སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གྲང་ནད།
སྤེལ་དུས། 2014-06-26   ཡོང་ཁུངས། གསོ་རིག་ཀུན་བཏུས་དྲ་བ།    རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

 

སྒྲ་གདངས་ནི་ lín bìng སྟེ་བོད་སྐད་དུ་གྲང་ནད་ཟེར།

 

སྤྱི་བཤད།

གྲང་ནད་ནི་འབུ་ཕྲ་གྲང་བ་ཅན་简称淋球菌འབྲེལ་ཡོད་ཀྱི་མིང་དུ་ཆགས་པའི་ཟགས་ཐོན་མ་ལག་གི་དབང་པོ་མཚན་མ་ལ་འགོས་མཆེད་འབྱུང་ཞིང་།རྗེས་སུ་མིག་དང་མགྲིན་པ།རྒྱུ་མ་དང་ཚང་སྒམ་ལ་ཁྲག་དང་འབྲེལ་བར་འགོ་བ་ཡིན།དེ་ནི་རྒྱུན་མཐོང་གི་ནད་གཞིའི་གྲས་ཞིག་ཡིན།

གྲང་ནད་ནི་དབང་པོ་གཉིས་སྦྱོར་ལས་འགོས་མཆེད་དང་།ཉུང་ཤོས་ལ་ནད་པའི་ཁུ་ཁྲག་ལས་འགོས་མཆེད་འབྱུང་།བུད་མེད་དག་གི་མངལ་ལམ་ནས་འགོ་བའང་ཡོད།

མྱུར་བའི་རང་བཞིན་གྱི་གྲང་ནད་འགོས་མཆེད་བྱུང་ནི་ཉིན་༣ནས་༥བར་ཡིན། སྐྱེས་པ་དག་གཅིན་ལམ་གཟེར་བ་དང་། ལྷག་པར་དུ་གཅིན་པ་འདོར་དུས་ཟུག་གཟེར་འབྱུང་། ཁུ་བ་འཛག་པ་དང་ཁྲག་རྣག་ཆུ་སེར་ཡང་འབྱུང་། གཅིན་ཁ་དམར་པོ་ཆགས་པ་དང་གཅིན་པ་གཏོང་དཀའ་བ་དང་ཟུག་གཟེར་ཡང་དྲག་པོ་འབྱུང་།དུས་ལྟར་བཅོས་སྐྱེད་མ་བྱུང་བར་གཟའ་འཁོར་༣གྱི་རྗེས་སུ་རྣག་ཁུ་འཛག་པ་ཆད་ཅིང་ནད་རྟགས་མང་པོ་འང་མེད་པར་འགྱུར།དེ་ལྟར་རིམ་བཞིན་གྲང་ནད་རྙིང་བར་འགྱུར་བའོ།

དལ་བའི་རང་བཞིན་གྱི་གྲང་ནད་ནི་གཅིན་ལམ་དུ་རྒྱུན་པར་ན་ཟུག་འབྱུང་བ་དང་རྣག་འཛག་པ། གྲང་ནད་ཀྱི་གཅིན་ལམ་དང་མངལ་ལམ་མཐའ་འཁོར་གྱི་ཕུང་གྲུབ་ལ་གནོད་ཅིང་སྐྱེས་པ་དག་ལ་གཅིན་ལམ་གཉན་ཚད་དང་།བུད་མེད་དག་ལ་བསམ་སེའུ་དང་མངལ་ཚབས་སོགས་སུ་འགྱུར། གཞན་ཡང་གྲང་ནད་འབུ་ཕྲ་དང་འབྲེལ་བའི་གྲུམ་བུ་སྙིང་ནད་ལ་སོགས་པའོ།

བུད་མེད་གྲང་ནད་ནི་སྐྱེས་པ་ལས་ནད་ཚབས་ཡང་ཞིང་།གཅིན་ལམ་དང་མངལ་འབྲེལ་གཤེར་རྨེན། མངལ་ལམ་གཉན་ཚད། བུ་སྣོད་ལ་སོགས་པའོ།དེ་ཡང་རིམ་བཞིན་དལ་བའི་རང་བཞིན་གྱི་གྲང་ནད་དུ་འགྱུར་རོ། བྱིས་པའི་གྲང་ནད་ནི་བུ་མོ་དག་ལ་ཟགས་ཐོན་རྫས་དང་འབྲེལ་ཏེ་འགོ་ཞིང་། གཅིན་ཁ་དམར་སྐྲངས་ཆགས་པ་དང་རྣག་འཛག་པ། ཟུག་གཟེར་གཏོང་བ་ལུས་ཡོངས་སུ་ཚ་བ་སྐྱེས་པ་ལ་སོགས་པའོ།དེ་འབྲེལ་གྲང་ནད་ཀྱི་མིག་ན་བ་དང་དམར་ཚགས་འབྱུང་བ། ཚབས་ཆེ་ན་ལོང་བར་ཡང་འགྱུར་སྲིད། གཙོ་བཅོས་ནི་ཆིན་མེ་སོ༼青霉素壮观霉素淋必治)、头孢甲氧霉素༽ལ་སོགས་པའོ།

ངོས་འཛིན།

ངེས་པར་དུ་དབང་པོ་དང་འབྲེལ་འཁྲིག་སྤྱོད་ཀྱི་ལོ་རྒྱུས་དང་།ནད་ཐོག་བརྟག་དཔྱད་ཚོད་ལྟའི་ཆ་ཡོངས་སུ་ཞིབ་བཤེར་གྱིས་ངོས་འཛིན་གཏན་འབེབས་བྱེད་དགོས།

༡༽འཁྲིག་སྤྱོད་ཀྱི་ལོ་རྒྱུས།དེ་ཡང་ནད་པ་རང་ཉིད་བཟའ་ཟླ་ལས་གཞན་གཤང་ཚོང་མར་སྤྱད་པ་དང་ཡང་ན་གྲང་ནད་འགོས་མཆེད་ཅན་གྱི་མི་དང་ལུས་འབྲེལ་བྱས་པ།བུ་ཕྲུག་གསར་བ་ལ་མཚོན་ན་ཨ་མ་ཉིད་ལ་གྲང་ནད་འགོས་མཆེད་ཀྱི་ལོ་རྒྱུས་ཡོད་མེད་བཅས་སོ།

༢༽ནད་ཐོག་གི་མངོན་ཚུལ། དེ་ཡང་གྲང་ནད་ལ་གཙོ་བོ་གཅིན་འགག་པ་དང་ལྒང་བ་སྦོས་པ། ཟུག་གཟེར་གཏོང་བ།གཅིན་ཁ་མངལ་ལམ་ནས་རྣག་འཛག་པ་ལ་སོགས་པའོ། གཞན་ཡང་མིག་ནད་དང་རྒྱུ་ཚད་། མིད་འཆུས་ལ་སོགས་པའི་མངོན་ཚུལ་འབྱུང་། གཞན་སྐྱེས་མཆེད་རང་བཞིན་གྱི་མཚན་མའི་གྲང་ནད་བཅས་ཀྱི་ནད་འགྱུར་མངོན།

༣༽ཚོད་ལྟ་ཁང་གི་ཞིབ་བཤེར། སྐྱེས་པ་དག་གི་གྲང་ནད་རང་བཞིན་གྱི་གཅིན་ལམ་གཉན་ཚད་ལ་བཅད་བཤེར་ཐོག་མའི་ངོས་བཟུང་ལ་དོན་སྙིང་ལྡན་ཞིང་བུད་མེད་མཚོན་ན་མིག་ལྟོས་བྱས་ཆོག་ལ་ནད་འབུ་བསྐྱེད་བསྲིང་གིས་གྲང་ནད་འགོས་མཆེད་བྱུང་ཡོད་མེད་བདེན་པ་རྙེད་ཐུབ།ཆ་རྐྱེན་ལྡན་པར་གཞི་རྒྱུ་ངོས་འཛིན་གྱི་ཐབས་ལམ་བརྒྱུད་ངོས་འཛིན་གཏན་འབེབས་གནང་རྒྱུ་དེའོ།

གསོ་བཅོས་ཐབས་ལམ།

གྲང་ནད་ནི་འགོས་མཆེད་དང་ནད་ལོག་འབྱུང་སླ་བའི་མཚན་མའི་ནད་གཞི་ཞིག་རེད། རྒྱུན་དུ་༼衣原体༽འགོས་མཆེད་ལས་བྱུང་བ་རེད།གྲང་ནད་འབུ་ཕྲ་ལ་སྨན་རྫས་རྒྱུན་གོམས་རང་བཞིན་ཆགས་སླ་བ་རེད།དེ་ལྟར་བླ་གཉན་དག་གི་མངོན་རྟགས་ཀྱང་འབྱུང་སླ།༡༩༣༥ནས་ཧོང་ཨན་༼磺胺药༽སྨན་རིགས་ཀྱིས་གྲང་ནད་བཅོས་པ་དང་།༡༩༤༤ནས་ཆིན་མེ་སོའོ་༼青霉素༽ཡིས་གྲང་ནད་བཅོས་བཅོས་པ་རེད།ཅུང་ཟད་གྲུབ་འབྲས་བཟང་པོའི་དྲག་སྐྱེད་བྱུང་།དེ་ལྟར་ཆིན་མེ་སོའོ་༼青霉素༽དང་སི་ཧོང་སོ་༼四环素༽ལ་སོགས་པ་སྨན་རྫས་རྒྱུན་གོམས་སུ་གྱུར་བའི་གྲང་ནད་བཅོས་ཐབས་ལའང་དཀའ་ངལ་བྱུང་།

༡༽གསོ་བཅོས་རྩ་དོན།

༡ཐོག་མའི་ནད་ངོས་འཛིན་པ་དང་སྔ་མོ་ནས་གསོ་བཅོས་ལ་འབད་དགོས།༢ དུས་ལྟར་ཚད་ལྡན་སྨན་བཅོས་དང་སྨན་རྫས་སྤྱོད་དགོས། ༣ ནད་གཞི་མི་འདྲ་བར་ནད་གཞི་དེར་བསྟུན་གྱི་གསོ་བཅོས་བྱེད་དགོས། ༤ འཁྲིག་སྤྱོད་འབྲེལ་བའི་མི་དེ་ལའང་གསོ་བཅོས་བྱ་དགོས། ༥ གསོ་བཅོས་བྱས་རྗེས་བསྐྱར་དུ་བརྟག་དཔྱད་བྱེད་དགོས། ༦མཉམ་འཇོག་གིས་འགོག་ནུས་དང་ནུས་འབྱུང་ལ་འགོས་མཆེད་ཡོད་མེད་དང་གཞན་STDsའགོས་མཆེད་ཡོད་མེད་དེ་རེད།

༢༽གསོ་བཅོས་ཐབས་ལམ།

གཤམ་དུ་གསོ་བཅོས་ཐབས་ལམ་ནི་ཕྱི་ལུགས་ཀྱི་བཅོས་ཐབས་སྨན་རྫས་འདི་དག་གོ།

ནད་གཞིའི་འབྱུང་རྐྱེན།

 

གྲང་ནད་གྱི་འབྱུང་ནུས་ནི་གྲང་ནད་རིལ་ཟུང་འབུ་ཕྲ་སྟེ་ནེ་སིར་༼Neisser༽བུ་ཕྲའི་ཁོངས་སུ་གཏོགས།༡༨༩༧༩ལོར་ནེ་སིར་༼Neisser༽ ཆེས་ཐོག་མར་གྲང་ནད་རིལ་ཟུང་འབུ་ཕྲ་ལ་དབྱེ་བ་ཕྱེས་ཤིང་།དེ་བས་རིལ་ཟུང་འབུ་ཕྲ་ལ་བརྡ་ཆད་འདི་ལྟར་Neisseria Gonorrhoeaeཆགས།༡༨༨༥ལོར་པཱམ་ལགས་ཁྲག་གར་གསོ་སྐྱོང་གིས་གྲང་ནད་འབུ་ཕྲའི་གསོ་སྐྱོང་ལེགས་གྲུབ་བྱུང་།

གྲང་ནད་འབུ་ཕྲའི་དབྱིབས་གཟུགས་ནི་མགོ་སྲིན་ཡ་མའི་གཟུགས་བྱད་དང་མཚུངས་ཤིང་། རྣམ་པ་སྒོར་དབྱིབས།ཁུ་ཐིགས་ལྟ་བུ་དང་མཁལ་དབྱིབས་ལྟ་བུ་ཆ་འགྲིག་དུ་གནས།ཐག་ཉེ་རུ་ཕྱ་ལེ་བའམ་ཕྱ་ལེ་མ་ཡིན་པ། ཆེ་ཆུང་ནི་0.6μm×0.8μmརེད།དེ་ཡང་གི་ལིན་ཧྲི་འོད་མདངས་革兰氏染色སྲིབས་སུ་ངེས་པ་དང་དམར་པོ་ཡིན་པ།མེ་ལིན་美蓝染色འོད་མདངས་སྔོན་པོ་ཡིན།མྱུར་བའི་རང་བཞིན་གྱི་ནད་པར་གྲང་ནད་འབུ་ཕྲ་རྒྱུན་མཐོང་ནི་ཟགས་ཐོན་དངོས་པོ་ལས་ཕྲ་ཕུང་དཀར་པོའི་ནང་དང་དལ་བའི་རང་བཞིན་གྱི་ནད་ནི་ཕྲ་ཕུང་དཀར་པོའི་ཕྱི་ངོས་སུ་ཡོད།

གྲང་ནད་འབུ་ཕྲའི་འགོག་ནུས་ནི་གཉོམ་ཞིང་། སྐམ་སར་གནས་མི་ཐུབ་ལ་རླན་སར་གོམས་ཡོད། དྲོད་ཚད་3536ཡང་ན་2.5%-5%དབྱང་གཉིས་ཐེན་འགྱུར་二氧化碳གྱི་ཁོར་ཡུག་དུ་འཚོ་གནས་ཐུབ།སྐམ་ས་ཁོ་ནར་དུས་ཚོད་1~2二氧化碳ཙམ་ལས་གསོན་མི་ཐུབ། ཕྲ་མཐོང་ཆེ་ཤེལ་ལས་མཐོང་བར་དོར་མའི་ནང་འབྱར་དང་ཨ་ཅོར་ལ་སོགས་པར་དུས་ཚོད་18-24འཚོ་གནས་ཐུབ། དྲོད་ཚད་ཡན་ཆད་དུ་སྐར་ཆ་ལྔ་ལས་འཚོ་གནས་བྲལ།གྲང་ནད་ལ་རྒྱུན་དུ་འབུ་ཕྲ་གསོད་པའི་སྨན་བཀོལ་ཏེ་འགོག་ནུས་ཤིན་ཏུ་གཉོམ་པོར་ཆགས་ཡོད།འདི་ལྟར་14000硝酸银སྐར་ཆ་༧ལས་འབུ་ཕྲ་གསོད་པར་འགྱུར་ཞིང་།1%石碳酸ཡི་སྐར་ཆ་༥་ལས་ཤི་བར་འགྱུར།

གྲང་ནད་འབུ་ཕྲའི་ཕྱི་ངོས་སུ་ཞག་ཚིལ་དང་མངར་ཆ་མང་པོ་དང་།ཕྱི་ངོས་སྤྲི་དཀར་དང་འབུ་ཕྲའི་ཕུང་གྲུབ་ལས་གྲུབ། ལྷན་སྐྱེས་སྲིན་བུ་སྟེ་ནད་གཞི་ལའང་ཕན་པར་འགྱུར།འབུ་ཕྲ་Piliནི་དབྱིབས་གཟུགས་སྣ་ཚོགས་多肽ལས་གྲུབ་ཅིང་། ནུས་འབྱུང་རང་བཞིན་དང་སྔ་གཞུག་དུ་ཨན་ཇི་སོན་氨基酸སྙོམ་སྒྲིག་བྱེད།Piliདང་གྲང་ནད་འབུ་ཕྲ་ནི་མཚན་མ་ལ་ངེས་པར་འབྲེལ་ཆེ་ཞིང་ཕྲ་ཕུང་དཀར་པོའི་ཆེར་སྐྱེད་ལ་ཚད་བཀག་དང་ནུས་པ་ཐོན་ཡོད།འབུ་ཕྲའི་ཕུང་པོ་དུས་ཚོད་༢༠ནང་དུ་བསྐྱེད་བསྲིང་བྱས་པར་ཕྱི་ངོས་འབུ་ཕྲ་མཐོང་དུ་ཡོད་ལ་འགོས་མཆེད་རང་བཞིན་ལྡན། འབུ་ཕྲ་རྒས་པ་དང་ཉམས་པར་གྱུར་བར་གཅིན་ལམ་དུ་གཉན་ཚད་མི་འབྱུང་བ་ཡིན།

གྲང་ནད་འབུ་ཕྲའི་ཕྱི་ངོས་སུ་སྤྲི་དཀར་ཀྱི་ཆ་གསུམ་ཏུ་ཕྱེས་ཆོག དེ་ལ་སྤྲི་དཀར་དང་སྤྲི་དཀར་གཙོ་བོ།སྤྲི་དཀར་དང་པོའི་ཕྱི་ངོས་ཆ་བརྒྱ་ཆའི་༦༠ཟིན་པ་རེད།གྲང་ནད་འབུ་ཕྲ་མི་འདྲ་བ་ལས་སྤྲི་དཀར་ཀྱི་ནུས་འབྱུང་ཡང་མི་འདྲ་བ་རེད།ནུས་འབྱུང་གི་ལྡང་ཚད་གཏན་བརླིང་དང་དེ་ལས་ཁི་ལུང་单克隆抗体ནུས་འགོག་གི་གྲང་ནད་འབུ་ཕྲ་ཁྲག་དཔྱད་ལ་དབྱེ་ཞིབ་བྱེད་ཐུབ།དེ་ལ་རྣམ་པ་གཉིས་PIAདང་PIBམངོན་ཐུབ་པ་རེད།དེ་ནི་ཕྲ་ཕུང་ཕྱི་ངོས་ཀྱི་བུ་ག་ཞིག་རེད།བཤེར་གཟུགས་ཀྱི་དངོས་པོ་དང་འདོར་སྙིགས་བཅུད་ལེན་གྱི་ནུས་པ་དང་། གཉེན་འཇོམས་ཕྲ་ཕུང་ཕྱི་ངོས་ལས་ནང་དུ་སིམ་འཛུལ་བྱེད་ཐུབ།སྤྲི་དཀར་གཉིས་པའི་གྲང་ནད་འབུ་ཕྲ་མིའི་རིགས་ཀྱི་པགས་སྤྱིའ་ཕྲ་ཕུང་དང་ཕྲ་ཕུང་དཀར་པོའི་འབྱར་བག་དང་ཕྲ་ཕུང་བར་གྱི་འབྱར་བག་དང་འབྲེལ་ཡོད།དེ་ལ་ཕྲ་རྒྱན་ལྟར་མངོན་ཞིང་སྤྲི་དཀར་གསུམ་པ་ལ་འབྱུང་བའི་བརྡ་ཆད་Rmpལ་ཟེར། དེ་ལ་འགོག་ནུས་ཤུགས་ཆེན་ལྡན་ཞིང་ནེ་སིར་འབུ་ཕྲ་奈瑟氏菌སྣོལ་མའི་མངོན་ཚུལ་ཡོད།བླ་གཉན་གཞན་དག་གི་འབུ་ཕྲ་གསོད་པའི་ནུས་པའང་ཡོད།ཉེ་ཆར་གསར་རྙེད་ཀྱི་འབུ་ཕྲ་སྙོམས་སྒྲིག་སྤྲི་དཀར་སྟེ་Frpདང་།ལྕགས་ཁམས་ཆད་པ་ལ་སྙོམས་སྒྲིག་གི་ནུས་པ་འདོན་ཐུབ།

མངར་ཆ་མང་པོའི་གྲང་ནད་འབུ་ཕྲའི་གཅོ་བོའི་མངོན་ཚུལ་གྱི་ཆ་ཤས་གཅིག་ནི་གྲང་ནད་འབུ་ཕྲའི་ནང་རོལ་གྱི་དུག་ཕུང་གྲུབ་ཆ་དེ་རེད།སྐྱི་ངོས་ཀྱི་འོག་དང་ནང་རོལ་གྱི་ཟུངས་ཁམས་གཉིས་མཉམ་འབྲེལ་གྱི་གཉན་ཚད་སྐྱེས་པ་དང་། གྲང་ནད་ཀྱི་་དུག་ཤེད་ཆེར་རྒྱས་པའི་མངོན་ཚུལ་འབྱུང་།དེ་ལ་ནད་གཞི་རང་བཞིན་གྱི་འགོག་བསྲུང་རང་བཞིན་ལ་འང་འབྲེལ་བ་ཡོད། ད་ལྟ་གཏན་འབེབས་གནང་བ་ནི་ནུས་འབྱུང་སྣ་དྲུག་གི་མི་འདྲ་བའི་གྲང་ནད་འབུ་ཕྲ་ལ་ཞག་ཚིལ་དང་མངར་ཆ་མང་བ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060