སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་པས་གསར་གཏོད་བྱས་པའི་ལག་འཁྱེར་ཁ་པར་ཨེ་མ་ཧོ་རྟགས་ཅན་ཚོང་རར་འགྲེམ་རྩིས་ཡོད་པ།
སྤེལ་དུས། 2012-08-22   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  པད་མས་བསྒྲིགས།

ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཁྱེར་གྱི་ཁྱབ་སྒྲོག་པར་རིས།

མིག་སྔར། བོད་པ་རང་གིས་གསར་གཏོད་བྱས་པའི་བོད་ཡིག་ལག་འཁྱེར་ཁ་པར་མང་པོ་མེད་པ་དང་། རེ་གཉིས་ཡོད་པ་དེ་དག་ཡང་འཐུས་སྒོ་མི་ཚང་བ་དང་སྟབས་བདེ་ཞིག་མ་བྱུང་བས་མི་མང་པོ་ཞིག་གིས་བོད་པ་རང་གིས་གསར་གཏོད་བྱས་ཤིང་དེང་དུས་ཁྱབ་ཆེ་ཞིང་གོ་ནུས་མཉམ་པའི་བོད་ཡིག་ལག་འཁྱེར་ཞིག་ལ་རེ་སྒུག་བྱེད་ཀྱི་འདུག
     གནས་ཚུལ་འདི་ལྟ་བུའི་འོག  བོད་པ་རང་གིས་གསར་དུ་བཙུགས་པའི་མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་ཟིའི་མི་སྣ་ཡོངས་ཀྱིས་བགྲང་བྱ་དུ་མ་ལྷག་གི་རིང་འབད་པ་ལྷོད་མེད་བྱས་པ་བརྒྱུད་ཨེ་མ་ཧོ་ཞེས་པའི་རྟགས་ཅན་གྱི་བོད་ཡིག་ལག་འཁྱེར་ཁ་པར་ཞིག་གསར་གཏོད་བྱུང་ཡོད་ལ། མི་འགྱངས་པར་བོད་ཁུལ་གྱི་ཡུལ་གྲུ་སོ་སོའི་ཚོང་རར་འགྲེམ་རྩིས་ཡོད་པ་རེད།

ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཁྱེར་ཁ་པར།

ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཁྱེར་ཁ་པར་གྱིས་སྔར་ཡོད་བོད་ཡིག་ལག་འཁྱེར་ཁ་པར་ཡོངས་ཀྱི་ལེགས་ཆ་བསྡུ་རུབ་བྱས་ཡོད་པ་དང་། རྨང་གཞི་དེའི་སྟེང་དེང་དུས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་ཚན་རྩལ་གྱི་ལག་ཐབས་བེད་སྤྱད་དེ་དུས་རབས་ཀྱི་རང་བཞིན་ཅུང་ལྡན་ཞིང་ཕྱོགས་ཡོངས་ཀྱི་རང་བཞིན་ལྡན་པའི་བོད་ཡིག་ལག་འཁྱེར་ཁ་པར་ཞིག་གསར་འདོན་བྱེད་པར་འབད་པ་གནང་།  ལག་འཁྱེར་ཁ་པར་འདིའི་ནང་བཀོལ་བའི་ཐ་སྙད་དག་ནི་དེང་དུས་བོད་ཁུལ་ཡོངས་སུ་གཅིག་གྱུར་བྱུང་ཡོད་པའི་རིགས་ཡིན་ལ།  འདིའི་སྤྱོད་སྒོ་སོགས་ཕྱོགས་གང་ཐད་ནས་མི་རིགས་རང་གི་ཁྱད་ཆོས་མངོན་པར་ལྡན་ཡོད། དེ་མིན་འདིའི་སྟེང་དུ་སྔོན་བྱོན་དམ་པ་དག་གི་གསུངས་ཆོས་དག་མྱོང་རོལ་བྱ་ཆོག་ལ་རང་གི་འཕྲལ་ཡུན་གྱི་མྱོང་ཚོར་ཡང་མྱུར་མགྱོགས་ངང་འདིའི་ནང་སྤེལ་ཆོག་པ་མ་ཟད། དྲ་ཚིགས་སྣ་ཚོགས་སུ་འཛུལ་ཆོག་པ་དང་རང་ལ་ཉེ་བར་མཁོ་བའི་མཉེན་ཆས་རྣམས་གང་བདེ་རུ་ཕབ་ལེན་བྱས་ཆོག གང་ལྟར་ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཁྱེར་ཁ་པར་འདིས་དེང་དུས་ཚན་རྩལ་གྱི་གོམ་སྟབས་དང་སྙེགས་ཏེ་མི་རིགས་རང་གི་ལག་འཁྱེར་ཁ་པར་དཔེ་ཚུལ་ལྟ་བུ་ཞིག་ཏུ་འགྱུར་བར་ཡིད་ཆས་ཀྱིས་ཁེངས་ཡོད།
   མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་ཟིས་མི་རིགས་ཀྱི་ཚན་རྩལ་གོང་འཕེལ་བཏང་བའི་བླངས་བྱ་ཡིད་ལ་ཡང་ཡང་བཅངས་ནས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་ཐོན་རྫས་མང་པོ་གསར་དུ་འདོན་པར་དུས་ཡུན་རིང་པོའི་བརྩོན་པ་ཆེན་པོ་བྱས་ཡོད།
        ཐེངས་འདིའི་ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཁྱེར་ཁ་པར་ནི་མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཀུང་ཟིའི་གོམ་པ་དང་པོ་དེ་ཡིན་ལ། རྗེས་ཕྱིན་གྱི་དུས་ཡུན་ནང་མུ་མཐུད་དུ་བོད་ཡིག་གི་མཉེན་ཆས་སྣ་ཚོགས་དང་གློག་རྡུལ་ཐོན་རྫས་སྣ་ཚོགས་གསར་འདོན་བྱ་རྩིས་ཡོད་ཅིང་ཕྱིར་བཤོལ་མེད་པའི་ངང་ལམ་བུར་འདིར་བསྐྱོད་པའི་བློ་སྤོབས་བཅངས་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060