སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཛམ་གླིང་གསོ་རིག་ལོ་རྒྱུས་ལས་སྐར་དཔྱད་རིག་པའི་ལྟ་གྲུབ། (༤)
སྤེལ་དུས། 2014-12-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ༎   རྩོམ་པ་པོ།  བསོད་རྡོར།

  ༢ སྐར་དཔྱད་རིག་པའི་ལྟ་གྲུབ།  

  མཱེ་སོ་པུ་ཏ་མེ་ཡའི་མི་རིགས་ནི་ད་ལྟ་ང་ཚོས་རྟོགས་པའི་ཆེས་གནའ་བོའི་སྐབས་ཀྱི་མི་རིགས་དེ་ཉིད་རེད། གལ་སྲིད་ང་ཚོས་ཁོང་ཅག་གི་གསོ་རིག་ལ་དཔྱད་བརྗོད་གནང་བར། དེ་ལས་རྙེད་པ་ནི་སྒྱུ་འཕྲུལ་བསམ་བློ་དང་བཙུན་པའི་གསོ་རིག་གིས་ཤུགས་རྐྱེན་ཐེབས་ཡོད། སྐར་དཔྱད་རིག་པ་ནི་སྐབས་དེར་ཞིབ་འཇུག་གནང་སའི་གཙོ་གནད་ཞིག་དང་། སྐར་མའི་འགྲོས་རིམ་ལ་ཞིབ་འཇུག་དང་དུས་བཞིའི་འགྱུར་བའི་འབྲེལ་བ་ལས་ནད་རིགས་བྱུང་བར་ང་ཚོས་ཚན་རིག་གི་གསོ་རིག་རྩ་དོན་ཡང་ཤེས་རྟོགས་བྱུང་། སྐར་མའི་རྣམ་པ་ལ་ལྟོས་ནས་མིའི་གཟུགས་པོའི་སྐྱེས་འཕེལ་ཀྱི་འབྲེལ་བ་དང། མིའི་རིགས་ཀྱིས་ག་ལེར་གཟའ་འཁོར་བརྩི་ཚུལ་དང་། དུས་ཚིགས་དང་སྐར་དཔྱད་ལ་བརྟེན་མི་ཚེ་ལྟ་བ་ལའང་བག་ཆགས་ཐེབས། ང་ཚོས་ཤེས་གསལ་ལ་སྐབས་དེ་དུས་ནི་ཞིང་ཕྱུགས་ཀྱི་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ལ། ཁོང་ཅག་གི་རྩ་ཆུ་འཛོམས་པའི་གཙང་བོའི་འགྲམ་ངོགས་སུ་གཏན་སྡོད་བྱེད། ཁོང་ཅག་གིས་ཤེས་རྟོགས་བྱུང་བ་ནི་ཉི་མའི་གཟི་བརྗིད་སྟེ། ཉི་མ་ནི་ཆེས་ཐོག་མར་མི་ཡུལ་དུ་བྱུང་བ་དང་། ཚེ་སྲོག་སྣ་ཚོགས་ཀྱི་འབྱུང་ཁུངས་སུའང་ངོས་འཛིན་བྱེད། འདི་ལས་རྙེད་པ་ནི་ཆོས་ལུགས་དང་གསོ་རིག་གིས་ཆུ་ཡི་ནུས་པའང་གཙོ་གནད་ཀྱི་རང་བཞིན་ཞིག་ཏུ་ཆགས་སྟེ། རྒྱུ་མཚན་ནི་ཆུ་ཡུར་བར་དྲངས་ཏེ་སོ་ནམ་བྱེད་པ་དང་སྐབས་ལ་ལར་ཤ་འོད་རྒྱུགས་སྟེ་ཆག་སྒོའང་འབྱུང་བཞིན་ཡོད། དེང་སྐབས་ལས་སླ་བོར་རྟོགས་ཤིང་། སྐར་དཔྱད་གསོ་རིག་དང་ཉི་མའི་ལྷ་སྒྲུང་ལ་རྨང་གཞི་བྱས་ཏེ་གདོད་མའི་ཆོས་ལུགས་ཇི་ལྟར་འཕེལ་རྒྱས་བྱུང་བ་དང། དེ་ལ་རིམ་བཞིན་གསར་བརྗེས་བྱུང་མོད། འོན་ཏེ་ད་ལྟའང་རྩ་བ་ནས་ཉམས་རྒུད་ཕྱིན་མེད་པ་འདིའོ།  

  སྤྱང་གྲུང་ལྡན་པའི་མི་རིགས་འདི་དག་གིས་འཚོ་བའི་ཆ་རྐྱེན་གྱི་དགོས་མཁོ་ལྟར་རང་བྱུང་ཁམས་ཀྱི་རྣམ་པ་ལ་བརྟག་པ་སྟེ། ཁོང་ཅག་གིས་འཇིག་རྟེན་ཆེན་པོ་དང་ཆུང་ངུ་གཉིས་གཤིབ་བསྡུར་དང་། ལོ་ལྟར་ཤ་འོད་རྒྱུགས་པའི་དོན་དངོས་ལ་ངོས་འཛིན་གསལ་པོ་བྱུང་། ཁོང་ཅག་གི་དྲན་ཤེས་ལ་ས་ཆེན་པོ་འདི་དང་ཆུ། སྲོག་ཆགས། སྐྱེས་དངོས་བཅས་ནི་མིའི་རིགས་ཀྱི་འཚོ་བར་མེད་དུ་མི་རུང་བ་གཅིག་མཚུངས་སུ་ངེས། མི་དང་སྲོགས་ཆགས། སྐྱེས་དངོས་བཅས་ཕན་ཚུན་འབྲེལ་བ་ཟབ་མོའི་བསམ་བློ་དང་། ཡང་ན་མི་དང་རང་བྱུང་གི་འབྲེལ་བ་ཟབ་མོ་རྟོགས་པའི་གདོད་མའི་བསམ་བློ་སྐབས་དེར་བྱུང་ཞིང་། བསམ་བློ་འདི་ནི་ཕལ་ཆེར་གནའ་བོའི་མི་རིགས་དག་གི་ལྷ་སྒྲུང་ལས་རྙེད་ཐུབ།  

  སྤྱིར་བཏང་ད་ལྟ་མི་སྒེར་གྱི་ལོ་རྒྱུས་དག་ལས་ལྷ་སྒྲུང་འདི་དག་གིས་ཚོར་བ་ཡ་མཚར་ཞིག་སྦྱིན་མི་ཐུབ། ཆ་མཚུངས་སུ་རང་བྱུང་དང་ཤིན་ཏུ་འབྲེལ་ཞིང་མི་དང་རང་བྱུང་གཞི་གཅིག་ཏུ་གྱུར་བ་རེད། མི་དག་ཤི་ཚར་དུས་གཟུགས་པོ་དང་ཤེས་པ་གཞན་ཞིག་ཏུ་འགྱུར་བའི་བསམ་བློ་བྱུང་། རང་བྱུང་གི་རྣམ་པ་ལས་སྐྱེས་དངོས་དག་མགྱོགས་པོར་འགྱུར་བ་བྱུང་བ་དང་། མི་རྣམས་ནས་རང་ཉིད་ཡང་མཐའ་མཇུག་སྐྱེས་དངོས་དང་མཚུངས་བར་ནད་འགྱུར་བྱུང་བའི་ལྟ་བ་ཆགས། མི་ཚེ་ཡི་རྣམ་པ་དག་ཀྱང་རང་བྱུང་དང་གཅིག་མཚུངས་སུ་འདོད། ཞིབ་ཚགས་ཀྱིས་རྫ་གཡམ་དང་ཁྲམ་བྱང་གི་ཡི་གེ་དག་ལ་ཞིབ་འཇུག་གནང་རྗེས། ང་ཚོས་རྟོགས་པ་ནི་སྐབས་དེ་རྨོངས་དད་དང་སྐར་དཔྱད་གཉིས་འབྲེལ་གྱིས་མི་བཙས་པ་ཐག་དེ་ཉིད་ཀྱི་ལས་དབང་བསོད་ནམས་ལུང་བསྟན་བྱེད་པ་དང་། འདི་འདྲ་ནི་ཆེས་གནའ་བོའི་སྐབས་ཀྱི་གླེགས་བམ་སོགས་སུའང་ཟིན་བྲིས་བཏབ་ཡོད། དཔེར་ན་སྐར་དཔྱད་མ་ལེགས་པར་མི་ཚེ་དེར་ཁ་ལས་རླུང་རྟ་རྒུད་པའི་མངོན་རྟགས་དང་། དེ་ལས་ལྡོག་སྟེ་དཔྱད་འབྲས་ལེགས་པོ་བྱུང་ན་དེ་མཚུངས་ཀྱི་མི་ཚེ་དེར་རླུང་རྟ་དར་བའི་ཁ་དམར་གདགས་སྲོལ་ཡོད། མངལ་གནས་སྐྱོན་ཅན་དག་བྱུང་བར་བཀྲ་མི་ཤིས་པར་བརྩི། ཡ་ཟི་ཐི་རོས་༼M.Jastrow 1861- 1921༽ཞིབ་འཇུག་ཏུ་བཤད་ཚུལ་ཞིག་ལ། ལུས་གཡོན་གྱི་དོན་སྣོད་མཐོ་བར་རྗེས་ཕྱོགས་སུ་བྱ་བཞག་ཐམས་ཅད་ལེགས་གྲུབ་འབྱུང་བའི་རྟེན་འབྲེལ་དང་། དེ་ལས་ལྡོག་སྟེ་གཡས་ཕྱོགས་མཐོ་བར་ཉམས་ཆུང་དང་། ཕམ་ཉེས། ནད་པར་འགྱུར་བའི་མངོན་རྟགས་སུ་གླེང་། འདི་ལས་མཉམ་འཇོག་གནང་དགོས་པ་ནི་གཡོན་ཕྱོགས་ཀྱི་མཆིན་འདབ་ཆེར་རྒྱས་པའི་རྣམ་པ་མངོན་ཡོད་པ་རེད།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060