སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མངལ་མ་འཁོར་གོང་གི་ལེགས་བཙའི་བདེ་ཐང་བརྟག་དཔྱད་ལ་མཐོང་ཆེན་བྱེད་དགོས།
སྤེལ་དུས། 2017-07-27   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ།  རིན་ཆེན་གྱིས་བསྒྲིགས།
          དུས་རྒྱུན་མངལ་མ་འཁོར་གོང་གི་གཟའ་འཁོར་5ནས་8བར་ནི་སྦྲུམ་རྟེན་ཕྲ་ཕུང་ཡ་མ་གཟུགས་སུ་འགྱུར་སླ་ཤོས་ཀྱི་དུས་ཡིན་ཞིང་། སྦྲུམ་མས་མངལ་འཁོར་བ་ཤེས་རྗེས་སྨན་ཁང་དུ་བརྟག་དཔྱད་ཐེངས་དང་པོ་བྱེད་པར་སྐྱོད་སྐབས་སྤྱིར་ན་དུས་ཚོད་ཡོལ་ཟིན་ཡོད། དེར་བརྟེན་ལྷན་སྐྱེས་དབང་སྐྱོན་བྱིས་པ་མ་སྐྱེས་པར་བདེ་ཐང་གི་ཕྲུ་གུ་ཞིག་བཙའ་དགོས་ན་མངལ་མ་འཁོར་གོང་ནས་དམ་འཛིན་བྱེད་དགོས།
          མིག་སྔར། རང་རྒྱལ་དུ་ཕྲུ་གུ་སྐྱེ་རྩིས་ཡོད་པའི་བཟའ་ཚང་གིས་མངལ་མ་འཁོར་གོང་ནས་ལེགས་བཙའི་བདེ་ཐང་བརྟག་དཔྱད་བྱེད་པར་རིམ་བཞིན་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། མངལ་མ་འཁོར་གོང་ནས་བརྟག་དཔྱད་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། མངལ་མ་འཁོར་གོང་གི་གཟུགས་པོའི་གནས་ཚུལ་དང་ལྷན་སྐྱེས་དབང་སྐྱོན་སྐྱེ་བའི་དབར་འབྲེལ་བ་དམ་ཟབ་ཡོད། དེས་ན་ལྷན་སྐྱེས་དབང་སྐྱོན་ཉུང་དུ་གཏོང་བར་མངལ་མ་འཁོར་གོང་གི་བརྟག་དཔྱད་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་ཁྱོ་ཤུག་གཉིས་པོས་ཕྲུ་གུ་སྐྱེ་རྩིས་ཡོད་སྐབས་ཕྱོགས་གཉིས་པོའི་བདེ་ཐང་གནས་ཚུལ་གཞིར་བཟུང་མངལ་མ་འཁོར་གོང་གི་བདེ་ཐང་བརྟག་དཔྱད་དང་བློ་འདྲི་མཛུབ་ཁྲིད་དང་ལེན་བྱེད་དགོས། བརྟག་དཔྱད་ནང་མངལ་མ་འཁོར་གོང་གི་ཉེན་ཡོད་རྒྱུ་རྐྱེན་ཚོད་སྐོར་དང་། གཟུགས་སྟོབས་བརྟག་དཔྱད། དམིགས་འཛུགས་ཚོད་ལྟ་ཁང་གི་བརྟག་དཔྱད། མངལ་མ་འཁོར་གོང་གི་ལེགས་བཙའི་མཛུབ་ཁྲིད་དང་བློ་འདྲི་བཅས་དང་། ལྷག་དོན་དུ་རྒྱུད་འཛིན་བློ་འདྲི་ཡག་པོ་བྱས་རྗེས་མངལ་འཁོར་རྒྱུར་ཆ་རྐྱེན་བཟང་པོ་འཛོམས་ན་ལྷན་སྐྱེས་དབང་སྐྱོན་ཉུང་དུ་གཏོང་རྒྱུར་ནུས་པ་གལ་ཆེན་པོ་ཐོན་ནས་ཕྲུ་གུའི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716