སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
པཎ་ཆེན་རིན་པོ་ཆེས་བདེ་ཆེན་སྐལ་བཟང་ཕོ་བྲང་ནས་དད་ལྡན་མང་ཚོགས་རྣམས་ལ་ཕྱག་དབང་གནང་བ།
སྤེལ་དུས། 2017-08-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཉིན་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་གཞིས་ཀ་རྩེའི་བདེ་ཆེན་སྐལ་བཟང་ཕོ་བྲང་ནས་དད་ལྡན་མང་ཚོགས་ཁྲི་གཉིས་ལྷག་ལ་ཕྱག་དབང་གནང་།

པཎ་ཆེན་རིན་པོ་ཆེས་ཕྱག་དབང་གནང་བར་སྒུག་པའི་ལོ་༨༠ཅན་གྱི་ཨ་མ་རྒན་མོ།

པཎ་ཆེན་རིན་པོ་ཆེས་ཕྱག་དབང་གནང་བར་གྲལ་བསྒྲིགས་ཏེ་རེ་ལྟོས་བྱེད་པའི་དད་ལྡན་མང་ཚོགས།

པཎ་ཆེན་རིན་པོ་ཆེས་ཕྱག་དབང་གནང་བར་གྲལ་བསྒྲིགས་ཏེ་རེ་ལྟོས་བྱེད་པའི་དད་ལྡན་མང་ཚོགས།
          ཞོགས་པར། བདེ་ཆེན་སྐལ་བཟང་ཕོ་བྲང་གི་ར་སྐོར་ཕྱི་ནང་ཀུན་ཏུ་པཎ་ཆེན་རིན་པོ་ཆེས་ཕྱག་དབང་གནང་བར་སྒུག་པའི་མང་ཚོགས་ཀྱིས་ཁེངས་ཡོད་ཅིང་།  རུ་དཔུང་གི་ཁྲོད་དུ་ལག་རྟེན་བཟུང་བའི་སྤོ་བོ་དང་། རྐུབ་སྟེགས་འཁོར་ལོ་ཅན་དུ་བསྡད་པའི་རྨོ་བོ་ཡོད་ལ།  ཕྲུ་གུ་པང་བའི་ཨ་མ་དང་།  རྒན་རབས་སྐྱོར་བའི་ན་གཞོན་ཡང་ཡོད།

པཎ་ཆེན་རིན་པོ་ཆེའི་ཞལ་ངོར་འཛུམ་མདངས་རྒྱས་བཞིན་བཞུགས་ཁྲིའི་སྟེང་བརྟན་པོར་བཞུགས་པ།

པཎ་ཆེན་རིན་པོ་ཆེའི་ཞལ་ངོར་འཛུམ་མདངས་རྒྱས་བཞིན་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བར་སྒུག་པ།
          པཎ་ཆེན་རིན་པོ་ཆེ་འཁོར་དང་བཅས་པ་གྲྭ་པ་རྣམས་ཀྱི་ལྷང་ལྷང་དུ་གྲགས་པའི་ཆོས་སྒྲ་དང་ལྷོག་ལྷོག་ཏུ་འཕྱུར་བའི་བསང་དུད་དང་མཉམ་དུ་འདུ་ཁང་ནང་དུ་ག་ལེར་ཕེབས་ཏེ་བཞུགས་ཁྲིའི་སྟེང་དུ་བཞུགས་རྗེས། གྲྭ་པ་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེར་ཕྱག་འཚལ།  དེའི་རྗེས་སུ་པཎ་ཆེན་རིན་པོ་ཆེས་རིམ་པ་བཞིན་སེར་སྐྱ་མང་ཚོགས་ལ་ཕྱག་དབང་གནང་།

པཎ་ཆེན་རིན་པོ་ཆེས་རྐུབ་སྟེགས་འཁོར་ལོ་ཅན་གྱི་སྟེང་བསྡད་པའི་ཨ་མ་རྒན་མོར་ཕྱག་དབང་གནང་བ།
པཎ་ཆེན་རིན་པོ་ཆེས་ན་ཚ་ཅན་གྱི་ཨ་མ་རྒན་མོར་ཕྱག་དབང་གནང་བ།
          མི་རྣམས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ཞིང་མགོའི་ཞྭ་མོ་ཕུད་དེ་གཉའ་སྒུར་སྒུར་གྱིས་བཞུགས་ཁྲིའི་སྟེང་བཞུགས་པའི་པཎ་ཆེན་པོ་ཆེའི་སྐུ་མདུན་ནས་བརྒྱུད་ཅིང་། དེའི་བར་དུ་ན་ཚ་ཅན་གྱི་དད་ལྡན་རྒན་རྒོན་མང་པོས་པཎ་ཆེན་རིན་པོ་ཆེར་ན་ཚ་ཞི་བའི་དངོས་གྲུབ་ལེན་པའི་རེ་བ་ཞུས་པར་མ་ཟད།  ལག་ཏུ་རང་གི་ལག་བསྐོར་མ་ཎི་འཁོར་ལོ་དང་ཕྲེང་བ་བཟུང་བའི་དད་ལྡན་མང་ཚོགས་ཀྱིས་རིན་པོ་ཆེར་བྱིན་བརླབས་གནང་བའི་རེ་བ་ཞུས་ཤིང་། པཎ་ཆེན་མཆོག་གིས་ཞལ་ངོར་འཛུམ་གྱིས་ཁེངས་བཞིན་དད་ལྡན་མང་ཚོགས་སོ་སོའི་འདོད་བློ་བསྐང་བར་བྱས།

དམངས་ཕན་ཞབས་ཞུ་ལྟེ་གནས།

ལས་བྱེད་མི་སྣས་དད་ལྡན་མང་ཚོགས་རྣམས་ལ་ཇ་བསྐྱལ་བ།
          ཟླ་བརྒྱད་པའི་གཞིས་ཀ་རྩེ་ནི་ཚ་གདུང་གིས་གཙེས་ཤིང་། དད་ལྡན་མང་ཚོགས་རྣམས་ཀྱིས་བདེ་འཇགས་དང་། བདེ་ཐང་ངང་པཎ་ཆེན་རིན་པོ་ཆེའི་ཕྱག་དབང་འཐོབ་པར་འཇུག་ཆེད།  རྩ་འཛུགས་ཕྱོགས་ཀྱིས་ཆེད་དུ་དམངས་ཕན་ཞབས་ཞུ་ལྟེ་གནས་བཀོད་སྒྲིག་བྱས་ཏེ་གྲལ་བསྒྲིགས་ནས་ངང་སྒུག་བྱེད་པའི་དད་ལྡན་མང་ཚོགས་རྣམས་ལ་འཐུང་ཆུ་དང་། སྨན་བཅོས་ཀྱི་ཞབས་ཞུ་མཁོ་འདོན་བྱས།  དད་ལྡན་མང་ཚོགས་ལ་ལས་ཕྱག་དབང་གནང་བར་ངང་སྒུག་བྱེད་པའི་གོ་རིམ་ཁྲོད། ད་རུང་སྨན་བཅོས་མི་སྣ་གདན་འདྲེན་བྱས་ཏེ་ཁྲག་ཤེད་ཀྱི་ཚད་འཇལ་བྱས་ཤིང་།  དད་ལྡན་མང་ཚོགས་རྣམས་ཀྱིས་རྩ་འཛུགས་ཕྱོགས་ཀྱི་སེམས་པར་དྲོད་ཁོལ་སྦྱིན་པའི་ཞབས་ཞུ་འདིའི་རིགས་ལ“ཡག་པོ་འདུག”ཅེས་བསྟོད་བསྔགས་བྱས།

པཎ་ཆེན་རིན་པོས་དད་ལྡན་མང་ཚོགས་རྣམས་ལ་ཕྱག་དབང་གནང་བཞིན་པ།
          ཕྱག་དབང་གནང་བའི་བྱ་འགུལ་ཧྲིལ་བོར་བསྟུད་མར་ཆུ་ཚོད་འགའ་འགོར་ཞིང་། པཎ་ཆེན་རིན་པོ་ཆེས་དཀའ་ཚེགས་ལ་མ་འཛེམ་པར་རིམ་པ་བཞིན་དད་ལྡན་མང་ཚོགས་ཁྲི་གཉིས་ལྷག་གི་རེ་འདུན་བསྐངས།  པཎ་ཆེན་རིན་པོ་ཆེའི་མཐའ་འཁོར་གྱི་སེར་མོ་བ་རྣམས་ཀྱང་བྱ་འགུལ་ཧྲིལ་བོའི་གོ་རིམ་ཁྲོད་གདན་ཐོག་ཏུ་བསྡད་དེ་ཆོས་བཏོན་ནས་སྨོན་ལམ་བཏབ། པཎ་ཆེན་རིན་པོ་ཆེའི་ཕྱག་དབང་འཐོབ་རྗེས། 
དད་ལྡན་མང་ཚོགས་ཀྱིས་ད་རུང་རྡོ་རྗེའི་མདུད་པ་བླངས།

དད་ལྡན་མང་ཚོགས་ཀྱིས་ད་རུང་རྡོ་རྗེའི་མདུད་པ་བླངས།  ཝང་ཧྲུའུ་ཡིས་པར་བླངས།
          ཕྱག་དབང་ནི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་སྐྱེས་ཆེན་དམ་པ་རྣམས་ཀྱིས་སེར་སྐྱ་མང་ཚོགས་རྣམས་ལ་དངོས་གྲུབ་ལེན་པ་དང་། བགེགས་དང་གནོད་འཚེ་ཞི་བར་སྤེལ་བའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་དུ་བླ་སྤྲུལ་དང་སྐྱེས་ཆེན་དམ་པར་ད་གཟོད་མི་གཞན་གྱི་མགོར་རེག་པའི་དབང་ཆ་ཡོད། དེ་བས་པཎ་ཆེན་རིན་པོ་ཆེའི་ཕྱག་དབང་འཐོབ་པའི་དད་ལྡན་མང་ཚོགས་ལ་མཚོན་ན་བདེ་སྐྱིད་ཆེན་པོ་ཞིག་ཡིན་ཞིང་། ཐེངས་འདིའི་ཕྱག་དབང་གནང་བའི་བྱ་འགུལ་བདེ་ལེགས་ངང་ལེགས་འགྲུབ་བྱུང་ངོ་།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716