགས་ལ་དཔྱད་བརྗོད་སྤེལ། ཚོགས་ཐོག་ཏུ་ཆོས་ལུགས་ལས་དོན་ཅུས་ཀྱི་སི་དང་པོ་ལི་ལིང་ཧེ་དང་། སི་གཉིས་པ་ཝང་ཐའོ། སི་གསུམ་པ་ལིའུ་དབྱང་། སི་བཞི་བ་ཧོང་ཅ། ཞིབ་འཇུག་ལྟེ་གནས་ཀྱི་བློ་མཐུན་ཀྲང་ཨར་ཕིང་སོགས་ཀྱིས་ནང་བསྟན་ཚོང་ལས་ཅན་དུ་འགྱུར་བའི་གནད་དོན་དང་། གནམ་བདག་ཆོས་ལུགས་ཀྱི་གནད་དོན་གལ་ཆེན་འགའ། མིག་སྔའི་དབྱི་སི་ལན་ཆོས་ལུགས་ལས་དོན་ལ་འཕྲད་ཡོད་པའི་དཀའ་གནད། ཆོས་ལུགས་སློབ་གྲྭའི་སློབ་གཉེར་ལམ་ལུགས་ལེགས་བསྒྱུར་སྐོར་གྱི་གནད་དོན། མིག་སྔར་རྒྱལ་སྤྱིའི་ཆོས་ལུགས་ཀྱི་གནས་སྟངས་དང་འཕེལ་འགྱུར་ལ་སོགས་ཀྱི་གནད་དོན་དམིགས་སུ་བཀར་ནས་གཏམ་བརྗོད་སྤེལ་བ་མ་ཟད།  ཚོགས་ཞུགས་བློ་མཐུན་གྱི་དྲི་བར་ལན་བསྐྱོན་ཏེ་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་གནང་།

མཇུག་མཐར་ཅུས་ཀྲང་ཝང་ཙུའོ་ཨན་གྱིས་གོང་གི་བློ་མཐུན་ལྔའི་གླེང་བརྗོད་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་འདི་སྐད།  གོང་གི་བློ་མཐུན་ལྔའི་གླེང་བརྗོད་ནི་ཆོས་ལུགས་ལས་དོན་གྱི་དཀའ་གནད་དང་གཙོ་གནད་ལ་དམ་པོར་སྦྲེལ་ཡོད་ཅིང་།  གནས་ཚུལ་ལ་དབྱེ་ཞིབ་ཡོད་པ་དང་།  བསམ་གཞིགས་ལས་ལྟ་བ་ཐོན་ཡོད་པས།  ཆོས་ལུགས་ལས་དོན་ལེགས་སྒྲུབ་དང་ཆོས་ལུགས་མངའ་ཁོངས་ཀྱི་དཀའ་གནད་གཙོ་བོ་ཐག་གཅོད་ལ་ཟུར་ལྟ་དང་བློ་སྒོ་འབྱེད་པའི་དོན་སྙིང་ངེས་ཅན་ལྡན་ཞེས་བསྟན་པ་དང་། ཞོར་ལ་ན་གཞོན་ལས་བྱེད་པས་གླེང་སྟེགས་ཁྲོད་དུས་ཚོད་བཀོད་སྒྲིག་དང་སྐད་ཆ་སྡེབ་སྒྲིག  བརྗོད་གཞི་འབུར་ཐོན་བཅས་ལ་བྱང་ཆུད་པ་བྱས་ཏེ།  གླེང་སྟེགས་ཀྱི་དམིགས་འབེན་རང་བཞིན་དང་བརྗེ་རེས་རང་བཞིན་གྱི་ཕན་འབྲས་ཇི་ལྟར་འདོན་དགོས་པའི་ཐད་ལ་མཛུབ་འཁྲིད་གནང་བ་རེད།

ཁོང་གིས་ད་དུང་ཆོས་ལུགས་ལས་དོན་གླེང་སྟེགས་ཇི་ལྟར་གཉེར་དགོས་པའི་ཕྱོགས་དང་། སྐབས་རྗེས་མའི་ཆོས་ལུགས་ལས་དོན་གླེང་སྟེགས་ཇི་ལྟར་གཉེར་དགོས་པའི་སྐོར་ལ་བླང་བྱ་བཏོན།  ཁོང་ན་རེ།  གླེང་སྟེགས་འདི་ལས་བྱེད་པས་ཕན་ཚུན་བར་སློབ་སྦྱོང་དང་སྤེལ་རེས་ཀྱི་སྟེགས་བུ་ངོ་མ་ཞིག་ཏུ་འགྱུར་དུས།  སྡེ་ཚན་དང་ལས་ཁུངས་སོ་སོའི་ལས་བྱེད་པས་ཕན་ཚུན་བར་ལ་སློབ་སྦྱོང་དང་ཟུར་ལྟ་བྱེད་པར་སྐུལ་འདེད་ཐེབས་ངེས་པ་མ་ཟད།   ཆོས་ལུགས་ལས་དོན་ཀྱི་དཀའ་གནད་ཐག་གཅོད་དང་ཕྱོགས་ཡོངས་ཀྱི་གལ་ཆེ་ལས་དོན་གྱི་འོས་འགན་ལེགས་འགྲུབ་འབྱུང་བར་རིག་སྟོབས་ཀྱི་རྒྱབ་སྐྱོར་ཡང་བྱེད་ཐུབ་པ་ཡིན། དེ་ཚེ་བརྗོད་གཞི་གླེང་སྟེགས་ཀྱིས་འདེམས་ཤིང་།     སྡེ་ཚན་སོ་སོ་དང་ལས་ཁུངས་སོ་སོའི་བློ་མཐུན་ཚོས་སྟེགས་བུ་འདི་ནས་འགྲན་སློང་བའི་ཚུལ་དུ་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་ཅི་དགར་མངོན་ཆོག་པ་ཡིན།   ཐེངས་རྗེས་མའི་གླེང་སྟེགས་ཀྱིས་གཙོ་བོ་བློ་མཐུན་ཞིས་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དཀྱིལ་སྙིང་དུ་འཛིན་དགོས་པ་སྤྱི་དང་། ལྷག་དོན་ཞིས་ཅིན་ཕིང་གིས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཆོས་ལུགས་སོ་སོས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་གལ་ཆེན་རྒྱུན་སྐྱོང་བར་རྒྱབ་སྐྱོར་དགོས་ཚུལ་གྱི་གསུང་བཤད་གནད་དུ་བཟུང་སྟེ། སྡེ་ཚན་སོ་སོ་དང་། ལས་ཁུངས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བར་རིག་པའི་གཞུང་ལུགས་ཀྱི་བསམ་གཞིགས་དང་།  རིག་པའི་གཞུང་ལུགས་ཐད་ཀྱི་རྩོམ་ཡིག་འབྲི་བར་སྐུལ་སློང་བྱས་ནས་གླེང་སྟེགས་ཐོག་གྲུབ་འབྲས་གང་ལེགས་མངོན་དགོས་ཞེས་བསྟན།

ཆོས་ལུགས་ལས་དོན་ཅུས་ཀྱི་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་ཧྲུང་གིས་གླེང་སྟེགས་ལ་གཙོ་སྐྱོང་གནང་བ་དང་།  ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་གླེང་སྟེགས་སུ་ཞུགས།

ཁ་བྱང་ཕྱི་མོ། ཆོས་ལུགས་ལས་དོན་གླེང་སྟེགས་ཀྱིས་ནང་བསྟན་ཚོང་ལས་ཅན་དུ་འགྱུར་པ་ལ་སོགས་པའི་གནད་དོན་གཙིགས་སུ་བཟུང་ནས་དབྱེ་ཞིབ་གནང་།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060