སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྔ་བ་ཁུལ་དུ་བོད་སྐད་ལག་འཁྱེར་ཁ་པར་ཚགས་པར་ཐོག་མ་བྱུང་བ།
སྤེལ་དུས། 2012-04-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  ཟོན་ཐར་སྐྱིད་ཀྱིས་བསྒྱུར།

ཟླ༤པའི་ཚེས༡ཉིན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཝ་ཆག་ཤང་རུ་ཁག་གཉིས་པའི་འབྲོག་པ་དོན་གོས་རང་གི་རྩྭ་རའི་ནང་དུ་ཕྱུགས་འཚོ་ཞོར་དུ་ལག་འཁྱེར་ལས་སྒྲ་ལྡན་བོད་སྐད་ལག་འཁྱེར་ཚགས་པར་ལ་ཉན་བཞིན་འདི་སྐད།བོད་སྐད་ཀྱི་ལག་འཁྱེར་ཁ་པར་ཚགས་པར་སྤེལ་བ་ནས་བཟུང་ང་ཚོས་རྩྭ་ཐང་དུ་ཡང་རྒྱལ་ཁབ་ཀྱི་སྲིད་ཇུས་རྣམས་དུས་ཐོག་ཏུ་རྟོགས་ཐུབཅེས་བཤད་བྱུང་།

གཞུང་ལམ་འགྲིམ་འགྲུལ་དང་ས་ཁོངས།གློག་ཤུགས།ཐོན་སྐྱེད་འཚོ་བའི་རྣམ་པ་སོགས་ཀྱི་བཀག་རྐྱེན་གྱིས་རྔ་བ་ཁུལ་གྱི་ཞིང་འབྲོག་པ་མང་པོས་ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན་སོགས་ལ་དུས་ཐོག་ཏུ་ཉན་ཐུབ་ཀྱི་མེད།ས་ཁུལ་འདིའི་མང་ཚོགས་མང་ཆེ་བའི་སྤྱོད་པའི་ཨ་མདོའི་བོད་སྐད་གཞིར་བཟུང་ནས་རྔ་བ་ཁུལ་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་མཛུབ་སྟོན་འོག་རྔ་བ་ཚགས་པར་ཁང་གིས་ལོ་གཉིས་རིང་གི་འབད་པ་བརྒྱུད་བོད་སྐད་ལག་འཁྱེར་ཁ་པར་ཚགས་པར་དེ་བཏོན་པ་ཡིན་ལ་འདི་ནི་བོད་ཁུལ་ཡོངས་ཀྱི་ཐོག་མ་ཡིན།

 བོད་སྐད་ལག་འཁྱེར་ཁ་པར་ཚགས་པར་གཏོང་སྟངས་ནི་རྔ་བ་རང་སའི་ཨམ་སྐད་ཀྱི་སྒྲ་གདངས་ལ་བོད་ཡིག་ཤན་སྦྱར་བྱས་ཡོད།ནང་དོན་ཐད་གསར་འགྱུར་ལས་གཞན་ད་དུང་ཏང་དང་སྲིད་གཞུང་གིས་གསར་དུ་བཏོན་པའི་བྱེད་ཕྱོགས་སམ་སྲིད་ཇུས་དང་། སྒོས་སུ་བོད་ཁུལ་དང་འབྲེལ་བ་ཡོད་པའི་བྱེད་ཕྱོགས་དང་སྲིད་ཇུས་མང་པོ་ཡོད། སྒྲ་གཏོང་བའི་དུས་ཚོད་ནི་གཟའ་འཁོར་གཅིག་ལ་ཐེངས་གཉིས་ཡིན།

ཟླ༣པའི་ཟླ་སྨད་བར་རྔ་བའི་བོད་སྐད་ཀྱི་ལག་འཁྱེར་ཁ་པར་ཚགས་པར་སྤྱོད་མཁན་མིཁྲི༡.༢༣ལ་སོན།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060