སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ubuntuབོད་ཡིག་གི་མ་ལག་སྒྲིག་འཇུག་བྱེད་སྟངས་རགས་ཙམ་བརྗོད་པ།
སྤེལ་དུས། 2012-02-04   ཡོང་ཁུངས། བོད་ཀྱི་སྐད་ཡིག་དྲ་བ།    རྩོམ་པ་པོ།  བསྟན་འཛིན།

 

ubuntuརྩིས་འཁོར་བརྒྱུད་ཁོངས་བོད་ཡིག་པར་ངོས་ཅན་དེ་ཉིན་ཤས་སྔོན་ཚོང་རྭར་བཀྲམ་ཡོད། འདིས་བོད་བྱིངས་ལ་ཕན་ཐོགས་ཆེ་བར་བསམ་ནས་བརྒྱུད་ཁོངས་སྒྲིག་འཇུག་བྱེད་སྟངས་ལ་ཚོད་ལྟ་བྱས་ཏེ་དེའི་གོ་རིམ་ཙམ་འདིར་འགོད་པར་བྱ། ང་ནི་མཉེན་ཆས་ཚོད་ལྟ་བྱེད་པོ་ཞིག་མིན་པ་རྭ་སྤྲོད་བྱས་པ་ཡིན།     འཕྱ་སྨོད་མི་བྱེད་པའི་ཆེད་དུ།༽

    དེ་ཡངubuntuཞེས་པ་འདི་ནིLinuxརྩིས་འཁོར་བརྒྱུད་ཁོངས་ཤིག་ཡིན་ཅིང་། བེད་སྤྱོད་མཉེན་ཆས་ཤིན་ཏུ་མང་བས་ང་ཚོར་སྟབས་བདེ་མི་ཉུང་བ་ཞིག་སྐྲུན་ངེས་ཡིན། ལྷག་པར་དུ་བོད་ཡིག་གི་པར་གཞི་ཐོན་པ་འདིས་ང་ཚོར་སྟབས་བདེ་ཆེན་པོ་ཡོང་བར་བསམ།

    ubuntuབརྒྱུད་ཁོངས་སྒྲིག་འཇུག་བྱེད་སྟངས།

   ༡. ubuntuམཉེན་ཆས་འོད་སྡེར་སྟེང་དུ་འཇོག་པའམ་ཡང་ནisoའཁོར་སྤྱོད་བྱེད་ཐུབ་པའི་མངོན་མིན་འོད་སྡེར་སྒུལ་ཆས་ཀྱི་མཉེན་ཆས་འཇོག་དགོས།

 ༢. རྩིས་འཁོར་ཁ་འབྱེད་དུས་འོད་སྡེར་ལས་ཁ་ཕྱེ་བ། རྒྱུན་ལྡན་ལྟར་ནF12མནན་ནས་འོད་སྡེར་སྒུལ་ཆས་འདེམས་པ།

  ༣. རྩིས་འཁོར་འོད་སྡེར་ལས་ཁ་ཕྱེ་བའི་རྣམ་པ།

  

༤.གཤམ་དུ་ཡིག་རིགས་འདེམས་དགོས། མ་གཞིར་དབྱིན་ཡིག་བཞག་ཡོད་མོད། དབྱིན་ཡིག་མི་ཤེས་པས་རྒྱ་ཡིག་འདེམས་པ་ཡིན། བོད་ཡིག་འདེམས་བྱང་ནང་དུ་མེད།

༥.འདི་ནས་འདེམས་བྱང་འདི་གཉིས་འདེམས་དགོས་པར་བསམ། ལྷག་པར་དུ་འདེམས་བྱང་གཉིས་པ་ལྟ་བུ་ཡིན་ན་སྒྲ་གཟུགས་བརྙན་ལ་བལྟ་སྐབས་མཁོ་ངེས་ཡིན།

༦.འདི་ནི་བརྒྱུད་ཁོངས་དེ་ཉིད་སྲ་སྡེར་གྱི་གནས་གང་ཞིག་ལ་འཇོག་རྒྱུ་དེ་རེད། སྤྱིར་བཏང་གི་འདེམས་བྱང་དང་པོ་འདེམས་ཆོག གལ་ཏེ་སྲ་སྡེར་ལ་ཁག་བགོ་ན་འདེམས་བྱང་གཉིས་པའི་ནང་ནས་བགོ་དགོས།

༧.གོང་ནས་འདེམས་བྱང་གཉིས་པ་འདེམས་ན་འདི་ནས་སྲ་སྡེར་ལ་ཁག་བགོ་དགོས། དེ་ཡང་གོམ་པ་གཉིས་སུ་དབྱེ་ཡོད། རིམ་པ་དང་པོ་ནས་ཁག་གཙོ་བོ་བགོ་དགོས་པ་དང་། གོམ་པ་གཉིས་པར་ཁག་ཕལ་བ་བགོ་དགོས། ༼སྤྱིར་བཏང་དུ་གོམ་པ་འདི་མ་བརྒྱུད་ནའང་ཆོག གོང་ནས་འདེམས་བྱང་དང་པོ་འདེམས་དགོས།༽

༨. འདིར་༼ སྒྲིག་འཇུག་འགོ་རྩོམ་པའི་༽རྡེང་མནན་ནས་སྒྲིག་འཇུག་བྱེད་དགོས།

༩.འདི་ནས་རང་གི་ས་གནས་འདེམས་དགོས།

༡༠.རིམ་པ་འདིར་ཕབ་གཞོང་འདེམས་དགོས། tibetanཟེར་བ་ནི་བོད་ཡིག་ཡིན། ༼ བོད་ཡིག་འདེམས་རྗེས་གོམ་པ་རྗེས་མའི་ནང་རྩིས་འཁོར་དང་བཀོལ་སྤྱོད་མཁན་གྱི་མིང་། གསང་གྲངས་སོགས་འཇོག་དུས་སྟབས་བདེ་ཞིག་མིན་པས་རྒྱ་ཡིག་དང་ཡང་ན་དབྱིན་ཡིག་གང་རུང་ཞིག་བཞག་ན་ལེགས་བསམ། བརྒྱུད་ཁོངས་སྒྲིག་འཇུག་བྱས་ཚར་རྗེས་བོད་ཡིག་གི་ཕབ་གཞོང་ཁ་སྣོན་བྱས་ཆོག 

༡༡. གོམ་པ་འདིའི་ནང་རང་གི་མིང་དང་རྩིས་འཁོར་གྱི་མིང་། ཡང་བཀོལ་སྤྱོད་མཁན། གསང་གྲངས་སོགས་འཇོག་དགོས། གསང་གྲངས་ངེས་པར་དུ་སེམས་ལ་བཟུང་དགོས། ༼  གོང་གི་གོམ་པའི་ནང་བོད་ཡིག་འདེམས་ཡོད་ཚེ་ཡིག་ཚགས་འདི་དག་འབྲི་སྐབས་སྟབས་བདེ་པོ་ཞིག་མི་འདུག 

 

༡༢. འདིར་སྒྲིག་འཇུག་བྱེད་བཞིན་ཡོད་པས་དུས་ཚོད་ཅུང་འགོར་བར་འདུག དེའི་རིང་ཁྱེད་ཀྱིས་གཡས་གཡོན་གཉིས་ཀའི་མདའ་རྩེར་བརྟེན་ནས་བརྒྱུད་ཁོངས་འདིར་རྒྱུས་ལོན་རགས་ཙམ་བྱས་ཆོག

༡༣. ལེགས་གྲུབ་བྱུང་སོང་བ་རེད། གཤམ་གྱི་མཐེབ་མནན་ནས་རྩིས་འཁོར་ཡང་བསྐྱར་ཁ་ཕྱེ་ཆོག

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060