སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
Android ཁ་པར་ནང་དུ་བོད་ཡིག་གཏག་ཐབས་སྣོན་འཇུག་བྱེད་སྟངས།
སྤེལ་དུས། 2012-07-09   ཡོང་ཁུངས། རྩིས་འཁོར་གླིང་།   རྩོམ་པ་པོ།  ཚེ་རྡོར་གྱིས་བསྒྲིགས།

  རྩོམ་ཡིག་འདི་ནི་དེ་སྔ་དྲ་ཐོག་ནས་རྒྱ་ཡིག་གིས་བྲིས་པ་ཞིག་མཐོང་ནས་འདིར་བོད་ཡིག་གི་ཚུལ་དུ་ཕབ་པ་ཡིན་ལ། རྩོམ་པ་པོས་བཀོད་སྒྲིག་ལྟར་ཁོ་བོས་ཚོད་ལྟ་བྱས་པར་ལེགས་འགྲུབ་བྱུང་བས་ཁྱོད་ཚོར་མཁོ་བ་ཡོད་ན་བློ་བདེ་མོས་བཀོད་སྤྱོད་བྱེད་ཆོག་གོ།
  དེ་ཡང Android ཁ་པར་དུ་བོད་ཡིག་གཏག་ཐབས་སྣོན་འཇུག་བྱེད་ན་དང་ཐོག་ངེས་པར་དུ༼Root༽དབང་ཆ་ལེན་དགོས། དེ་མིན་བོད་ཡིག་མཉེན་ཆས་གང་བཅུག་ཀྱང་ཕན་ཐོགས་མེད་པ་ཞིག་ཡིན། དེས་ན ༼Root༽དབང་ཆ་ཟེར་བ་གང་ཡིན་ཞེ་ན། དེ་ནི་དཔེར་ན་མ་ལག་གི་གསང་རྒྱ་གྲོལ་བ་ལྟ་བུ་ཡིན་ཏེ། Android མ་ལག་གི་གསང་རྒྱ་གྲོལ་མེད་ཚེ་ཁ་པར་ནང་དུ་དགོས་མཁོ་མེད་པའི་མཉེན་ཆས་ཕྱིར་འདོར་དང་ཡང་ན་གསར་བསྒྱུར་བྱེད་པའི་དབང་ཆ་མེད། དེའི་རྐྱེན་༼Root༽དབང་ཆ་ཞེས་པ་དེ་ངེས་པར་དུ་ལེན་དགོས་ལ། དེའི་གོ་རིམ་ནི་ཧ་ཅང་སྟབས་བདེ་མོ་ཡིན་པས་འདིར་རེ་རེ་བཞིན་མི་གླེང་བར་བྱ། ༼Root༽དབང་ཆ་ལེན་བྱེད་ཀྱི་མཉེན་ཆས་འདི་ནས་ལེན་དགོས།http://115.com/file/an06nufq#King འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ། ཁྱོད་ལ་དེའི་སྐོར་གྱི་ཉམས་མྱོང་དང་གདེང་ཚོད་མེད་ན་ཅི་འདོད་སྒྲིག་སྦྱོར་མ་བྱས་ན་ལེགས་ཏེ། རྒྱུ་མཚན་ནི་གོ་རིམ་ཡོད་ཚད་ཆོས་ཉིད་ལྟར་མ་བསྒྲུབ་ན་ཁ་པར་ལ་སྐྱོན་ཆེན་པོ་ཞུགས་ངེས་ཡིན། དེས་ན་དང་ཐོག་ཡིག་གཟུགས་སོགས་དྲ་ཐོག་ནས་ཕབ་ལེན་བྱེད་དགོས། http://115.com/file/c2a72tac#TibetanV2.zip ཕབ་ལེན་བྱས་རྗེས་ཡིག་ཆའི་ནང་དུ་RootExplorer.apk དང DroidSans.ttf ཞེས་པ་ཞིག་ཡོད་ལ། དེ་ནི་ཡིག་གཟུགས་བརྗེ་བསྒྱུར་བྱེད་སྤྱད་ཡིན། གཞན AnySoftKeyboard.apk དང TibetanV2.apkཞེས་པ་ཞིག་ཡོད། དེས་ན་དང་ཐོག AnySoftKeyboard.apk ཞེས་པ་ནང་འཇུག་བྱས་རྗེས་TibetanV2.apk ཞེས་པ་ནང་འཇུག་བྱེད་དགོས། དེའི་རྗེས་ཁ་པར་དུ་བཅུག་པའི་ནང་གསོག་ཡོད་སར་འཛུལ་ནས་DroidSans.ttf ཞེས་པ་བཙལ་ཏེ་དེའི་སྟེང་ནས་ཅུང་ཙམ་གནན་ནས་སྒུག་ན་གཤམ་ལྟར་ཡོང་།

འདིར་ཕབ་བཤུ་ཞེས་པར་གནན་རྗེས་ཡང་བསྐྱར་དཀར་ཆག་གོང་མར་བསྐྱོད་དགོས།


འདིར system ཞེས་པའི་ཡིག་ཆར་སྟེང་གནོན་དགོས།


དེ་ནས fonts ཞེས་པའི་ཡིག་སྣོད་བཙལ་རྗེས་དེའི་ནང་དུ་ལྷན་དགོས།


དེ་ནས་ཁ་པར་གྱི་གློག་སྒོ་གཏད་དེ་ཡང་བསྐྱར་ཁ་ཕྱེ་དགོས། དེ་མིན་བོད་ཡིག་མཐོང་མི་ཐུབ། ཁ་པར་གློག་སྒོ་བསྐྱར་ཕྱེ་གནང་རྗེས་གཤམ་ལྟར་བྱེད་དགོས། སྒྲིག་སྦྱོར་ཞེས་པའི་སྟེང་གནོན་དགོས།


དེ་ནས་སྐད་ཡིག་དང་ཕབ་གཞོང་ཞེས་པའི་འདེམས་བྱང་གནོན་དགོས།


དེ་ནས་“AnySoftKeyboard”ནང་གུག་རྟགས་རྒྱག་པ་དང་། དེ་མཐུད་“AnySoftKeyboardསྒྲིག་སྦྱོར”ཞེས་པའི་ནང་དུ་འཛུལ་དགོས།


དེ་ནས་གཤམ་གྱི་རྟགས་དམར་པོ་རྒྱབ་ཡོད་པའི་གཡས་ངོས་ཀྱི་གུག་རྟགས་དེ་འདོར་དགོས།


དེ་ནས“KeyBoards”ཞེས་པ་དེ་འདེམས་དགོས།

 
དེ་ནས་“Tibetan(Dzongkha)”གཡས་ངོས་ཀྱི་སྟོང་ཆའི་ནང་གུག་རྟགས་རྒྱབ་པས་ཆོག།


དེ་ནས་ཁྱོད་ཀྱིས་བརྡ་འཕྲིན་བསྐུར་སའི་ནང་བོད་ཡིག་རྒྱོབ་དང་གཏག་ཐུབ་པ་ཡིན།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060