སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
【ཚོགས་ཆེན་བཅུ་དགུ་པའི་ཕྱིར་ལེན】རིག་གནས་མཉམ་སྤེལ། སེམས་པ་གཅིག་མཐུན། ཐའེ་ཝན་སྤུན་ཟླས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བསྟོད་བསྔགས་བྱེད་པ།
སྤེལ་དུས། 2017-10-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་24ཉིན། པེ་ཅིང་དུ་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚོགས་འདུ་མཇུག་སྒྲིལ་ཞིང་། ཚོགས་ཆེན་ཐོག་ངེས་པར་དུ་མུ་མཐུད་ནས་“ཞི་བས་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་རྒྱ་བསྐྱེད་དང་། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླས་ཀྲུང་ཧྭའི་རིག་གནས་དར་སྤེལ་དང་། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་ཡོང་བར་སྐུལ་འདེད། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་ནན་གྱིས་བསྟན།

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བསམ་བློ་བརྗེ་རེས་ཚོགས་པ་དང་ཐའེ་ཝན་ཀུའུ་ཡན་དགོན་པ། སྟོང་སྐུ་རི་བོ་སོགས་ནང་བསྟན་ཚོགས་པས་བསམ་བློ་བརྗེ་རེས་བྱེད་པ།
           གསར་འགོད་པས་ཐའེ་ཝན་དུ་བཅར་འདྲི་བྱེད་སྐབས། ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཚོགས་ཆེན་བཅུ་དགུ་པར་ཚད་མཐོའི་གདེང་འཇོག་བྱས་ཤིང་། མང་ཚོགས་དཀྱུས་མས་ཀྱང་ངོགས་གཉིས་ཀྱི་དཔལ་འབྱོར་ཚོང་གཉེར་གྱི་སྤེལ་རེས་དང་ཐའེ་ཝན་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་སྲིད་ཇུས་ཀྱི་ནང་དོན་ལ་དོ་སྣང་ཆེན་པོ་བྱས། ཀའོ་ཞུང་གྲོང་ཁྱེར་གྱི་ངོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་གྱི་ལས་ཀ་གཉེར་བའི་སྐུ་ཞབས་ལུའོ་ལགས་ཀྱིས་བཤད་རྒྱུར། “ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་སྐམ་ས་ཆེན་པོའི་འཕེལ་རྒྱས་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་པ་མཐོང་ཞིང་། ལོ་རེར་པེ་ཅིང་དུ་ཡོང་བ་ན་བྱ་དངོས་གསར་པ་མང་པོ་མཐོང་རྒྱུ་ཡོད། ལྷག་པར་དུ་སྐམ་ས་ཆེན་པོའི་དྲ་རྒྱ་གསར་གཏོད་དང་། དྲ་རྒྱའི་དོན་སྤྱི་གསར་པ་དང་ཐ་སྙད་མང་པོ་ཞིག་གིས་ཐའེ་ཝན་གྱི་ན་གཞོན་རྣམས་ལ་ཤུགས་རྐྱེན་ཐེབས་ཡོད། སྐུ་ཞབས་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ‘ང་ཚོས་ངོགས་གཉིས་ཁྱིམ་གཅིག་ཡིན་པའི་འདུ་ཤེས་བཟུང་སྟེ། ཐའེ་ཝན་གྱི་ད་ཡོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་ལ་བརྩི་བཀུར་བྱས་ནས་ཐའེ་ཝན་སྤུན་ཟླ་རྣམས་དང་མཉམ་དུ་སྐམ་སའི་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་པར་སྣེ་ཁྲིད་བྱེད་འདོད་ཡོད'ཅེས་གསུངས་པ་འདིས་ང་ཚོར་བྱམས་བརྩེ་ཆེན་པོ་དང་མི་སེམས་ལ་སྐུལ་ལྕག་ཆེན་པོ་ཐོབ་སོང”ཞེས་བཤད།

           ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བསམ་བློ་བརྗེ་རེས་ཚོགས་པ་དང་ཐའེ་ཝན་གྱི་སྲོལ་རྒྱུན་མི་ཆོས་རིག་གནས་འཕེལ་རྒྱས་མཐུན་ཚོགས་ཀྱིས་མཉམ་གཅིག་ཏུ་ཐའེ་ཝན་གྱི་ཆོས་རྔ་རི་བོར(ཧྥ་ཀུའུ་ཧྲན)ལྟ་སྐོར་བྱས།
           ཐའེ་ཝན་གྱི་སྲོལ་རྒྱུན་གྱི་མི་ཆོས་རིག་གནས་འཕེལ་རྒྱས་མཐུན་ཚོགས་ནི་ཐའེ་ཝན་གྱི་དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་ཡིན་ཞིང་། སྔར་ནས་ད་བར་དུ་ངོགས་གཉིས་དབར་གྱི་རིག་གནས་ཀྱི་འབྲེལ་འདྲིས་དང་བརྗེ་རེས་བྱ་བར་གཞོལ་བཞིན་ཡོད། ཉེ་ཆར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་སྲོལ་རྒྱུན་གྱི་མི་ཆོས་རིག་གནས་འཕེལ་རྒྱས་མཐུན་ཚོགས་སོགས་ཀྱིས་བསྒྲུབས་པའི་ངོགས་གཉིས་ཀྱི་རྒྱ་བོད་ནང་བསྟན་དབར་གྱི་འབྲེལ་འདྲིས་དང་བརྗེ་རེས་ཀྱི་བྱ་འགུལ་དེ་ཐའེ་པེ་དང་། ཀའོ་ཞུང་། ཐའེ་ནན། ཅ་དབྱི་སོགས་ཀྱི་གནས་སུ་སྤེལ་ཞིང་། མཐུན་ཚོགས་ཀྱི་ལས་འཛིན་སྤྱི་དཔོན་ཁྲེན་ཞའོ་ཀྲུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྐུ་ཞབས་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ནན་གྱིས་བསྟན་དོན།“ངོགས་གཉིས་ཀྱི་སྤུན་ཟླ་ནི་ལས་དབང་གཅིག་མཐུན་གྱི་ཤ་ཁྲག་གཅིག་ཏུ་འདྲེས་པའི་ཕུ་ནུ་ལྟ་བུ་དང་། བརྩེ་དུང་ཟབ་པའི་ཁྱིམ་ཚང་གཅིག་ཡིན”ཞེས་གསུངས། ནང་བསྟན་རིག་གནས་དེ་ཉིད་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། དེ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་སེམས་ཀྱི་འབྲེལ་ཐག་ལྟ་བུ་ཡིན་ཞེས་བསྟན་པ་དང་། ཁྲེན་ཞའོ་ཀྲུང་གིས་ང་ཚོས་མཚོ་འགག་ངོགས་གཉིས་ཀྱི་རྒྱ་བརྒྱུད་ནང་བསྟན་དང་། བོད་བརྒྱུད་ནང་བསྟན་གྱི་འབྲེལ་འདྲིས་ལ་སྐུལ་འདེད་བྱས་ཏེ། སྲོལ་རྒྱུན་རིག་གནས་ཀྱིས་མཚོ་འགག་ངོགས་གཉིས་ཀྱི་དམངས་སེམས་ཀྱི་ཐག་ཇེ་ཉེར་བཏང་བ་བརྒྱུད། དེ་ནི་སྐུ་ཞབས་ཞི་ཅིན་ཕིང་གིས་བཏོན་པའི་“ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་”དང་།“མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླས་མཉམ་གཅིག་ཏུ་ཀྲུང་ཧྭའི་རིག་གནས་དར་སྤེལ་དང་། སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་བྱ་དགོས”ཞེས་བཤད།

ཁྲེན་ཞའོ་ཀྲུང་གིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716