སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཡིག་དར་སྤེལ་གཏོང་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན།
སྤེལ་དུས། 2011-12-22   ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར།       རྩོམ་པ་པོ།  སྒྲོལ་མས་བསྒྲིགས།
     ད་ལྟ། བོད་པའི་ཁྱིམ་བདག་ལ་ལ་ཞིག་གིས་རང་ཉིད་ནི་གདོང་དམར་བོད་པ་ཞིག་ཡིན་པའང་བརྗེད་འདུག   ཁོ་ཚོས“དུས་རབས་ཉེར་གཅིག་པའི་ནང་དུ་བོད་སྐད་དང་བོད་ཡིག་སྦྱངས་ན། མདུན་ལམ་ཡག་པོ་ཞིག་མེད་པར་མ་ཟད། ”ཞེས་མི་རིགས་གཞན་གྱིས་ཐོས་ན་དགོད་བྲོ་བ་དང་རང་མི་རིགས་ཀྱིས་ཐོས་ན་ཡིད་སེམས་སྐྱོ་བའི་སྐད་ཆ་སྣ་ཚོགས་ཤིག་འཆད་ཀྱིན་ཡོད་པ་རེད། 
 
    དོན་དངོས་ཐོག་བཤད་ན། བོད་ཡིག་ནི་འཛམ་གླིང་གི་ཤུལ་བཞག་རིག་གནས་རྩ་ཆེན་གྱི་གྲས་སུ་གཏོགས་པ་དང་ལོ་རྒྱུས་ཀྱི་རྒྱུན་རིང་བ་ཞིག་ཡིན།      རང་མི་རིགས་ལ་འདི་འདྲའི་གསེར་ལས་དཀོན་པའི་སྐད་དང་ཡི་གེ་ཞིག་ཡོད་བཞིན་དུ། རང་ཉིད་ཀྱི་སྐད་དང་ཡི་གེ་བསྐྱུར་ཏེ་མི་རིགས་གཞན་གྱི་སྐད་དང་ཡི་གེ་ཁོ་ན་སྦྱོང་བ་ནི་ངོ་མས“དྲེད་མོང་གིས་བྱི་བ་བཟུང་བ”དང་མཚུངས་པ་རེད།   དོན་ངོ་མར། མི་རིགས་གཞན་གྱི་སྐད་དང་ཡི་གེ་ཤེས་ན་བཟང་མོད། འོན་ཀྱང་བོད་མི་ཁ་ཤས་ཤིག་གིས་མི་རིགས་གཞན་གྱི་སྐད་དང་ཡི་གེ་སྦྱངས་རྗེས། རང་མི་རིགས་ཀྱི་སྐད་དང་ཡི་གེ་སེམས་ནས་བརྗེད་བཞིན་ཡོད། དེར་མཁས་པ་ཞང་སྟོན་བསྟན་པ་རྒྱ་མཚོ་ཚང་གིས་ཀྱང“སྐད་རིགས་ཐམས་ཅན་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན”ཞེས་གསུངས་ཡོད། དེར་བརྟེན་བོད་ཀྱི་མཁས་པ་དང་འགན་འཁྲིའི་འདུ་ཤེས་ལྡན་པའི་ཤེས་ཡོན་ཅན་དག་གིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་འདི་དག་ཉམས་རྒུད་དུ་མི་འཇུག་པའི་ཆེད་དུ་ཐ་ན་དབྱར་གནང་དང་དགུན་གནང་གི་སྐབས་སུའང་། ཉིན་མཚན་ལ་དབྱེ་བ་མེད་པར་བོད་ཀྱི་ལོ་ཆུང་བྱིས་པ་ཚོ་ལ་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད། དེའི་རྐྱེན་གྱིས་བོད་ཁ་བའི་ལྗོངས་ན་འཚར་ལོངས་འབྱུང་བཞིན་ཡོད་པའི་བོད་པ་ཆུང་ཆུང་ང་ཚོ་ལ་མཚོན་ནའང་ཁོ་ཚོའི་རེ་བ་དང་བཀའ་དྲིན་སེམས་ལ་བཟུང་ནས། ཉིན་མཚན་ལྟོས་མེད་དང་གཉིད་ཆག་ཟས་བརྗེད་ཀྱིས་རང་མི་རིགས་ཀྱི་རིན་ཐང་གཞལ་ཐབས་བྲལ་བའི་བོད་ཡིག་འདི་ལ་སློབ་སྦྱོང་ནན་མོ་ཞིག་བྱ་དགོས་ལ། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཡིག་བོད་སྐད་འདི་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ང་ཚོའི་འགན་འཁྲིའང་ཡིན་ནོ།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060