སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་བོད་སྐད་རླུང་འཕྲིན་དྲིལ་བསྒྲགས་ལས་དོན་ལ་རྟོག་ཞིབ་གནང་བ།
སྤེལ་དུས། 2014-05-28   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་པ་པོ།  ཚེ་རྡོར།

རྟོག་ཞིབ་ཙུའུ་ཡིས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་དྲིལ་བསྒྲགས་ལས་དོན་གྱི་འབྲེལ་ཡོད་མི་སྣ་དང་ཞུགས་མོལ་གནང་བཞིན་པ།

  སྤྱི་ཟླ༥པའི་ཚེས༢༨ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་དྲིལ་བསྒྲགས་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཏང་ཨུད་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་འཇིགས་མེད་རྡོར་རྗེ་མཉམ་དུ་ཕེབས་ཡོད་པ་རེད།

  རྟོག་ཞིབ་ཙུའུ་ཡིས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་དྲིལ་བསྒྲགས་ལས་དོན་གྱི་འབྲེལ་ཡོད་མི་སྣ་དང་མཉམ་དུ་ཞུགས་མོལ་ཚོགས་འདུ་ཚོགས་གནང་བ་དང་། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་སྤེན་པ་ཚེ་རིང་གིས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་དྲིལ་བསྒྲགས་ལས་དོན་ཐད་ཀྱི་གནད་དོན་སྙན་ཞུ་འབུལ་ནས། ཚོགས་ཞུགས་མི་སྣ་དང་མཉམ་དུ༼བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཁྱབ་སྤེལ་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་སྒྲིལ་སྲོལ༽ཞེས་པའི་སྲིལ་ཡིག་ལ་གྲོས་བསྡུར་གནང་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060