སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོས་ལྷ་སར་ཆོས་ཀྱི་མཛད་འཕྲིན་སྤེལ་བ།
སྤེལ་དུས། 2017-08-02   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  ཀླུ་མོ་མཚོས་བསྒྲིགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས30ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོས་ལྷ་སར་ཆོས་ཀྱི་མཛད་འཕྲིན་སྤེལ་བ་མ་ཟད། དད་ལྡན་སེར་སྐྱ་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་རེད། 
          ཚེས30ཉིན། ཆར་པ་བབས་རྗེས་ཀྱི་ལྷ་སར། གནམ་ངོ་དྭངས་ཤིང་མཁའ་དབུགས་ཤིན་ཏུ་གཙང་། 1995ལོར། གསེར་བུམ་དཀྲུག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་རྗེས། དགུང་ལོ་5རུ་ཕེབས་པའི་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོ་སྐུ་ཕྲེང་བཅུ་གཅིག་པ་བཀྲ་ཤིས་ལྷུན་པོའི་བཞུགས་ཁྲིར་མངའ་གསོལ་བ་རེད། 2015ལོར། བཀྲ་ཤིས་ལྷུན་པོའི་བཞུགས་ཁྲིར་མངའ་གསོལ་ནས་ལོ་ངོ20འཁོར་བར་དགའ་སྟོན་གཟབ་རྒྱས་བཤམས་པ་རེད། 
2016ལོར། པཎ་ཆེན་མཆོག་གིས་གཞིས་རྩེ་རུ་ཐོག་མར་དུས་འཁོར་རྩ་རྒྱུད་ཀྱི་དབང་གནང་བ་རེད། 
ཟླ7ཚེས27ཉིན་གྱི་ཆུ་ཚོད5:00པ་ཡོལ་ཙམ་ལ། གྲྭ་བཙུན་ཚོས"སེར་སྦྲེང"བཏང་ནས་དར་ལྕོགས་དང་། བསང་གི་དྲི་བསུང་དང་འགྲོགས་ནས་གཙུག་ལག་ཁང་དུ་ཕེབས་བསུ་ཞུས་པ་རེད། 
          ཆུ་ཚོད6:00པའི་ཐོག་ཏུ། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཞིན། གཙུག་ལག་ཁང་གི་བླ་ཆེན་ཚོས་མཎྜལ་ཕུལ་བ་དང་། དེར་མཐུད་ནས་དེར་བཞུགས་ཀྱི་བླ་ཆེན་སོགས་ལ་ཕྱག་དབང་གནང་བ་རེད། 

          ཐེངས་འདི་པཎ་ཆེན་ལོ་རེར་ལྷ་སར་ཕེབས་པའི་མཛད་སྒོའི་ཐོག་མ་ཡིན་པ་དང་། གཙུག་ལག་ཁང་དུ་སྐར་མ50ལྷག་ཙམ་རིང་རྟེན་མཇལ་ཕྱག་མཆོད་ཕུལ་ནས་བཞུགས་པ་རེད།       
          པཎ་ཆེན་མཆོག་ཟླ7ཚེས25ཉིན་མེ་འཁོར་ལ་བཞུགས་ནས་ལྷ་སར་ཕེབས་པ་དང་། ཉེ་ཆར། ཁོང་གིས་བོད་ལྗོངས་ཀྱི་ས་ཆ་ཁག་ཏུ་ཆོས་ཀྱི་མཛད་འཕྲིན་མང་པོ་སྤེལ་རྒྱུ་ཡིན་པ་རེད། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716