སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྒྲ་ཐག་ MP༣ ལ་བསྒྱུར་བ།
སྤེལ་དུས། 2012-08-15   ཡོང་ཁུངས། བོད་ཀྱི་རླུང་འཕྲིན།   རྩོམ་པ་པོ།  ཚེ་རྡོར་གྱིས་བསྒྲིགས།

   MP༣ ནི་སྤྱིར་བཏང་གི་སྒྲའི་ཡིག་ཆ་དང་བསྡུར་ན་སྒྲ་གདངས་ལ་འགྱུར་བ་སོང་མེད་ལ་ཡིག་ཆའི་ཆེ་ཆུང་ལྡབ་ འགྱུར་གྱི་ཇེ་ཆུང་དུ་སོང་ཡོད་པའི་སྒྲའི་ཡིག་ཆ་བཙིར་གནོན་བྱས་པའི་རྣམ་པ་ཞིག་ལ་གོ།  སྒྲ་ཐག་དང་བསྡུར་ན་ཉར་ཚགས་ཀྱི་དུས་ཡུན་རིང་ལ་ཤོང་ཚད་ཆེ་སྟེ།  འོད་སྡེར་གཅིག་གི་སྟེང་དུ་སྒྲ་ཐག་བཅུ་ཡས་མས་ཀྱི་ནང་དོན་ཤོང་ཐུབ་པས།  ད་ལྟ་སྒྲ་སྙན་རྡུང་ལེན།  དམངས་གླུ།  ཞལ་འདོན་ཕྱོགས་བསྒྲིགས།  གེ་སར་གྱི་སྒྲུང་ལ་སོགས་པའི་སྒྲ་ཐག་ MP༣ དུ་བསྒྱུར་བ་གཅིག་རྗེས་གཉིས་མཐུད་དུ་བྱུང་བཞིན་ཡོད།

  MP༣ དེའི་སྒྲ་ལ་ཅི་ལྟར་ཉན་དགོས་ཞེ་ན།  དེ་ལ་ཡོ་བྱད་ཤིན་ཏུ་མང་སྟེ་ MP༣ སྒྲ་གཏོང་ཆས་དང་ VCD DVD སོགས་སུ་ཉན་ཆོག  དེ་ན་སྒྲ་བསྒྱུར་ཚུལ་གྱི་གོ་རིམ་ནི་འདི་ལྟ་སྟེ།  སྔོན་ལ་སྲ་ཆས་ཀྱི་ཕྱོགས་ནས་བཤད་ན་སྒྲ་གདངས་ཅུང་ལེགས་པའི་ལུས་འགྲོགས་སྒྲ་ཕབ་འཁོར་ལོའམ་སྒྲ་ཕབ་འཁོར་ལོ་ཞིག་དགོས།  ད་དུང་དེ་དང་རྩིས་འཁོར་གྱི་བར་དུ་ཆེད་ལས་ཀྱི་སྒྲ་བསྒྱུར་སྐུད་པ་གྲ་སྒྲིག་བྱེད་དགོས།  གོང་གི་ཆ་རྐྱེན་དེ་དག་འཛོམས་རྗེས་སྒྲ་ཕབ་འཁོར་ལོའི་བསྒར་ཁུང རྣ་ཉན་ཁུང་བུ་ཡང་ཆོག རྩིས་འཁོར་སྒྲ་བྱང་གི་ LINE IN བསྒར་ཁུང་དུ་མཐུད་དགོས།

       མཉེན་ཆས་ཀྱི་ཕྱོགས་ནས་གླེང་ན།  སྒྲ་ཕབ་ལེན་མཉེན་ཆས་ཤིན་ཏུ་མང་སྟེ།  COOL EDIT ༢༠༠ དང་ COOL PRO གཞན་ GOLDWAVE རང་གི་འདོད་མོས་ལྟར་སྣ་གཅིག་རྩིས་འཁོར་དུ་ནང་སྤྲོད་བྱ་དགོས།  སྒྲ་ལེན་སྐབས་སྒྲའི་ནང་འཇུག་སྣེ་གནས་ LINE IN འདེམས་དགོས་ལ་སྒྲའི་ཟློས་ཚད་མ་དཔེ༢༢བླངས་ན་སྒྲ་གསལ་ཞིང་ དྭངས་བའི་དགེ་མཚན་ལྡན།  སྒྲ་ཐག་གི་སྒྲ་རྣམས་འཕྲུལ་འཁོར་དུ་བླངས་ཚར་རྗེས་རང་གི་དགོས་མཁོ་ལྟར་རྩོམ་ སྒྲིག་དང་སྒྲ་ཆེ་ཆུང་སྙོམས་སྒྲིག་ཙག་སྒྲ་ལེན་པ་སོགས་གང་འདོད་བྱ་ཆོག།  ད་ལྟ་བླངས་ཡོད་པའི་ཡིག་ཆ་དེ་སྒྲའི་སྤྱིར་བཏང་གི་ཡིག་ཆའི་རྣམ་པ་ WAV ཡིན།  དེ་ཤོང་ཚད་ཤིན་དུ་ཆེ་བས་རང་གི་ཉར་ཚགས་བྱེད་སྐབས MP༣ དང་ CD གང་རུང་ཞིག་འདེམས་ནས་ཉར་ཚགས་ཆོག་པ་རེད། དོ་སྣང་བྱ་ཡུལ།  ཁྱེད་ཀྱི་རྩིས་འཁོར་གྱི་སྒྲ་བྱང་ཇི་འདྲ་བཟང་ན་སྒྲ་བླངས་པ་དེ་ལྟར་བཟང༌།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060