སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་ཀྱིས་སྐབས་དང་པོའི་བོད་སྐད་ལེ་ཚན་གྱི་གཙོ་སྐྱོང་མི་སྣའི་འགྲན་བསྡུར་ཆེན་མོ་སྤེལ་བ།
སྤེལ་དུས། 2013-10-31   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་པ་པོ།  ཚེ་རྡོར་གྱིས་བསྒྱུར།

འགྲན་ཞུགས་འདེམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།

   སྤྱི་ཟླ༡༠པའི་ཚེས༢༩ཉིན་ཀྱི་ཕྱི་དྲོར། བོད་ལྗོངས་ཀྱི་སྐབས་དང་པོའི་བོད་སྐད་ལེ་ཚན་གྱི་གཙོ་སྐྱོང་མི་སྣའི་འགྲན་བསྡུར་ཆེན་མོ་དེ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སུ་དངོས་སུ་སྤེལ་འགོ་ཚུགས་ཡོད་པ་རེད།
 
འགྲན་བསྡུར་དེར་ཐོག་མའི་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར། མཐའ་མའི་འགྲན་བསྡུར་བཅས་གསུམ་དབྱེ་ཡོད་པ་དང་། ལྗོངས་ཡོངས་ནས་ཡོང་བའི་འགྲན་ཞུགས་འདེམས་ཐོན་པ་རྣམས་ཀྱིས་ཐོག་མའི་འགྲན་བསྡུར་བྱས་རྗེས། ཕུལ་བྱུང་གི་མི༢༠དཔྱད་འདེམས་ནས་བསྐྱར་མའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། བསྐྱར་མའི་འགྲན་བསྡུར་ནང་ཞུགས་མཁན་འདེམས་ཐོན་པ་རྣམས་ཀྱིས་གསར་འགྱུར་གཙོ་སྐྱོང་དང་རྒྱ་སྐད་དམ་དབྱིན་སྐད་ཀྱི་ཆུ་ཚད། དེ་བཞིན་བོད་སྐད་ཀྱི་ལྕེ་རྩལ་ནུས་པ་སོགས་འགྲན་རྩོད་བྱས་ནས་མི༡༠མཐའ་མའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་དེར་ཁྱོན་བྱ་དགའ་ཨང་དང་པོ་གཉིས་དང་བྱ་དགའ་ཨང་གཉིས་པ་གསུམ། བྱ་དགའ་ཨང་གསུམ་པ་ལྔ་དེ་བཞིན་སྐད་གདངས་ལེགས་ཤིས་ཀྱི་བྱ་དགའ་དང་རྣམ་པ་བཟང་ཤོས་ཀྱི་བྱ་དགའ། དགའ་བསུ་ཐོབ་ཚད་མང་ཤོས་ཀྱི་བྱ་དགའ་བཅས་བཀོད་སྒྲིག་བྱས་ཡོད་པ་རེད།
  འགྲན་བསྡུར་ནང་ཞུགས་མཁན་ཚེ་སྒྲོན་ནི་འདི་ལོ་སློབ་ཆེན་ཐོན་གྲབས་ཡིན་པ་དང་། ཁོ་མོས་གསར་འགོད་པར་ཁོ་མོའི་ཆེད་ལས་ནི་ལེ་ཚན་གཙོ་སྐྱོང་པ་ཡིན་པ་དང་ཟླ་ཕྱེད་གོང་དུ་ཁོ་མོས་བོད་སྐད་ཀྱི་ལེ་ཚན་གཙོ་སྐྱོང་པའི་འགྲན་བསྡུར་སྤེལ་གྲབ་ཡོད་པ་རྟོགས་རྗེས་མྱུར་དུ་ཐོ་འགོད་པ་ཡིན་ཅེས་དང་འགྲན་བསྡུར་དེ་འདྲ་སྤེལ་བ་དེས་ཧ་ཅང་དགའ་པོ་བྱུང་། འགྲན་བསྡུར་དེ་ཁོ་མོའི་ངོས་ནས་བརྗོད་ན་ཐོབ་དཀའ་བའི་སྦྱོང་བརྡར་བྱེད་པའི་གོ་སྐབས་བཟང་པོ་ཡིན་ལ་བོད་ལྗོངས་ཀྱིས་བྱེད་སྒོ་དེ་འདྲ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716