སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཡིག་ཆ་འཕྲིན་ཅན་དུ་བསྒྱུར་ཏེ་གནའ་བོའི་དཔལ་ཡོན་ཉིད་འཛམ་གླིང་དུ་ཁྱབ་པ།
སྤེལ་དུས། 2012-08-10   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།  ཚེ་རྡོར་གྱིས་བསྒྲིགས།

      མི་ལ་ལས་བོད་ཡིག་ནིའཛམ་གླིང་གི་ཡང་རྩེར་བྲིས་པའི་ཡི་གེཞིག་ཡིན་པར་བཤད་ཅིང་། དེའི་ཁྱད་དུ་འཕགས་པའི་ཡིག་གཟུགས་ལས་བོད་ཡིག་གི་མཚར་སྡུག་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱི་ཆ་མངོན་པར་བཏོད་པ་དང་། འདིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་བླ་མེད་ཀྱི་མཛད་རྗེས་བཞག་ལ། དུས་ད་ལྟའང་བོད་ཡིག་ནི་སྔར་བཞིན་བོད་རིགས་མི་དམངས་ཀྱིས་འབྲེལ་འདྲིས་བྱེད་པར་སྤྱོད་པའི་ཆེས་རྨང་གཞི་རང་བཞིན་གྱི་ཡིག་རིགས་ཤིག་ཡིན། 
     མི་རིགས་ཤིག་གི་སྐད་དང་ཡི་གེ་ནི་མི་རིགས་དེའི་རིག་གནས་ཀྱི་ལག་ཆས་གཙོ་བོ་དང་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། དུས་རབས་ཀྱི་འགྲོས་དང་ཆ་འཕྲིན་ཅན་གྱི་གཤོག་ལྡེབ་དང་བསྟུན་ནས་སྐྱེས་སྟོབས་གསར་བ་རྒྱས་ཡོད།


Monlam
༣བོད་ཡིག་མཉེན་ཆས།

                                                                  རྒྱལ་སྤྱིའི་ཚད་གཞི་ལས་ཉོག་དྲ་ཆེ་བའི་སྒྲིག་ཨང་མང་པོ་མཇུག་སྒྲིལ་པར་བྱས་པ།

         ཀྲུང་གོར༡༩༨༤ལོ་ནས་བཟུང་རྩིས་འཁོར་དུ་བོད་ཡིག་ཆ་འཕྲིན་སྤྱོད་པ་འགོ་བརྩམས་ནའང་། རང་བྱུང་ཆ་རྐྱེན་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་འགོག་རྐྱེན་ལས་བོད་ལྗོངས་དང་བོད་ཁུལ་གཞན་གྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་དེ་ནང་ལོག་དང་བསྡུར་ན་བར་ཐག་ཆེན་པོ་ཡོད་ཅིང་། བོད་ཡིག་སྒྲིག་ཨང་ཚད་གཞི་གཅིག་གྱུར་མིན་པ་དང་།  བོད་ཡིག་རྒྱབ་སྐྱོར་ཐུབ་པའི་བཀོལ་སྤྱོད་མ་ལག་དང་གནད་འགག་གི་རྨང་གཞིའི་མཉེན་ཆས།  ཉེར་སྤྱོད་མཉེན་ཆས་སོགས་ཐོན་རྫས་དཀོན་པའི་གནད་དོན་བྱུང་ལ། ད་དུངDOSཡི་ཆུ་ཚད་དུ་གནས།
         ༡༩༩༣ལོར་ཀྲུང་གོས་བོད་ཡིག་སྒྲིག་ཨང་རྒྱལ་སྤྱིའི་ཚད་གཞི་དང་རྒྱལ་ཁབ་ཀྱི་ཚད་གཞི་ཚན་སྐྲུན་བྱེད་འགོ་བརྩམས་ཤིང་། ༡༩༩༧ལོར། བོད་སྐད་ཡིག་དང་། རྩིས་འཁོར། ཆ་འཕྲིན་ལག་རྩལ་ཚད་གཞིའི་འབྲེལ་ཡོད་ཆེད་མཁས་པ་རྣམས་ཀྱི་ལྡོག་རྩ་གཅིག་སྒྲིལ་འོག   བོད་ཡིག་སྒྲིག་ཨང་ཡིག་རྟགས་ཚོགས་སྤྱི་སྤྱད་དེ་ཆ་འཕྲིན་བརྗེ་རེས་བྱེད་པཞེས་པར་རྒྱལ་སྤྱིའི་རྩ་འཛུགས་ཀྱི་གཟབ་ནན་ཞིབ་བཤེར་གོ་རིམ་བརྒྱུད་དེ་བོད་ཡིག་ནི་རང་རྒྱལ་གྲངས་ཉུང་མི་རིགས་ཡི་གེའི་ཁྲོད་ཐོག་དང་པོའི་རྒྱལ་སྤྱིའི་ཚད་གཞི་དང་འཛམ་གླིང་ཆ་འཕྲིན་མྱུར་བགྲོད་གཞུང་ལམ་ལམ་ཡིག་རག་པའི་ཡི་གེར་གྱུར།
         སྔོན་བོད་ཡིག་སྒྲིག་ཨང་ཚད་གཞི་གཏན་འཁེལ་དུ་ཞུགས་པའི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་བཤད་རྒྱུར། སྐབས་དེར་ཨ་རི་དང་།  དབྱིན་ཇི།  རྒྱ་གར། ཨར་ལན་སོགས་རྒྱལ་ཁབ་ཀྱིས་ཀྱང་བོད་ཡིག་སྒྲིག་ཨང་འཆར་བཀོད་གནང་སྟེ་ང་ཚོ་དང་འགྲན་རྩོད་བྱས་ནའང་། མཐར་འདེམ་ཤོག་འཕེན་པར་བརྒྱུད་དེ་ང་ཚོ་རྒྱལ་སོང་བ་རེད།  སྐབས་ཐོག་དེར་ང་རང་ཤིན་ཏུ་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།  འདིས་ང་ཚོས་བོད་ཡིག་གི་ཕ་སར་གྲགས་པའི་ཀྲུང་གོའི་ཁེ་དབང་གོ་གནས་དང་ཀྲུང་གོའི་སྐད་དང་ཡི་གེའི་གཙོ་ཤུགས་གོ་གནས་སྲུང་སྐྱོབ་བྱས་པ་མཚོན་ཐུབ། སྒྲིག་ཨང་ཤོག་བུར་བཀོད་དེ་འཆར་ཇུས་གཏན་འཁེལ་བྱས་ཀྱང་མཉེན་ཆས་མེད་པ་དང་།  བོད་ཡིག་ཆ་འཕྲིན་ཅན་དེ་ད་དུང་དངོས་ཡོད་འཚོ་བར་སྤྱོད་ཐུབ་པ་མ་བྱུང་།  ༢༠༠༤ལོར།  རྒྱལ་ཁབ་ཀྱི་ཆ་འཕྲིན་ཐོན་ལས་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིསའབྲེལ་ཡོད་བོད་ཡིག་མཉེན་ཆས་སྔོག་ཞིབ་དང་ཉེར་སྤྱོད་ཁྱབ་སྤེལ་གྱི་མཉམ་འབྲེལ་གྲོས་ཡིགབཀོད་ཅིང་།  དེར་བོད་ཡིག་མཉེན་ཆས་སྔོག་འདོན་ལས་གཞི༡༢མཉམ་འབྲེལ་བྱས་པ་དང་། སྤྱིའི་མ་དངུལ་སྒོར་ས་ཡ༣༣བཏང་། ལོ་ཕྱེད་ཀྱི་རིང་ལ། ཚད་གཞིའི་ཐད་ནས། ཁྱབ་གསོག་ཚོགས་སྤྱིAདངཁྱབ་གསོག་ཚོགས་སྤྱིBཚན་སྐྲུན་བྱས་ཏེ་བོད་ཡིག་ཁེབས་ཚདབརྒྱ་ཆ༩༩.༩༩ལ་སླེབས། མཉེན་ཆས་ཀྱི་ཐད་ནས། Linuxརྨང་གཞི་བྱས་པའི་བོད་ཡིག་བཀོལ་སྤྱོད་མ་ལག་དང་།   དོན་ཡོན་དང་སཾ་བྷོ་ཊ། པཎྜི་ཏ་བཅས་བོད་ཡིག་གཏག་ཐབས།   བོད་ཡིག་གློག་རྡུལ་པར་སྐྲུན་མ་ལག    བོད་ཡིག་དུས་དེབ་དང་གཞུང་ཡིག་གློག་རྡུལ་པར་སྐྲུན་མ་ལག་བཅས་པར་སྐྲུན་མ་ལག་གཉིས།  Windowsབོད་ཡིག་ལྟ་གཟིགས་ཡོ་ཆས་དང་དྲ་ངོས་སྒྲིག་བཟོའི་ལག་ཆ་སོགས་བོད་ཡིག་མཉེན་ཆས་སྔོག་འདོན་ལས་གཞི་བསྟུད་མར་ལེགས་འགྲུབ་བྱུང་སྟེ་བོད་ལྗོངས་དང་ས་ཁུལ་གཞན་པར་རྒྱ་ཆེར་བཀོལ་སྤྱོད་བྱས། 
         ༢༠༠༧ལོར། འཛམ་གླིང་དུ་ཆེས་ཆེ་བའི་མཉེན་ཆས་སྔོག་འདོན་ཕྲ་མཉེན་ཀུང་ཟིས་ཀྲུང་གོས་གཏན་འཁེལ་བྱས་པའི་མཐེབ་གཞོང་ཚད་གཞི་དང་སྒྲིག་ཨང་ཚད་གཞི་སྔོག་འདོན་བྱས་པའི་ཧི་མ་ལ་ཡའི་མ་ལག་ལྟར། བོད་ཡིག་ཆ་འཕྲིན་ཅན་དུ་བསྒྱུར་བར་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་བསྒྱུར་ཞིང་། Unicodeསྒྲིག་ཨང་མ་ལག་སྔོག་འདོན་རྨང་གཞི་བྱས་པའི་ཧི་མ་ལ་ཡའི་མ་ལག་གིས་ཕྲ་མཉེན་གྱི་བཀོལ་སྤྱོད་མ་ལག་རྒྱབ་སྐྱོར་བྱེད་པ་དང་བོད་ཡིག་ཆད་ལྷག་གི་གནད་དོན་ཐག་གཅོད་བྱས།  Windows vistaཚོང་རར་བཀྲམ་རྗེས་བོད་ཡིག་ཆ་འཕྲིན་ཅན་དེ་ཧི་མ་ལ་ཡའི་དུས་སྐབས་སུ་སླེབས་ཤིང་། ད་ལྟ་རྒྱལ་ཁབ་ཀྱིས་ཧི་མ་ལ་ཡའི་གཏག་ཐབས་ནི་རྒྱལ་ཁབ་ཚད་གཞིའི་བོད་ཡིག་གཏག་ཐབས་སུ་གཏན་འཁེལ་བྱས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་གིས་ལོ་དུ་མར་འབད་པ་གང་ལེགས་ཀྱིས་རྒྱལ་སྤྱིའི་ཚད་གཞིའི་བོད་ཡིག་རྩིས་འཁོར་སྒྲིག་ཨང་ཡིག་ཚོགས་ཞིབ་འཇུག་ལ་གཞོལ་ཞིང་། ༢༠༡༠ལོར་ཁོས་ཚན་ཞིབ་སྔོག་འདོན་རུ་ཁག་གི་སྣེ་ཁྲིད་དེUnicodeསྒྲིག་ཨང་མ་ལག་སྔོག་འདོན་རྨང་གཞིར་བཟུང་བའི་ཇོ་མོ་གླང་མའི་མ་ལག་གི་བོད་ཡིག་ཡིག་གཟུགས་ལེགས་འགྲུབ་བྱུང་སྟེ་བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་གཤོག་ཟུང་རྒྱས་པར་གྱུར།
         མིག་སྔར་རྒྱལ་ཡོངས་སུ་བོད་ཡིག་ཚགས་པར་དང་དུས་དེབ་ཁང༢༠ལྷག་ཡོད་ཅིང་། བོད་ཡིག་དཔེ་དུས་དཔེ་སྐྲུན་ཁང༨དང་། བོད་ཡིག་དཔེ་དེབ་དང་ཚགས་པར་དེང་རབས་ཅན་གྱི་པར་འདེབས་ཁང༢༠ལྷག་བཅས་ཡོད།  བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། སྔོན་ཆད་རྒྱལ་སྤྱིའི་སྒྲིག་ཨང་གཅིག་གྱུར་མིན་པར་རང་སར་གནས་པ་དང་། ད་ལྟ་རྒྱལ་སྤྱིའི་བོད་ཡིག་སྒྲིག་ཨང་ཚད་གཞི་གཏན་འཁེལ་བྱུང་ནའང་ཉོག་དྲ་ཅན་གྱི་སྒྲིག་ཨང་ད་དུང་སྤྱོད་ཀྱི་འདུག   མཉེན་ཆས་ཀྱི་སྒྲིག་ཨང་གཅིག་གྱུར་མིན་པ་དང་མ་ལག་བར་སྟབས་བདེ་ངང་ཡིག་ཆ་བརྗེ་རེས་བྱེད་ཐབས་བྲལ་ལ།  རྩིས་ཐོ་བར་གཞི་གྲངས་ཡིག་ཆ་མཉམ་སྤྱོད་བྱེད་མི་ཐུབ་ཅིང་། མ་གཞིའི་གཞི་གྲངས་ཡིག་ཆ་རྒྱུན་འཛིན་ལེགས་པོ་བྱེད་མི་ཐུབ་པར་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བོད་ཡིག་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་འགོག་རྐྱེན་བཟོས། ཇོ་མོ་གླང་མའི་བོད་ཡིག་ཡིག་གཟུགས་ལེགས་འགྲུབ་བྱུང་རྗེས། བོད་ཡིག་དུས་དེབ་དང་བོད་ཡིག་དྲ་རྒྱ། བོད་ཡིག་གློག་བརྙན་འཕྲིན་མཆན་ཡིག་གི་བོད་ཡིག་ཡིག་གཟུགས་བཅས་ཕུན་ཚོགས་དང་ལེགས་བཅོས་བྱུང་བ་མ་ཟད་དེ་ལས་ཀྱང་གལ་ཆེ་བ་ནི་སྒྲིག་ཨང་ཉོག་དྲའི་རྣམ་པ་མཇུག་སྒྲིལ་བ་དང་། བོད་ཡིག་དཔེ་སྐྲུན་ལས་རིགས་དང་། བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་བཅས་ཀྱི་ཐད་ལ་དགེ་མཚན་ཆེན་པོ་བཞག
         རྒྱུས་ལོན་པ་ལྟར་ན། བོད་ཁུལ་དུ་མི་ཁ་ཤས་ཀྱིས་ད་དུང་རྒྱལ་སྤྱིའི་ཚད་གཞི་མིན་པའི་གཏག་ཐབས་སྤྱོད་ཀྱི་ཡོད་དེ། དཔེར་ན་པར་འདེབས་ཁང་དང་།  ཁྱབ་བརྡ་ཀུང་ཟི་སོགས་ལྟ་བུ། ཡིན་ཡང་བོད་རིགས་ན་གཞོན་རྩིས་འཁོར་སྤྱོད་མཁན་དག་གིས་ཧི་མ་ལ་ཡའི་མ་ལག་སྤྱོད་ཀྱི་ཡོད་པ་དང་། དྲ་རྒྱའི་སྟེང་ཁྱབ་སྒྲོག་བྱེད་པའི་བོད་ཡིག་ཆ་འཕྲིན་དག་ཀྱང་ཧི་མ་ལ་ཡའི་མ་ལག་ལ་བརྟེན་ནས་འཆར་བ་ཡིན།  Unicodeནི་བོད་ཡིག་ཆ་འཕྲིན་ཅན་གྱི་མ་འོངས་སྙེག་ས་ཡིན་པ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་ངེས།


བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད།

                                                                    ཐོན་རྫས་གསར་བས་བོད་ཡིག་ཆ་འཕྲིན་ཅན་དུ་གཏོང་བར་སྐུལ་འདེད་བཏང་བ།

         རྒྱལ་སྤྱི་ཚད་གཞིའི་སྒྲིག་ཨང་གི་ཁྱབ་བརྡལ་དང་བསྟུན་ཏེ། བོད་ཡིག་ཉེར་སྤྱོད་མཉེན་ཆས་སྔོག་འདོན་བྱ་བ་གང་མང་ཞིག་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་སྟེ། དཔེར་ན་འཕྲུལ་ཆས་ཡིག་སྒྱུར་མ་ལག་དང་། སྐད་སྒྲ་ངོས་འཛིན་མ་ལག  སྒྲིག་ཨང་བརྗེ་སྒྱུར་སོགས་ལྟ་བུ།
༢༠༠༨ལོའི་ཟླ༡༡པར། དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་སྣེ་ཁྲིད་དེ་ཚན་ཞིབ་སྔོག་འདོན་བྱས་པའི་འཛམ་གླིང་ཐོག་དང་པོའི་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་ལེགས་འགྲུབ་བྱུང་བ་དེས་བོད་ཡིག་འཁྱེར་བདེའི་གློག་རྡུལ་ཐོན་རྫས་ཀྱི་བགྲོད་ལམ་གསར་བ་གཏད། བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་འདིར་བསྡོམས་པས་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད༣༨དང་ཀུན་བཏུས་གློག་རྡུལ་དཔེ་དེབ༢༥འདུས་ཡོད་ཅིང་། བོད་རྒྱ་དབྱིན་གསུམ་བར་ཕན་ཚུན་ཡིག་སྒྱུར་བྱེད་པ་མངོན་འགྱུར་དང་། ཡིག་རིགས་གཅིག་པ་དེ་ཚིག་མཛོད་མང་པོའི་ཁྲོད་དུས་མཉམ་ལྟ་གཟིགས་བྱེད་ཐུབ་ལ།  བོད་རྒྱ་དབྱིན་གསུམ་སྒྲ་འདོན་གྱི་ནུས་པ་ཐོན།
         རྒྱལ་ཁབ་སྐད་ཡིག་ཐོན་ཁུངས་ལྟ་ཞིབ་དང་ཞིབ་འཇུག་ལྟེ་གནས་གྲངས་ཉུང་མི་རིགས་སྐད་ཡིག་ཡན་ལག་ལྟེ་གནས་ཀྱི་རྟོག་ཞིབ་ལྟར་ན། བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཚད་དེ་ལོ་རེར་ཡར་འཕར་གྱི་ཡོད་དེ། བོད་སྐད་ཡིག་ཡིག་སྒྱུར་བྱ་སྒྲུབ་པས་དུས་ཐོག་ཏུ་ཆབ་སྲིད་དང་། དཔལ་འབྱོར། ཁྲིམས་ལུགས། ལག་རྩལ། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་མང་པོའི་ཐ་སྙད་གསར་བ་དག་བོད་ཡིག་ཏུ་བསྒྱུར་བ་དང་། བོད་ཡིག་ཚིག་མཛོད་ཀྱང་ཐ་སྙད་གསར་བ་འདི་དག་དང་བསྟུན་ཏེ་ཇེ་མཐུག་དང་ཇེ་ཟབ་ཏུ་གྱུར། མི་མང་པོ་ཞིག་གིས་ཆེད་དུ་ཚིག་མཛོད་བླངས་ཏེ་འཚོལ་རྒྱུ་ནི་ལས་ལྕི་མོ་རུ་རྩིས་ཀྱི་འདུག     ཡིན་ཡང་ད་ལྟ་སྟབས་བདེའི་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་འདིས་བོད་རིག་པའི་ཞིབ་འཇུག་པ་དང་བོད་སྐད་ཡིག་སློབ་སྦྱོང་བྱེད་མཁན་རྣམས་ལ་སྟབས་བདེ་ཆེན་པོ་བཟོས། 
         དེར་མཐུད་དེ། བློ་བཟང་ཚན་ཞིབ་སྔོག་འདོན་རུ་ཁག་གི་བོད་རྒྱ་དབྱིན་གསུམ་མཐེབ་གཞོང་དང་། ཙི་མཐེབ། སྨྱན་མང་གཟུགས་སློབ་སྦྱོང་འཕྲུལ་ཆས།  སྒྲ་ཕབ་འཕྲུལ་ཆས། Uསྡེར་སོགས་བསྟུད་མར་ཚོང་རར་བཀྲམ་ཏེ་བོད་ཡིག་འདི་ཉིད་ཆ་འཕྲིན་མྱུར་ལམ་དུ་རྒྱ་དབྱིན་ཡིག་དང་ལྷན་གྱིས་བསྐྱོད་ཐུབ་པ་བྱུང་།
         རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ། ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཏཱ་ཝེ་ཅི་མཱ་ནོ་ཡིས་གསར་གཏོད་གནང་བའི་གངས་ལྗོངས་གྲངས་འཛིན་དཔེ་མཛོད་ཁང་གིས་མི་རྣམས་ལ་བོད་ཡིག་ཆ་འཕྲིན་ཅན་བཀོལ་སྤྱོད་བྱེད་པའི་དགོས་ངེས་རང་བཞིན་ཤུགས་ཀྱིས་བསྟན་བྱུང་། བོད་རིག་པའི་ཞིབ་འཇུག་ནི་ཨ་རི་རུ་ལོ་ངོ༤༠ཡི་ལོ་རྒྱུས་ལྡན་ཞིང་། ༡༩༧༣ལོར་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་བོད་ཀྱི་རིག་གནས་ཆེད་ལས་གསར་འཛུགས་གནང་བ་དང་དེ་ནི་ཅུང་སྔ་བའི་བོད་རིག་པའི་ཆེད་ལས་ཤིག་ཡིན་ལ།  མིག་སྔར་ཨ་མེ་རི་ཁ་གླིང་ཆེན་དུ་ཆེས་ཆེ་བའི་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཤིག་ཏུ་ངོས་འཛིན་བྱེད།
         ཧྥུ་ཅི་ཉི་ཡ་སློབ་ཆེན་ཀྲུང་གོའི་ཁུལ་གྱི་འགོ་གཙོ་པདྨ་ལགས་ཀྱིས་བཤད་རྒྱུར།  འདས་པའི་ལོ༢༠ནང་།  དྲ་རྒྱ་དང་གྲངས་འཛིན་ལག་རྩལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཤེས་ཡོན་པ་མང་པོ་ཞིག་གིས་འདི་ནི་རིག་གནས་རྒྱུན་འཛིན་དང་ཤེས་བྱ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་སུ་ངོས་འཛིན་བྱེད་པས།  རིག་ཚན་གསར་བ་སྟེ་གྲངས་འཛིན་སྤྱི་ཚོགས་རྩིས་འཁོར་རིག་པ་ཞེས་པ་ཞིག་བཙུགས། ཡང་གཅིག་བཤད་ན་གྲངས་འཛིན་ཚན་རྩལ་ཉིད་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་སུ་སྤྱོད་པ་དེ་ཡིན། སྔོན་ཆད་གྲངས་འཛིན་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་པ་མཉམ་དུ་བྱ་བ་སྒྲུབ་པ་ཤིན་ཏུ་ཉུང་།  ཉེ་བའི་ལོ༡༥ནང་སྐུ་ཞབས་ཅི་མཱ་ནོ་ལགས་གྲངས་འཛིན་སྨྱན་གཟུགས་ལ་བརྟེན་ནས་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ལས་ལ་གཞོལ་བ་དང་། དོན་དངོས་ཀྱིས་ཀྱང་འདི་ནི་ཤིན་ཏུ་དགོས་གལ་ཆེ་ཞིང་ཕན་འབྲས་ལྡན་པའི་ཐབས་ལམ་ཞིག་ཡིན་པ་ར་སྤྲོད་བྱས།


རྒྱ་བོད་ཡིག་སྒྱུར་མ་ལག

                                                                                 འགག་ཕྲང་ལས་བརྒལ་ཏེ་བདེ་བླག་ངང་འཕེལ་རྒྱས་བྱེད་པ།

         བོད་ལྗོངས་ཀྱི་ས་རྒྱུས་དང་སྤྱི་ཚོགས་ཁོར་ཡུག་སོགས་ཀྱི་རྐྱེན་པས་ཇི་ལྟར་བྱས་ཏེ་བོད་རིགས་མང་ཚོགས་ཆ་འཕྲིན་དུས་རབས་ཀྱི་འཚོ་བར་ཞུགས་རྒྱུ་ནི་ཚན་ཞིབ་སྔོག་འདོན་ལས་ཀྱང་དཀའ་ཁག་ཆེ་བའི་གནད་དོན་ཞིག་ཏུ་གྱུར།
         རྩིས་འཁོར་སློབ་གསོ་ཁྱབ་བརྡལ་བྱེད་ཚད་དམའ་བའི་གནད་དོན་ཐག་གཅོད་བྱེད་པར།  དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་བོད་ཁུལ་གྱི་རྩིས་འཁོར་ལག་རྩལ་གསོ་སྦྱོང་སློབ་གྲྭ་ཐོག་མ་བཙུགས་ཤིང་། རྩིས་འཁོར་སློབ་སྦྱོང་བྱེད་མཁོ་ཅན་ལ་ཁ་གཏད་དེ་རིམ་གྲས་བགར་ནས་རྩིས་འཁོར་ཤེས་བྱ་ཁྱབ་བརྡལ་གྱི་བསླབ་གཞི་བསྐྲུན། 
         གསོ་སྦྱོང་མཇུག་སྒྲིལ་རྗེས། སློབ་གཉེར་བ་དག་རྒྱལ་ཁབ་རིམ་པའི་རྩིས་འཁོར་རིམ་ཨང་རྒྱུགས་ལེན་ནམ་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུའི་ལས་རིགས་ལག་རྩལ་ཐོབ་ཐང་རྒྱུགས་ལེན་ལ་ཞུགས་ཏེ་རྒྱལ་ཁབ་རིམ་པའི་རྩིས་འཁོར་རིམ་ཨང་རྒྱུགས་ལེན་ནམ་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་གནང་བཞིན་པའི༼ལས་རིགས་ལག་རྩལ་གསོ་སྦྱོང་ཐོབ་ཐང་དབང་ཡིག༽ལེན་པ་ཡིན།
         ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་སྐུ་ཞབས་ཅི་མཱ་ནོས་འཁྱེར་བདེའི་ཐོན་རྫས་སྔོག་འདོན་བྱེད་པར་བརྒྱུད་བོད་ཡིག་ཆ་འཕྲིན་ཅན་ཁྱབ་བརྡལ་གཏོང་བར་སྐུལ་འདེད་དང་། འགུལ་སྤོ་སྲ་སྡེར་དང་ཤོག་བུ། ལག་འཁྱེར་ཁ་པར་སོགས་ཀྱི་རྣམ་པར་བརྒྱུད་དེ་དྲ་རྒྱ་མེད་པའི་གནས་ཚུལ་འོག་བོད་མི་རྣམས་ཀྱིས་ཀྱང་ཆ་འཕྲིན་ཅན་གྱི་ཐོན་ཁུངས་མཉམ་སྤྱོད་བྱེད་ཐུབ་པ་བྱུང་། 
         དེ་མིན། རིག་ཚན་དང་རྩིས་ཚན་སོ་སོར་བགར་བའི་སློབ་གསོ་དང་ཚན་ཞིབ་སྲོལ་རྒྱུན་དོ་དམ་གྱིས་ཀྱང་བོད་ཡིག་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་མྱུར་ཚད་ལ་བཀག་འགོག་བཟོས་ཤིང་། སྐད་དང་ཡི་གེའི་གནད་དོན་ཐག་གཅོད་བྱེད་དགོས་ནའང་། སྐད་དང་ཡི་གེའི་ཤེས་ཡོན་པ་མང་པོས་ཆ་འཕྲིན་ཅན་ལེགས་པོ་ཤེས་ཀྱི་མེད་ཅིང་། རྩིས་འཁོར་ཆེད་མཁས་པས་ཀྱང་སྐད་དང་ཡི་གེའི་ཐད་གདངས་ཚོད་ཆེན་པོ་མེད་པ་དང་། མ་དངུལ་གཏོང་བའི་ཐད་ནས་ཀྱང་རིག་ཚན་ཚན་ཞིབ་དོ་དམ་ཁག་གིས་རིག་ཚན་དོ་དམ་དང་།  ཚན་རིག་ལག་རྩལ་དོ་དམ་ཁག་གིས་རྩིས་ཚན་དོ་དམ་བྱེད་པས་བར་དུ་འབྲེལ་འདྲིས་ཀྱི་བརྒྱུད་ལམ་ཆད་ཅིང་བསྐྱར་ཟློས་འཛུགས་སྐྲུན་ཡང་བྱེད་ཉེན་ཆེ། མིག་སྔར་ཐ་ན་འབྲེལ་ཡོད་བོད་ཡིག་ཆ་འཕྲིན་ཅན་གྱི་རིགས་གཞུང་དུས་དེབ་ཆེན་པོ་ཞིག་ཀྱང་གསར་འཛུགས་བྱས་མེད་པས་ཚན་ཞིབ་མི་སྣའི་རིགས་གཞུང་གྲུབ་འབྲས་དུས་ལྟར་སྤེལ་ཐབས་བྲལ་བའི་གནད་དོན་བྱུང་།
         ཉེ་བའི་ལོ་འགའི་ནང་། རྒྱལ་ཁབ་ཀྱིས་བོད་ཡིག་ཆ་འཕྲིན་ཅན་གྱི་རོགས་འདེགས་ནུས་ཤུགས་ལོ་རེར་ཆེར་བསྐྱེད་ཅིང་། བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཀྱང་གོང་ནས་གོང་དུ་འཕར་གྱི་ཡོད།  རྗེས་ཕྱོགས་ད་དུང་ཤེས་ཡོན་མི་སྣའི་ཤེས་བྱའི་སྒྲིག་གཞི་སྒྲིག་སྦྱོར་དང་། འབྲེལ་འདྲིས་མཉམ་འབྲེལ་གྱི་སྟེགས་བུ་སྐྲུན་པ། ཤེས་བྱའི་བདག་དབང་སྲུང་སྐྱོབ་སོགས་ཀྱི་ཐད་ནས་ལེགས་བཅོས་ཆེན་པོ་བྱས་ཏེ་བོད་ཡིག་ཆ་འཕྲིན་ཅན་མགྱོགས་མྱུར་བདེ་བླག་ངང་འཕེལ་བར་བྱེད་དགོས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060