སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བཞི་པའི་མཐོ་རིམ་མཚན་གནས་འཛིན་གྲྭས་བོད་ལྗོངས་ཀྱི་དགོན་པའི་ནང་དུ་རྟགས་གསལ་གྱི་དངོས་སྦྱོང་བྱེད་དུ་སོང་།
སྤེལ་དུས། 2017-08-31   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པད་མས་བསྒྱུར།
དགེ་ལུགས་པའི་མ་དགོན་དགའ་ལྡན་དགོན།

          ཀྲུང་གོ་བོད་ལྗོངས་དྲ་བ་ནས་སྤེལ་བའི་གནས་ཚུལ།ཟླ8པའི་ཚེས་29ཉིན།ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བཞི་པའི་མཐོ་རིམ་མཚན་གནས་འཛིན་གྲྭའི་དགེ་ལུགས་པའི་སློབ་མ13བོད་ལྗོངས་ཀྱི་དགའ་ལྡན་དགོན་དུ་སླེབས་ནས་རྟགས་གསལ་གཏོང་བའི་དངོས་སྦྱོང་བྱས་ཏེ།  སླད་ཕྱིན་དགའ་ལྡན་དགོན་པའི་བླ་མ་སྐྱེས་ཆེན་དང་རྟགས་གསལ་སྤེལ་རེས་བྱ་རྒྱུ་རེད།

རྟགས་གསལ་གཏོང་བའི་ཡུལ་དངོས།

          དགའ་ལྡན་དགོན་ནི་ལྷ་སའི་སྟག་རྩེ་རྫོང་ཁོངས་ཀྱི་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3800ཟིན་པའི་དབང་པོ་རི་སྟེང་དུ་ཆགས་ཡོད་ཅིང་།    དགོན་པ་འདི་ནི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་གྲས་དྲུག་གི་ཁྲོད་ཀྱི་དམིགས་བསལ་གྱི་གོ་གནས་ལྡན་པའི་དགོན་སྡེ་ཆེ་ཤོས་དེ་ཡིན་ལ།  རྗེ་ཙོང་ཁ་པ་ཆེན་པོས་སྤྱི་ལོ1409ལོར་གསར་བཞེངས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་ཐོག་མ་དེ་ཡིན་པས།བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་ལུགས་པའི་མ་དགོན་ཡིན།

          དགའ་ལྡན་དགོན་དུ་ལོ་རྒྱུས་ཀྱི་རིག་དངོས་རྩ་ཆེན་ཕུན་སུམ་ཚོགས་པ་ཉར་ཚགས་བྱས་ཡོད་ཅིང་།  དེའི་ནང་དུ་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་སྤྱི་ལོ1757ལོར་དགོན་པ་འདིར་བསྩལ་བའི་གསེར་དངུལ་རིན་པོ་ཆེ་དང་།  རྒྱ་སོག་དང་བོད་ཡིག་མན་ཇུ་ཡིག་རིགས་བཞིའི་གོ་ཆ་དང་།  རྒྱལ་ཁབ་ཀྱི་རིམ་པ་དམིགས་བསལ་ཅན་གྱི་རིག་དངོས་དང་།བོད་ཡིག་གསེར་བྲིས་ཀྱི《བཀའ་བསྟན་འགྱུར་》ཁྲོད་ཀྱི་《བཀའ་འགྱུར་》ཆ་ཚང་དང་།  གནས་བརྟན་བཅུ་དྲུག་གི་འཁོར་དང་རྒྱལ་ཆེན་རིགས་བཞི་སོགས་ལས་གྲུབ་པའི་“འཚེམ་དྲུབ”ཀྱི་ཐང་ག་སོགས་ཡོད་པ་དང་།  རིག་དངོས་འདི་དག་གིས་མིང་ཆིང་རྒྱལ་རབས་གཉིས་ཀྱི་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་བར་གྱི་འབྲེལ་བ་དམ་ཟབ་ཡིན་པ་མཚོན་ཡོད།  ཆོས་ལུགས་དང་།  སྒྱུ་རྩལ།ཆབ་སྲིད།རིག་གནས་སྟེང་ལྡན་པའི་གོ་གནས་གལ་ཆེན་གྱི་དབང་གིས།སྤྱི་ལོ1961ལོར་དགའ་ལྡན་དགོན་འདི་ཉིད་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བཞག

་རྟགས་གསལ་འགོ་མ་ཚུགས་གོང་།
སེར་མོ་བ་ཚོས་མཉམ་དུ་ཞལ་འདོན་གནང་བ།

          སྐབས་བཅུ་བཞི་པའི་མཐོ་རིམ་མཚན་གནས་འཛིན་གྲྭའི་སློབ་མ་འཕྲིན་ལས་རྒྱ་མཚོས་གསར་འགོད་པར་བཤད་རྒྱུར། དེ་སྔོན་འབྲས་སྤུངས་དགོན་གྱི་བླ་མ་སྐྱེས་ཆེན་དང་བགྲོ་གླེང་བྱེད་པའི་ཁྲོད་ཆོས་ལུགས་ཀྱི་ཤེས་བྱ་མང་པོ་ཞིག་རྟོགས་སོང་བས།རྒྱུད་ལ་ཡོན་ཏན་མི་དམན་པ་ཞིག་འབྱོར།  འབྲས་སྤུངས་དགོན་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་འདབས་སུ་ཆགས་ཡོད་ཅིང་།དེ་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་དྲུག་གི་ཡ་གྱལ་ཡིན།



རྟགས་གསལ་གཏོང་བའི་ཡུལ་དངོས།

          རྒྱུས་ལོན་བྱུང་བ་ལྟར་ན།མི་འགྱངས་པར་མཐོ་རིམ་མཚན་གནས་འཛིན་གྲྭའི་དགེ་ལུགས་པའི་སློབ་མ13གྱིས་དགའ་ལྡན་དགོན་པའི་ནང་ནས་དུས་ཡུན་ཉིན་གསུམ་གྱི་རྟགས་གསལ་དངོས་སྦྱོང་བྱ་རྒྱུ་རེད།གཙོ་བོ“གཞུང་བཀའ་པོད་ལྔ”(ཚད་མ།ཕར་ཕྱིན།དབུ་མ།འདུལ་བ།མངོན་པ།)དང་འབྲེལ་ནས་རྟགས་གསལ་གཏོང་རྒྱུ་རེད།
          དེ་དང་ཆབས་ཅིགསྐབས་བཅུ་བཞི་པའི་མཐོ་རིམ་མཚན་གནས་འཛིན་གྲྭའི་ས་སྐྱ་པའི་སློབ་མ་བཅུ་པོས་ཀྱང་ངོར་དགོན་པའི་སྐྱེས་ཆེན་བླ་མ་རྣམས་དང་རྟགས་གསལ་གཏོང་བའི་དངོས་སྦྱོང་བྱས།
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716