སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་ཡོངས་སྐབས་དང་པོའི་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐོང་བ།
སྤེལ་དུས། 2014-08-19   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

ཟླ་༨པའི་ཚེས་༡༦ལ། རྒྱལ་ཡོངས་སྐབས་དང་པོའི་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་སྔོན་དགེ་ཐོན་སློབ་ཆེན་ཚོགས་ཤིང་། ཐེངས་འདིར་བགྲོ་གླེང་ཚོགས་འདུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་གཙོ་སྒྲུབ་དང་། མཚོ་སྔོན་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་མཐུན་ཚོགས་ཀྱིས་མཉམ་ལས་གསར་གཏོད་ལྟེ་བ། བོད་ཡིག་ཆ་འཕྲིན་སྒྲིག་བཀོད་དང་འཕྲུལ་ཆས་ལོ་ཙཱ་ཞིང་ཆེན་པུའུ་མཉམ་སྒྲུབ་སློབ་གསོ་པུའུ་གཙོ་གནད་ཚོད་ལྟ་ཁང་། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་དང་པན་ཊི་ཏ་ཆ་འཕྲིན་ཚན་རྩལ་ལག་ཤེས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་སྒྲུབ་བྱས་པ་རེད།
 པེ་ཅིང་སློབ་ཆེན་ཆ་འཕྲིན་ཚན་རྩལ་་ལག་ཤེས་སློབ་གླིང་གི་དགེ་རྒན་ཆེན་མོ་ཡུ་ཧྲི་ཧྥེང་དང་དགེ་རྒན་ཆེན་མོ་ཀྲའུ་ཞོ་ཧྥེན། ཆིན་ཧྭ་སློབ་ཆེན་རྩིས་འཁོར་ཚན་རྩལ་དང་ལག་ཤེས་མ་ལག་གི་ཏང་ཨུ་ཧྲུའུ་ཅི། རྒྱལ་ཁབ་༩༧༣འཆར་འགོད་རྣམ་གྲངས་ཀྱི་ཐོག་མའི་ཀྲུའུ་ཞི། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་མ་དངུལ་གཙོ་གནད་རྣམ་གྲངས་ཀྱི་ཀྲུའུ་ཞི་ཆེད་མཁས་པ་སུང་རོན་སོན་ལགས། རྒྱལ་ཁབ་སྐད་བརྡ་ཐོན་ཁུངས་ཞིབ་བཤེར་དང་ཞིབ་འཇུག་ལྟེ་གནས་གྲངས་ཉུང་མི་རིགས་སྐད་རིགས་མན་ལག་ལྟེ་བའི་ཀྲུའ་རེན་གཞོན་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲོའུ་ཞོ་པེན། ནུབ་བྱང་མི་རིགས་སློབ་ཆེན་གྱི་འཕྲུལ་ཆས་ལོ་ཙཱ་ཞིབ་འཇུག་ཁང་གི་དབུ་ཁྲིད་ལུའུ་ཡཱ་ཅོན་དགེ་རྒན་ཆེན་མོ། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོ་བོད་གནའ་དཔེ་ཆ་ཚང་ཡིག་རྡུལ་རང་བཞིན་གྱི་ཞིབ་འཇུག་ཁང་གི་དབུ་ཁྲིད་རྡོ་ལྷ། བོད་ལྗོངས་སློབ་ཆེན་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་སོགས་ཆེད་མཁས་པ་གང་མང་ཐེངས་འདིའི་ཚོགས་འདུ་ལ་ཞུགས།
  ཞིབ་འཇུག་བགྲོ་གླེང་ཚོགས་འདུ་མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཕྲུལ་སློབ་གླིང་གི་གླིང་གཙོ་གཞོན་པ་ཚེ་རིང་རྒྱལ་ལགས་ནས་གཙོ་སྐྱོང་གནང་། མཚོ་་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། རྩིས་འཕྲུལ་སློབ་གླིང་གི་དབུ་གཙོ་ཀྲོའུ་ཙེ་ཞན་དགེ་རྒན་ཆེན་མོས་ཤིས་ཚིག་ཕུལ། མཚོ་སྔོན་པོ་དྲ་བ། ཡོན་གཙང་བོད་ཡིག་དྲ་གནས་མ་ལག་གསར་གཏོད་རྣམ་གྲངས་ཀྱི་འགན་འཛིན་པ་བློ་བཟང་རྩིས་འཕྲུལ་ལག་ཤེས་ཚད་ཡོད་ཀུང་ཟི། པན་ཊི་ཏ་ཚན་རྩལ་ལག་ཤེས་ཚད་ཡོད་ཀུང་ཟི་དང་སློབ་ཆེན་སོ་སོའི་ཆ་འཕྲིན་བོད་ཡིག་ཆེད་ལས་ཀྱི་དགེ་རྒན་དང་། ཞིབ་འཇུག་་སློབ་མ་འབུམ་རམས་པ། གཞན་མཚོ་སྔོན་ཞིང་ཆེན་རིམ་པའི་ལས་ཁུངས་དང་བོད་ཡིག་ཆ་འཕྲིན་ལས་ཀའི་ཆེད་ལས་མི་སྣ་ལ་སོགས་པ་གདན་འདྲེན་བྱས། ཆེད་མཁས་པའི་གསུང་བཤད་ལ་ཉན་ཞིང་ཆབ་མཚོན་མི་སྣའི་བསམ་འཆར། མཁས་པ་དག་གིས་བགྲོ་གླེང་མཛད། མཐའ་མཇུག་ཕན་ཚུན་ལ་འབྲེལ་འདྲིས་དང་། མཆན་འགོད། ཐོན་ཁུངས་མཉམ་ལས་ཀྱི་དམིགས་ཡུལ་འགྲུབ་པ་རེད།
 བོད་རིགས་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་རིག་གནས་ཀྱི་བག་ཆགས་ཟབ་པའི་ལོ་རྒྱུས་སྟེང་དཔལ་ཡོན་མི་དམན་པ་གསར་གཏོད་དང་།འོད་སྟོང་འབར་བའི་བོད་རིག་པ་འདི་བྱུང་བ་རེད། ལྷག་པར་དུ་བོད་སྐད་ཡིག་ནི་རྒྱུན་འཛིན་དང་དར་སྤེལ་ཕྱོགས་ལ་ཤིན་ཏུ་ནས་འབྲེལ་ཆེ་ཞིང་། བོད་ཡིག་ནི་འཛམ་གླིང་སྟེང་ཆེ་གནའ་བོའི་སྐབས་ཀྱི་ཡི་གེ་ཡི་ཡན་ལག་ཅིག་ཡིན། ད་ལྟ་བོད་ཡིག་ནི་བོད་མི་རིགས་ཀྱི་ཆེས་རྨང་གཞིར་གྱུར་བའི་འབྲེལ་འདྲིས་ཀྱི་ལག་ཆ་ཞིག་རེད། ཆ་འཕྲིན་དུས་རབས་དང་སྡེབ་ཏེ་བོད་ཡིག་ནི་སྔར་ལས་འཕེལ་རྒྱས་དང་དྲ་བར་འབྲེལ་ཏེ་སྟབས་བདེ་ངང་ཡི་གེ་དང་རི་མོ། གཟུགས་རིས། སྒྲ་དབྱངས་སོགས་ཚོགས་པའི་རྣམ་པས་གོ་ལ་ཧྲིལ་པོ་ནས་བེད་སྤྱོད་ཐུབ་པ་དང་དམིགས་ཡུལ་སྐོང་ཐུབ། བོད་ཀྱི་ཆ་འཕྲིན་མགྱོགས་མྱུར་ངང་འཕེལ་ཏེ་བོད་སྐད་ཡིག་ལ་སྲུང་སྐྱོབས་དང་འཕེལ་རྒྱས། རྒྱུད་སྒྲོགས། བེད་སྤྱོད་བཅས་ཁྱབ་རྡལ་དུ་ཕྱིན། དེ་ལས་གཞན་མི་རིགས་ཀྱིས་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ་མི་རིགས་མཐུན་སྒྲིལ་ལའང་དོན་སྙིང་ལྡན་པའི་ནུས་པ་གལ་ཆེན་ཐོན།ལྷག་པར་དུ་ཐེངས་འདིར་སྐབས་དང་པོའི་བོད་ཡིག་ཆ་འཕྲིན་བགྲོ་གླེང་ཚོགས་འདུ་སྐོང་བས་བོད་ཀྱི་ཆ་འཕྲིན་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པར་གྱུར།དཔེར་ན་སུང་རོན་སོན་དགེ་རྒན་ཆེན་མོས། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལ་ལོ་མང་འཕེལ་རྒྱས་བྱུང་། ད་ལྟ་མངོན་གསལ་གྲུབ་འབྲས་བྱུང་། དོན་དངོས་སུ་བཞུགས་གདན་འཇགས་ཏེ་བགྲོ་གླེང་གི་སྐབས་རེད། ཐེངས་འདིར་ཞིབ་འཇུག་བགྲོ་གླེང་ནི་སྙོམས་སྒྲིག་གི་སྐབས་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་སྒྲུབ་ཅིང་གཞན་མང་པོ་ཞིག་འདི་རུ་འདུས་ཏེ་བོད་ཡིག་ཆ་འཕྲིན་མགྱོགས་མྱུར་འཕེལ་རྒྱས་ཀྱི་ས་གནས་ཞིག་ཡིན་པ་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཡི་བསྟན་ཡོད། ཞེས་གསུངས།
   ཞིབ་འཇུག་བགྲོ་གླེང་ནི་ཉིན་གཉིས་སུ་བསྡུས་ཤིང་ཚེས་༡༧ཉིན་ཆེད་མཁས་དམིགས་བསལ་གདན་འདྲེན་འཆད་ཁྲིད་གནང་། དགེ་རྒན་ཆེན་མོ་ཡུ་ཧྲི་ཧྥེང་། སུང་རོན་སོན། ཀྲོའུ་ཞོ་པེན། ཉི་མ་བཀྲ་ཤིས། རྡོ་ལྷ། ལོའུ་ཡ་ཅོན། ཚེ་རིང་རྒྱལ་བཅས་ཆེད་མཁས་དག་གི་རང་རང་གི་ཚན་པར་བགྲོ་གླེང་གནང་། ཞིབ་ཚགས་ཀྱིས་བོད་ཡིག་ཆ་འཕྲིན་འཕེལ་རྒྱས་ཀྱི་གནས་བབས་དང་མ་འོངས། ད་ལྟའི་གནད་དོན་དང་ཐབས་ཤེས་བཅས་ཚན་རིག་གི་ལྟ་བ་དང་དགའ་སྤྲོ་སྤོབས་སེམས་དང་མིག་རྒྱང་རིང་མོས་བསམ་འཆར་དང་ཉམས་མྱོང་། ཁ་ཕྱོགས་གསལ་པོར་བསྟན་པ་རེད། བོད་ཡིག་ཆ་འཕྲིན་མགྱོགས་མྱུར་འཕེལ་རྒྱས་ལ་མཛད་རྗེས་ཆེ་བའི་ཆེད་མཁས་པར་བོད་ཡིག་ལས་དོན་པ་ཆེད་ལས་མི་སྣ་དང་ལས་རིགས་འདི་གཉེར་མཁན་དག་གིས་ཁོང་རྣམ་པའི་མཛད་རྗེས་ལ་ཡི་རངས་དང་གདེང་འཇོག་དཔེ་མེད་ཐོབ། འདི་ལྟར་རིག་གཞུང་གི་ཁ་དབུག་རྔམ་མཐུག་པོ་ཞིག་གིས་ལེགས་གྲུབ་བྱུང་བ་རེད།ཕན་འབྲས་ཀྱང་མི་དམན་པ་བྱུང་།
  ཚེས་༡༨ཉིན་ཆེད་དུ་ཚན་པས་སྙན་ཞུ་ཚོགས་ཤིང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་ཤེས་ཞིབ་འཇུག་ལྟེ་བའི་མཚོ་སྔོན་པོ་དྲ་བའི་འཐུས་ཚབ་བློ་བཟང་ཚད་རྡུལ་གུང་ཟི་དབུ་གཙོ་བློ་བཟང་། མཚོ་སྔོན་པན་ཊི་ཏ་ཆ་འཕྲིན་ལག་ཤེས་ཚད་ཡོད་གུང་ཟིའི་འཐུས་ཚབ་སོགས་ཀྱིས་ལོ་ཤས་རིང་གི་རང་རང་གི་ཆ་འཕྲིན་འཕེལ་རྒྱས་ལས་ཀ་ངོ་སྤྲོད་གནང་།གཙོ་གནད་ནི་བོད་ཡིག་དྲ་འཚོལ་མ་ལག་འཕེལ་རྒྱས་དང་ཁེ་ལས་འདི་གཉིས་ཀྱི་གནས་བབས་དང་ཐོན་རྫས། ཕན་འབྲས་དང་འཕེལ་རྒྱས་ལམ་བུ་བཅས་ལ་ཆེད་མཁས་དག་གིས་མིག་ལྟོས་དང་སྤྱན་བསྟར་བྱས།
   ཚོགས་་འདུའི་སྐབས་སུ་ཆེད་མཁས་པ་དང་འཐུས་ཚབ་དག་མཉམ་རུབ་ཀྱིས་བགྲོ་གླེང་དང་མ་འོངས་བའི་བོད་ཡིག་ཆ་འཕྲིན་ཞིབ་འཇུག་གི་གཙོ་བོའི་ཁ་ཕྱོགས་དང་གནས་བབས། བོད་ཡིག་ཆ་འཕྲིན་ལ་ངེས་པར་མཁོ་བའི་ལག་ཤེས་གནད་དོན་དང་ཚན་རྩལ་གནད་དོན། བོད་ཡིག་ཆ་འཕྲིན་བེད་སྤྱོད་དང་ཁེ་ལས་མཉམ་འབྲེལ་བཅས་གསུམ་རེད། ཚང་མས་རང་རང་གི་ལྟ་ཚུལ་དང་དགོངས་འཆར་གནང་སྟེ་བོད་ཡིག་ཆ་འཕྲིན་ལ་གོ་རིམ་ཅན་དང་ཚད་ལྡན་ཅན། མགྱོགས་མྱུར་འཕེལ་རྒྱས་འཛུགས་སྐྲུན་གྱིས་འཆར་འགོད་མཛད། ཐེངས་གཉིས་པའི་ཚོགས་འདུ་ནི་རྗེས་མར་ཀན་སུའུ་ལན་གྲུ་རུ་འཚོགས་རྒྱུ་དང་།ནུབ་བྱང་མི་རིགས་སློབ་ཆེན་འཕྲུས་ཆས་ལོ་ཙཱ་ཞིབ་འཇུག་་ཁང་གིས་སྒྲུབ་རྒྱུ་རེད།

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060