སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གྲང་ནད་ཀྱི་ནད་ཐོག་གི་མངོན་རྟགས།
སྤེལ་དུས། 2014-07-07   ཡོང་ཁུངས།  གསོ་རིག་ཀུན་བཏུས་དྲ་བ།    རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།
གྲང་ནད་འབུ་ཕྲ་ནི་ནད་ཐོག་གི་མངོན་ཚུལ་འབྱུང་བའི་རྟགས་མཚན་ནི་འགོས་མཆེད་ཀྱི་གོ་རིམ་ལས་བྱུང་བ་རེད། ལུས་སྟེང་གི་ཚོར་བ་སྐྱེན་པོ་དང་འབུ་ཕྲ་འགོས་མཆེད་ཀྱི་དུག་ཤེད་དང་། འགོས་མཆེད་ཀྱི་གནས་དང་དུས་ཚོད་ཧ་ཅང་ཐུང་། ཆབ་ཅིག་གཟུགས་པོའི་བདེ་ཐང་དང་འཁྲིག་སྤྱོད་ཚད་ལ་བརྒལ་བ། མང་རག་ཚོད་མེད་སོགས་ལ་འབྲེལ་ཡོད། ནད་ཐོག་གི་མངོན་མཚན་ལ་གྲང་ནད་ལ་དབྱེ་བ་ནི་གླ་གཉན་ཅན་དང་གྲང་ནད་རྐྱང་བ་གཉིས་སུ་དབྱེ་ཞིང་། ནད་རྟགས་མངོན་པ་མི་མངོན་པའི་གྲང་ནད། མྱུར་བའི་རང་བཞིན་དང་དལ་བའི་རང་བཞིན་བཅས་སུ་དབྱེ་ཡོད།

དང་པོ།གྲང་ནད་རྐྱང་བའི་ནད།

༡༽སྐྱེས་པ་ལ་འབྱུང་བའི་གྲང་བའི་རྐྱང་ནད།

མྱུར་བའི་རང་བཞིན་གྱི་གྲང་ནད་རང་བཞིན་གྱི་གཅིན་ལམ་གཉན་ཚད་སྟེ་མ་སྨིན་པའི་དུས་ནི་ཉིན་༡ནས་༡༤ཙམ་རེད། རྒྱུན་དུ་ཉིན་༢ནས་༥ཙམ་རེད། ཐོག་མར་མྱུར་བའི་རང་བཞིན་གྱི་གཅིན་ལམ་གཉན་ཚད་དེ་ཆུ་སྦྲེ་དམར་སྨུག་ཆགས་པ་དང་། ཟ་བེར་ལངས་པ། ཁབ་གཙགས་པ་ལྟ་བུའི་ཟུ་རྔུ་འབྱུང་།ཁྲག་རྣག་འདྲེས་མའང་འཛག་པར་འགྱུར་། དེ་ལྟར་གཅིན་ལ་གནོད་ཅིང་ཉིན་༢ཡི་རྗེས་སུ་རྣག་ཁྲག་འབྱར་བག་འཛག་ཅིང་ཁ་མདོག་སེར་ལྗང་ལ་སོགས་འབྱུང་། དེ་དང་མཉམ་དུ་མཚན་མ་སྐྲངས་པ་དང་ཆུ་སྦྲེ་ནས་ལ་སོགས་པའང་དམར་སྨུག་ཆགས། ཆུ་འགག་པ་ཆུ་ཁ་སྙི་བ་བཅས་ཟུག་གཟེར་གྱི་གཅིན་པ་དོར་བ་ལའ་དཀའ་ངལ་འབྱུང་།འགྲོ་དུག་མི་བདེ་ཞིང་དབང་པོའི་རྩ་ལམ་ལའང་ཟུག་གཟེར་དང་རྒྱངས་སྦོས་བྱེད།

ལ་ཤས་ལ་བརླ་རྨེན་ཁྲོས་པ་དང་དམར་སྐྲངས་ཆགས་པ་རྣག་དུ་སྨིན་པའང་ཡོད། མྱུར་བའི་རང་བཞིན་གྱི་མངོན་རྟགས་ནི་གཟའ་འཁོར་གཅིག་ལ་ཚབས་ཆེན་ཆགས་པ་དང་གསོ་བཅོས་མ་བྱས་པར་མུ་མཐུད་དེ་ཟླ་གཅིག་ལྷག་གིས་ནད་འགྱུར་མངོན་རྟགས་རིམ་བཞིན་མེད་པར་ཆགས། མྱུར་བའི་རང་བཞིན་གཅིན་ལམ་གཉན་ཚད་གཟའ་འཁོར་༢རྗེས་སུ་བརྒྱ་ཆའི་༥༠ནས་༧༠ཙམ་གྱི་གྲང་ནད་འབུ་ཕྲས་གཅིན་ལམ་རྒོལ་བར་བྱེད་ཅིང་།མངོན་ཚུལ་ལ་གཅིན་ཁ་སྙི་བ་དང་མྱུར་མཆེད་གཅིན་ལམ་གྱི་འབྲས་སུ་འགྱུར་བའང་ཡོད། གཅིན་པ་དོར་དུས་ན་ཟུག་ཛ་དྲག་དུ་འགྲོ་བ་དང་གཙགས་བུ་བཙུགས་པ་དང་མཚུངས་བར་འགྱུར། གཅིན་ལམ་རུབ་པ་དང་མཇུག་ཏུ་ཁྲག་འབྱུང་བའང་ཡོད། ནད་རྟགས་ཡལ་བར་གཟའ་འཁོར་༡ནས་༢ཙམ་ལ་མངོན་ཚུལ་གང་ཡང་མེད་ཅིང་།མི་ལ་ཤས་ལ་ཚ་བ་ཏུའུ་༣༨ཡས་མས་སུ་ངེས་ཤིང་ལུས་ཡོངས་སུ་མི་བདེ་ཞིང་དང་གའང་ཞན་པར་འགྱུར།

དེ་ཡང་གྲང་ནད་འབུ་ཕྲ་རང་བཞིན་གྱི་གཅིན་ལམ་གཉན་ཚད་ནི་ནད་རྟགས་ཟླ་བ་༢ རྗེས་ནས་མངོན་ཞིང་དེ་ནི་དལ་བའི་རང་བཞིན་གྱི་གཅིན་ལམ་གཉན་ཚད་རེད། གསོ་བཅོས་ལེགས་པོ་མ་བྱུང་བར་གྲང་ནད་དེ་ཉིད་གཅིན་ལམ་མ་ལག་དུ་གབ་པར་གནས་ཤིང་། གཅིན་ལ་ལྒང་བའི་གཉན་ཚད་དང་གཅིན་ལམ་མ་ལག་དུ་གབ་ནས་ནད་ལ་བའི་རང་བཞིན་གྱི་ནད་གཞིར་འགྱུར། གལ་སྲིད་ལུས་ཟུངས་ཞན་པ་དང་ཁྲག་ཟད་པ། གཅོན་ནད་བཅས་ཀྱི་སྐབས་སུ་ནད་གཞི་ག་ལེར་གཅིན་ལམ་སྔ་གཞུག་ཏུ་འགོས་མཆེད་བྱེད་ལ་རྗེས་སུ་གཅིན་ལམ་ནང་ལོགས་དང་མདུན་ཆགས་བཤེར་རྨེན་གྱི་ཆ་ལ་འགོ་སྲིད།

ནད་ཐོག་མངོན་རྟགས་ནི་གཅིན་ལམ་ལ་ཟ་བེར་ལངས་པ་དང་གཅིན་པ་དོར་སྐབས་གཅུ་གཟེར་ཛ་དྲག་གཏོང་བ་དང་ཁྲག་དང་འདྲེས་ཤིང་གཅིན་པ་གཏོང་བར་ཤེད་ཤུགས་མེད་པ་དང་སྲི་བར་འགྱུར་། ནད་པ་མང་ཆེ་བ་ཞོགས་པ་འབྱར་བག་གིས་གཅིན་ཁ་གཅོད་པ་དང་རྣག་ཁུའང་འབྱུང་སྲིད། གཅིན་པ་ཕལ་ཆེར་གཙང་མར་ཆགས་ཡང་འོན་ཏེ་གྲང་ནད་ཕྲ་མོ་གནས་ཡོད།

༢༽བུད་མེད་ལ་འབྱུང་བའི་གྲང་ནད་རྐྱང་བ།

དེ་ཡང་བུད་མེད་ལ་གྲང་ནད་འབུ་ཕྲ་འགོས་མཆེད་འབྱུང་བའི་ཡན་ལག་ཁག་ནི་བུ་སྣོད་ཀྱི་རྩ་ལམ་དང་གྲང་ནད་འབུ་ཕྲ་མང་པོ་ཞིག་ལིན་དབྱིབས་ཀྱི་སྐྱི་རིམ་དུ་གནས་ཞིང་།ཕྲ་ཤེལ་མེ་ལོང་གིས་མཐོང་སྲིད། གྲང་ནད་འབུ་ཕྲ་རང་བཞིན་གྱི་བུ་སྣོད་རྩ་ལམ་གཉན་ཚད་ཀྱི་ཐོག་མར་རང་ཉིད་ལ་ཚོར་སྣང་སྐྱེས་པའི་མངོན་རྟགས་དང་མ་སྨིན་པའི་གནས་སྐབས་ནི་གསལ་པོར་ངེས་མི་ཐུབ།

བུ་སྣོད་རྩ་ལམ་དུ་ཁྲག་འབྱུང་བ་དང་བསྣུན་གཟེར་བྱེད། འབྱར་བག་ཅན་གྱི་ཟགས་ཐོན་མང་དུ་འཕེལ་བ་དང་།རྒྱུན་དུ་མངལ་ལམ་དུ་ཟ་འཕྲུག་དང་གཅུ་གཟེར་འབྱུང་། གློ་བུར་དུ་རྒྱུ་ཞབས་དང་མཁལ་རྐེད་ན་བ་འབྱུང་།འདི་དག་ནི་ཚད་ལྡན་གྱིས་གསོ་བཅོས་མ་བྱས་པར་འགོས་མཆེད་ཀྱི་འབྱུང་ཁུངས་སུ་འགྱུར། གྲང་ནད་འབུ་ཕྲ་འཁྲིག་སྤྱོད་བྱས་ཏེ་ཉིན་༢ནས་༥་བར་འབྱུང་ཞིང་། གཅིན་ལམ་དུ་ཁྲག་འབྱུང་བ་དང་བསྣུན་གཟེར་དང་ཟགས་ཐོན་མང་པོ་འབྱུང་། གཅིན་སྦོས་པ་དང་གཅིན་ཁ་སྙི་བ་ཟུག་གཟེར་བཅས་འབྱུང་།དེ་ལྟར་བཤེར་རྨེན་གྲང་ནད་རང་བཞིན་དང་རྨེན་འབྲས་དམར་སྨུག་ཆགས་པ་དང་གཟེར་བ། ཚབས་ཆེ་བར་སྐྲངས་པ་སོགས་འབྱུང་།

ལུས་ཡོངས་ལ་ཚ་བ་རྒྱས་པའི་མངོན་རྟགས་དང་གྲང་ནད་འབུ་ཕྲའི་མངལ་ལམ་གཉན་ཚད་མཐོང་ཉུང་ཞིང་།ནད་གཞི་ན་ཡུན་རིང་བར་མངོན་རྟགས་ཉུང་ཞིང་ནད་པ་ལ་ཤས་ལ་ལྟོ་བ་རྒྱངས་སྦོས་བྱེད། ཁམས་དཀར་མང་དུ་འཛག་པ་དང་རྒྱུ་ཞབས་ན་བ་དང་ཟླ་མཚན་མང་པོར་འཛག་པ་ལ་སོགས་པའོ། བུད་མེད་གྲང་ནད་འབུ་ཕྲའི་མངལ་ལམ་གཉན་ཚད་ཕྱི་རིམ་དུ་འབྱུང་བའི་མངོན་རྟགས་ཡོད།གཅིན་པ་དོར་ཚེ་ཟུག་གཟེར་དང་དམར་སྐྲངས་ཆགས་པ་ཡིན། ཟགས་ཐོན་དངོས་པོ་བཤང་ལམ་དུའང་འབྱུང་ཞིང་ཟུག་གཟེར་དྲག་པོ་གཏོང་། ཚབས་ཆེ་བར་རྒྱུ་མ་ལའང་འགོས་མཆེད་ཀྱིས་གྲང་ནད་རྒྱུ་ཚད་ཅན་དུ་འགྱུར་ཉེན་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060