སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བརྡ་ཁྱབ་ཀུང་སིས་ནང་བསྟན་དར་སྤེལ་ལ་ཁ་གཡར་ནས་ཚོང་ཆེན་བརྒྱབ་འདུག
སྤེལ་དུས། 2015-06-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  གཡང་སྒྲོལ།

སྒོར ༡༩༨༠༠ སྤྲད་ན་རྩོམ་སྒྲིག་པའི་གཟི་བརྗིད་ཁྱིམ་ལ་སྤར་ཐུབ་ཅེས་པ་ནི་བརྙན་འཕྲིན་བརྒྱུད་ཚོང་ཟོག་ཉོ་བའི་བརྡ་ཁྱབ་ཞིག་མ་ཡིན་པར།  པེ་ཅིང་གི"བསམ་གཏན་པའི་རིག་གནས་དར་སྤེལ"ལ་ཁ་གཡར་ནས་སྤེལ་བའི་མཐོ་རིམ་གླེང་སྟེགས་ཐོག་བྱུང་བའི་དོན་དངོས་ཤིག་རེད།

ཉེ་ལམ་གསར་འགོད་པས་པེ་ཅིང་དུ་སྤེལ་བའི"ཀྲུང་ཧྭའི་བསམ་གཏན་པའི་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་དྲུག་པའི"ཐོག    བགྲང་གིས་མི་ཟིན་པའི་རིན་བསྡུ་རྣམ་གྲངས་སྣ་ཚོགས་ཀྱིས་ཀུན་ལ་ཧ་ལས་ཤིང་ཧང་སངས་སུ་བཅུག་ཡོད།  རྩད་འདྲི་བྱེད་དུས་གླེང་སྟེགས་རྒྱབ་སྐྱོར་མཁན་གཞུང་ཕྱོགས་དོ་དམ་སྡེ་ཚན་གྱིས་གླེང་སྟེགས་དེའི་སྐོར་སྔོན་གོ་ཐོས་བྱུང་མི་འདུག་པས། གཙོ་གཉེར་བྱེད་མཁན་དགོན་སྡེ་གྲགས་ཅན་སྤེལ་རེས་དྲ་བའི་དྲ་ཚིགས་དེ་ནང་བསྟན་ཆོས་ལུགས་དར་སྤེལ་ལ་ཁ་གཡར་ནས་ཚོང་ཆེན་བརྒྱབ་ཏེ། ནང་བསྟན་ལས་རིགས་ལ་དམའ་འབེབས་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་དུ་གྱུར།

ཆེད་དོན་བཅར་འདྲི་ལས་སྒོར་དྲུག་སྟོང་དང་།  ལས་འཛིན་འགོ་གཙོ་སྡེ་ཚན་ནས་སྒོར་ཁྲི་ལྔའི་གྲོན་དངུལ་རིན་པ་བསྡུས་ཏེ་གཡོ་ཚོང་བཤམས།

"མཐོ་རིམ་གླེང་སྟེགས"དེ་ཕྱི་ཟླ པའི་ཚེས ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ཐོག་སྤེལ་འགོ་ཚུགས།  སྤེལ་ཡུལ་གནའ་བོའི་དགོན་གནས་མིན་པར་རྒྱལ་ཁབ་ཀྱི་གྲོས་ཚོགས་ལྟེ་གནས་རེད།  དེ་ཡང་གཙོ་གཉེར་མཁན་ཀྲུང་ཧྭ་དུས་རབས་མི་གྲགས་མཐུན་ཚོགས་དང་ཀྲུང་གོའི་དགོན་སྡེ་གྲགས་ཅན་སྤེལ་རེས་དྲ་བ་གཉིས་ཀྱིས། གླེང་སྟེགས་འདི་ནི་ཀྲུང་གོའི་བསམ་གཏན་སྒོམ་སྒྲུབ་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཡིན་པས།  ཉིན་དེའི་གྲོས་ཚོགས་ཐོག་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་དང་རྒྱལ་ཁབ་ཆོས་ལུགས་ཅུས།  ཀྲུང་གོའི་ནང་བསྟན་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་།  རྒྱལ་ཡོངས་ཀྱི་དགོན་སྡེ་བཅུའི་མཁན་པོ་དང་དགོན་བདག་བཅས་འདུ་འཛོམས་བྱུང་ཡོད་ཟེར།

ཕྱི་དྲོར་འགོ་ཁྲིད་རྣམས་ཚོགས་གྲོལ་ནས་ཕྱིར་ཕེབས་མ་ཐག   གཙོ་སྐྱོང་བས་རིན་བསྡུའི་རྣམ་གྲངས་སྐོར་ངོ་སྤྲོད་བྱེད་འགོ་ཚུགས་བྱུང་བ་ནི།   དགོན་སྡེ་གྲགས་ཅན་སྤེལ་རེས་དྲ་ཚིགས་སུ་དགེ་བའི་བཤེས་གཉེན་ཀྱིས་ཆེད་དོན་བཅར་འདྲི་ལ་དང་ལེན་ཐེངས་གཅིག་བྱས་བར་སྒོར་དྲུག་སྟོང་བསྡུ་རྒྱུ་དང་། ཚོགས་ཞུགས་མི་སྣའི་ངོ་སྤྲོད་ལྟར་ཉིན་གཉིས་ལྷག་རིང་གི་ཚོགས་འདུའི་དུས་ཡུན་ནང་། གཙོ་གཉེར་ཕྱོགས་ཀྱིས་དགེ་བའི་བཤེས་གཉེན་གྱི་འཐུས་ཚབ་ཚོགས་ཞུགས་པ་རེ་ནས་སྒོར ༢༩༨༠ བསྡུ་རྒྱུ།  དེ་ལ་བྱ་དགའ་ལེགས་ཤོས་ཐོབ་པའི་དཔང་ཡིག་གནང་ངེས།  སྤྱིར་བཏང་གི་ཚོགས་ཞུགས་སྐུ་མགྲོན་རེ་ནས་སྒོར༩༨༠༠བསྡུ་རྒྱུ་དང་། དེ་དག་ཀྲུང་གོའི་དེང་རབས་ནང་བསྟན་ཆོས་ལུགས་མི་སྣ་གྲགས་ཅན་གྱི་མཛོདཅེས་པའི་གྲས་དང་།   ཀྲུང་ཧྭའི་དུས་རབས་མི་གྲགས་མཐུན་ཚོགས་སུ་ཞུགས་ཐུབ་པར་མ་ཟད།  ལོ་གཅིག་གི་ཚོགས་ཞུགས་གྲོན་དངུལ་སྤྲོད་མི་དགོས།   སྐུ་མགྲོན་འཇོན་ཐང་ཅན་རེ་ནས་སྒོར ༡༩༨༠༠ བསྡུ་རྒྱུ་དང་། མི་ལྔ་ལས་ཞུགས་མི་ཆོག  དེ་ལ་འཆམ་མཐུན་དགོན་པ་གསར་འཛུགས་ཀྱི་དགེ་སྒྲུབ་སློབ་དཔོན་གྱི་ཐོབ་ཐང་དང་མཚན་མིང་བརྐོས་པའི་གསེར་བྱང་གཅིག་བཅས་གནང་ངེས། 

གཞན་ཀྲུང་གོའི་དགོན་སྡེ་གྲགས་ཅན་སྤེལ་རེས་དྲ་བའི་ལས་འཛིན་ལས་ཁུངས་དང་། ལས་འཛིན་པ་གཞོན་པའི་འགན་བཞེས་མཁན་གྱིས་སྐབས་རེ་རེར་སྒོར་ཁྲི༣རེ་སྤྲོད་དགོས་པ་དང་།  ལས་འཛིན་པས་སྒོར་ཁྲི་ལྔ་སྤྲོད་དགོས་པ་ཡིན།   གོང་གསལ་དག་ཚོགས་ཐོག་ཏུ་མ་ཞུགས་རུང་སྒོར་འབྱོར་ན་ཆོག་ལ།  གཟི་བརྗིད་སྐུ་མགྲོན་གྱི་མཚན་མིང་བཞེས་མཁན་གྱིས་སྒོར ༡༥༨༠ སྤྲད་ཚེ་བྱ་དགའ་ཐོབ་པའི་དཔང་ཡིག་དང་འོད་སྡེར་བཅས་སྦྲག་ཐོག་ནས་སྐུ་མགྲོན་ལ་བསྐུར་ངེས་ཅེས་པ་ལྟ་བུ་རེད།

གླེང་སྟེགས་དེ་མ་ཚོགས་གོང་ལ་གསར་འགོད་པས་མིང་ཐོ་འགོད་ས་ནས་ལྐོག་འདྲི་བྱེད་དུས། གཙོ་གཉེར་ཕྱོགས་ཀྱིས་བཤད་རྒྱུར། སྒོར ༡༩༨༠༠ སྤྲོད་ཐུབ་ཚེ་ཀྲུང་གོའི་དེང་རབས་ནང་བསྟན་ཆོས་ལུགས་མི་སྣ་གྲགས་ཅན་གྱི་མཛོདཅེས་པའི་དེབ་འདིས་རྩོམ་སྒྲིག་པ་གཙོ་བོར་འགྱུར་ཐུབ་ཅིང་། དེ་དང་དཔེ་དེབ་རྩོམ་སྒྲིག་བྱས་མ་བྱས་ལ་འབྲེལ་བ་ཅི་ཡང་མེད་ཟེར།   ཡང་གསར་འགོད་པས་སྒོར ༡༩༨༠༠ སྤྲད་པའི་སྐུ་མགྲོན་ལ་དགེ་བ་ཅི་ཡོད་ཅེས་དྲིས་པའི་ལན་དུ། སྐུ་མགྲོན་དེ་རིགས་དཔྱད་རྩོམ་གྱི་བྱ་དགའ་དཔྱད་བསྡུར་ནང་ཞུགས་ཐུབ་པ་མ་ཟད།  བྱང་ཆུབ་སེམས་ཀྱི་བྱ་དགའ་འམ་པདྨ་མའི་བྱ་དགའ་གཉིས་ལས་གང་རུང་འདེམ་ཆོག་པ་དང་།   དགེ་སྒྲུབ་སློབ་དཔོན་ནམ་ཆོས་སྤེལ་ལེགས་སྐྱེས་ཞེས་མཚན་མིང་བརྐོས་པའི་རིན་གོང་སྒོར ༣༠༠༠ ཅན་གྱི་གསེར་བྱང་གཉིས་ལས་ཀྱང་གང་རུང་འདེམ་ཆོག   ཅི་དགོས་པ་ཉིན་དེའི་དགོང་མོར་བཟོ་ཐུབ།  བྱ་དགའ་སྟེར་བའི་མཛད་སྒོའི་ཐོག་སྟེགས་བུར་བུད་དེ་བྱ་དགའ་བླངས་ནས་འདྲ་པར་བསྐྱོན་ཆོག་ཅེས་ལན་སྤྲད་བྱུང་། 

ཚད་ལྡན་གྱི་ནང་བསྟན་རིག་གཞུང་བྱེད་སྒོར་ཐེངས་མང་ཞུགས་མྱོང་བའི་དགེ་བཤེས་ཤིག་གིས།   ཚད་ལྡན་གྱི་ནང་བསྟན་རིག་གཞུང་བྱེད་སྒོ་དག་ནི་ཚད་ལྡན་གྱི་དགོན་སྡེ་དང་། ནང་བསྟན་མཐུན་ཚོགས།  ནང་བསྟན་སློབ་གླིང་། ཡང་ན་ཆོས་ལུགས་དོ་དམ་སྡེ་ཚན་གྱིས་སྣེ་འཁྲིད་དེ་སྤེལ་བ་ལས།  རིན་བསྡུ་བའི་སྲོལ་མེད།   ལྷག་པར་ཐེངས་འདིའི་བསམ་གཏན་སྒོམ་སྒྲུབ་ཀྱི་རིག་གནས་གླེང་སྟེགས་ལྟ་བུ་སྒོར་མོ་རྐྱང་རྐྱང་ཚད་གཞིར་འཛིན་པ་ནི་དེ་ལས་ཀྱང་མཐོང་མྱོང་མེད་གསུངས་བྱུང་།

རྩོམ་འགན་པ། སྒྲོལ་ཚེ།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060