སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གྲང་ནད་ཀྱི་ནད་འགྱུར་གནས་སྟངས།
སྤེལ་དུས། 2014-07-05   ཡོང་ཁུངས། གསོ་རིག་ཀུན་བཏུས་དྲ་བ།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།
དེ་ཡང་རྒྱུན་ལྡན་ལྟར་ན་གཅིན་པ་ལ་ནད་འབུ་དང་བྲལ་ཞིང་གཅིན་པའི་གཅིན་ལམ་གྱི་མི་གཙང་བ་བཤལ་ཏེ་འབུ་ཕྲ་མང་པོ་གཅིན་ལམ་དུ་འཚོ་གནས་མི་ཐུབ་པ་རེད། གྲང་ནད་ནི་འབུ་ཕྲ་ནི་གཅིན་ལམ་དུ་འཚོ་ཞིང་གཙོ་བོ་གྲང་ནད་ལ་འབུ་སྲིན་ཕྲ་མོ་དང་གྲང་ནད་འབུ་སྲིན་དེ་ཉིད་སྐྱི་རིམ་ཕྲ་ཕུང་དུ་རྒྱུ་ཞིང་གཅིན་ལམ་དང་བུ་སྣོད་རྩ་ལམ།ལྒང་བ་བཅས་ཀྱི་འབྱར་བག་གི་ཆ་ལ་མངོན་གསལ་ཡིན། ལས་སླ་བར་ཕྲ་ཕུང་དེ་དག་དང་འབྲེལ་བ་ཡིན། འབུ་ཕྲ་དེ་ཉིད་酸性尿中(pH<5.5ནང་དུ་མྱུར་བར་ཤི་ཞིང་། དེ་བས་ལྒང་བ་དང་མཁལ་མར་འགོས་མཆེད་འབྱུང་སླ་བ་མིན།གཞན་མདུན་ཆགས་གཤེར་རྨེན་དང་ཁུ་བའི་རྒྱུ་ལམ་ལ་འགོས་མཆེད་འབྱུང་ཡིན།

གཅིན་ལམ་དང་མངལ་ལམ་གྱི་ལྷན་སྐྱེས་སྲིན་བུའི་ཚོགས་དང་གྲང་ནད་འབུ་ཕྲ་བར་ཚད་བཀག་ངེས་ཅན་གྱི་ནུས་པ་ཐོན་བཞིན་ཡོད།འབུ་སྲིན་འདི་དག་གིས་ཕུང་སྟེང་ལ་རང་བྱུང་གི་འགོག་ནུས་མཁོ་སྤྲོད་བྱེད་བཞིན་ཡོད།འབྱར་བག་ཕྱི་ངོས་སུ་གནས་པའི་འོ་མའི་ལྕགས་གྲུབ་སྤྲི་དཀར་སྟེ། ལྕགས་ནི་གྲང་ནད་འབུ་ཕྲའི་སྐྱེས་འཕེལ་ལ་ངེས་པར་དུ་མཁོ་ཞིང་།གལ་ཏེ་ཁོར་ཡུག་ཏུ་ལྕགས་ཀྱི་ནུར་ཆའི་ཚད་དམའ་བའི་སྐབས་སུ་གྲང་ནད་འབུ་ཕྲ་སྐྱེས་པར་བཀག་རྒྱ་ཐེབས།གྲང་ནད་འབུ་ཕྲའི་ཕྲ་ཕུང་མི་འདྲ་བ་ལ་བརྟེན་ནས་ཚོར་བའང་མི་འདྲ་བ་སྟེར། གཅིན་ལམ་མདུན་ངོས་འབྱར་བག་སྐྱི་རིམ་གྱི་ཚོར་བ་མངོན་གསལ་དང་།དེ་བས་གཅིན་ལམ་ལ་ལས་སླ་བར་འགོས་མཆེད་བྱེད། གཅིན་ལམ་རྒྱབ་ངོས་དང་ལྒང་བའི་སྐྱི་རིམ་དུ་རྒྱུ་བ་དང་གྲང་ནད་འབུ་སྲིན་ཚོར་བ་སྐྱེན་པའི་གདུང་གཟུགས་ཕྲ་ཕུང་དང་གྲང་ནད་འབུ་ཕྲ་འགོས་མཆེད་ཀྱི་གོ་སྐབས་གོང་ལ་ཞན་པ་ཆགས་ཡོད།

གྲུ་དབྱིབས་འབྱར་བག་སྐྱི་རིམ་ཀྱི་གཏིང་རིམ་དུ་གནས་པའི་ལིན་གཟུགས་ཀྱི་ཕུང་གྲུབ་སྟེ། སྐྱི་རིམ་ཕྲ་ཕུང་གི་གྲང་ནད་འབུ་སྲིན་གྱིས་འགོས་མཆེད་བྱེད། གྲང་ནད་འབུ་སྲིན་ཕྲ་མོ་དང་སྤྲི་དཀར་གཉིས་པ་དང་IgAདབྱེ་འབྱེད་བྱས་པའི་མེའུ་གཅིན་ལམ་ལ་མགྱོགས་པོར་མཆེད་ཅིང་བུ་སྣོད་རྩ་ལམ་དུ་འདྲེས་པར་འགྱུར། གྲང་ནད་སྐྱི་རིམ་སྤྲི་དཀར་Iདང་འབྲེལ་ཕྲ་ཕུང་ཕྱི་རུམ་དུ་ཞུགས་པར་འགྱུར།དེ་ལྟར་དུག་ཤེད་དང་ཞག་ཚིལ་སྤྲི་དཀར་སོསག་ལ་འབྲེལ་ཕུང་སྟེང་ལ་IgMགསོ་བའི་ནུས་པ་འབྱུང་། དེ་ལྟར་གཉན་ཚད་སྐྱེས་པའི་མངོན་རྟགས་འབྱུང་།

དུས་ཚོད་༣༠ཡས་མས་སུ་འབྱར་བག་གི་སྐྱི་རིམ་སོགས་སྐྲངས་བ་དང་འབྲེལ་ཆུ་སེར་རྣག་འདྲེས་མའི་ཟགས་ཐོན་དངོས་པོ་མངོན་པར་འགྱུར། གཅིན་འདོར་སྐབས་གཅིན་ལམ་ཀྱི་སྐྱི་རིམ་ཆེར་རྒྱས་པ་དང་ཚོར་བ་སྐྱེན་པས་རྩ་དཀར་རང་བཞིན་གྱི་ན་ཟུག་འབྱུང་། གཉན་ཚད་རྒྱས་སྟེ་སྐྱི་རིམ་དག་རྡོལ་ཟགས་དང་ཤུན་པ་ཕྲལ་བ།ཁུངས་ཐུབ་ཀྱི་གཅིན་ལམ་ཟགས་ཐོན་དངོས་པོ་འཛག་འོངས། དེ་བས་གཉན་ཚད་གཅིན་ལམ་དུ་གཟེར་གཅུས་ཇི་བཞིན་ནང་དུ་བསྡུ་བ་དང་། གཅིན་སྦོས་པ། གཅིན་མི་ཐུབ་པ་བཅས་བྱེད། ཆབ་ཅིག་སྐྱི་རིམ་གྱི་ཁྲག་རྩ་ཆུང་ངུ་རྡོལ་བ་དང་ཁྲག་དང་བཅས་གཅིན་པ་འབབ་པ་རེད།  

དེ་ཡང་སྲིན་འབུ་གཅིན་ལམ་བཤེར་ཕུང་གི་ཟབ་ས་སུ་འབྱར་བག་གི་ཕྱི་རིམ་གྱི་གཏིང་སིམ་འཛུལ་དང་། བཤེར་ཁུ་རྒྱུ་ལམ་འགོག་པའམ་ཁ་ཕྱེ་བར་འགྱུར། ད་ལྟར་གནས་ས་ཁག་ཏུ་སྐྲན་འབུར་འབྱུང་། གོ་རིམ་དེ་ཁྲོད་དུ་གཟུགས་པོའི་ཆ་ཡོངས་ཀྱི་འགོག་ནུས་སང་། ནད་འབུ་འགོག་སྟོབས་གང་སར་ཡོད་ལ་གྲང་ནས་འབུ་སྲིན་འགོག་ནུས་གཙོ་བོ་ནི་IgGདང་IgMགཞན་ཡང་  IgA དང་ལྡན་པས་ཕྱི་རིམ་ནས་སྔོན་འགོག་ནུས་པ་ཐོན།

གྲང་ནད་ཅན་གྱི་གཅིན་ལམ་གཉན་ཚད་སྐྱེས་པ་ལ་མཚོན་ན་གཅིན་ལམ་ཀྱི་ཟགས་ཐོན་དངོས་པོ་འགོག་ནུས་ཀྱི་འགྱུར་བ་དང་དེ་ཡི་མངོན་རྟགས་རེད།ཁྲག་དཔྱད་ལས་འབྱར་བག་གི་ཆ་དེ་ཉིད་ཁྲག་ལ་ཞུགས་པ་དང་ནུས་འགོག་གིས་ཁྲག་དཔྱད་དང་འབུ་ཕྲ་གསོད་པར་འོས་འཚམས་ཀྱིས་གལ་ཆེན་ཆགས་ཡོད། འདི་དག་གིས་ཁྲག་ལ་ཚོར་བ་སྐྱེན་པས་འབུ་སྲིན་ཁྲག་དང་བསྡོངས་བའི་མངོན་རྟགས་དང་སྲུང་སྐྱོབས་ཀྱི་ནུས་པ་ཡོད།

ཕལ་ཆེར་གཉན་ཚད་ལུས་ཡོངས་སུ་མི་འབྱུང་ཞིང་གལ་སྲིད་ནད་སྨན་ཚུལ་བཞིན་སྤྲད་པ་དང་སྦྱོར་ཚད་ཚད་ལྡན་ལགས་ན་ཡན་ལག་ཁག་གི་ནད་འགྱུར་ག་ལེར་མེད་པ་ཆགས་པ་རེད། གཉན་ཚད་བཅག་པ་དང་ཤི་ཟིན་པའི་འབྱར་བག་གི་ཆ་ཐམས་ཅད་སླར་སོས་དང་ཆུ་རྒྱུས་ལྷ་བ་ཐམས་ཅད་ཀྱང་གང་ལེགས་འབྱུང་། ཆབས་ཆེན་ནམ་ཡང་ན་བསྐྱར་དུ་འགོས་མཆེད་བྱས་པར་ཕུང་གྲུབ་ཚང་མ་ཉམས་ཆུང་བའམ་བུ་ག་ཐམས་ཅད་འགག་པར་འགྱུར། གལ་སྲིད་སྐབས་ཐོབ་གསོ་བཅོས་མ་བྱུང་བར་ནད་འབུ་དེ་ཉིད་གཅིན་ལམ་དང་བུ་སྣོད་ཀྱི་རྩ་ལམ་སོགས་སུ་རྒྱུ་སྟེ་དབང་པོ་དང་དེ་འབྲེལ་དོན་སྣོད་ཐམས་ཅད་ཀྱི་གཉན་ཚད་དུ་འགྱུར། དཔེར་ན་གཅིན་ལམ་བཤེར་ཕུང་གཉན་ཚད།

ལྒང་བ་དང་། མདུན་ཆགས་བཤེར་རྨེན། ཁུ་བ་དང་ཁམས་རྒྱུའི་བུ་ག འབྲས་བུའི་གཉན་ཚད། མངལ་ཚབས་ལ་སོགས་པའོ།ཚབས་ཆེ་བར་ཁྲག་དང་བསྡོངས་དེ་ལུས་ཡོངས་སུ་ཁྱབ་པར་འགྱུར། གྲང་ནད་འབུ་ཕྲ་དུས་ཡུན་རིང་པོར་བཤེར་ཁུང་ཟབ་ས་རུ་འཚོ་ཞིང་ཁུ་བའི་རྒྱུ་ལམ་དང་བསམ་སེའུ་རྩ་ལ་སོགས་པ་འཁུམས་པར་འགྱུར་བ་དང་འགག་པ་བཅས་བུ་སྣོད་ངོས་མངལ་སྦྲུམ་པ་དང་སྐྱེས་པ་ཡིན་ན་དབང་པོ་མི་ལྡང་བ་བཅས་སོ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060