སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་བོད་ལྗོངས་ཀྱིས་བོད་སྨན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ལྡབ་འཕར་ཡོང་བར་བརྩོན་ལེན་བྱེད་རྒྱུ་རེད།
སྤེལ་དུས། 2011-11-11   ཡོང་ཁུངས།  ཀྲུང་གོའི་གསར་འགྱུར་དྲ་བ།    རྩོམ་པ་པོ།  དབང་སྒྲོལ་སྐྱིད་ཀྱིས་བསྒྱུར།

 ཉེ་སྔོན་གསར་དུ་ཆོག་མཆན་བཀོད་གནང་བའི་ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོདཅེས་པའི་ནང་དུ། ལོ་ལྔའི་ནང་བོད་ལྗོངས་ཀྱི་བོད་སྨན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་རྡབ་འགྱུར་གྱིས་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་དགོས་ཞེས་བཏོན་ཡོད།

འཆར་འགོད་ཀྱི་ནང་། ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་བོད་སྨན་ཐོན་སྐྱེད་ཁེ་ལས་ཀྱི་ཕྱོགས་བསྡུས་ཀྱི་ནུས་པ་དང་འགྲན་རྩོད་ནུས་པ་ཧུར་བརྩོན་གྱིས་མཐོར་འདེགས་བྱ་དགོས། ཐོན་ལས་ཀྱི་བཀོད་སྒྲིག་དང་བོད་སྨན་སྨན་རྫས་མཁོ་འདོན། རྨང་གཞིའི་ཞིབ་འཇུག ཚན་རྩལ་གསར་སྐྲུན། ཐོན་ལས་གཞི་ཁྱོན་ཅན། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་ནས་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་གང་ཡིན་པ་དང་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཇི་འདྲ་ཡིན་པའི་སྐོར་འཆར་འགོད་བྱས་ནས། གཏན་ཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་དགོས་པའི་རེ་འདུན་བཏོན་ཡོད།

  འཆར་འགོད་དུ། སྲིད་ཇུས་བཟང་པོ་དང་ཐོན་ཁུངས་ཕུན་ཚོགས། དེ་མིན་རྨང་གཞིའི་ཆ་རྐྱེན་བཅོས་སྒྱུར་བྱས་པ་དང་བསྟུན་ནས། ལོ་ལྔ་ཚན་བཅུ་གཉིས་པའི་ནང་། བོད་སྨན་ཐོན་སྐྱེད་ཁེ་ལས་ཀྱིས་ལོ་༥ཡི་རྗེས་ནས་བོད་སྨན་ཐོན་ལས་ཁེ་ལས་གཙོར་བྱས་པའི་ལྗོངས་ཡོངས་ཀྱི་སྨན་རྫས་སྡེབ་བཟོའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་རྡབ་འགྱུར་གྱིས་འཕེལ་རྒྱས་འབྱུང་བའི་དམིགས་འབེན་མངོན་འགྱུར་བྱས་ཏེ། བོད་སྨན་ཐོན་ལས་མཆོང་སྐྱོད་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བའི་སྲོལ་གཏོད་དགོས་ཞེས་བཀོད་ཡོད།

དེ་མིན་འཆར་འགོད་དུ་ད་དུང་བྱེ་བྲག་གི་དམིགས་འབེབ་འགའ་གཏན་འབེབས་བྱས་པ་ནི། ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་བོད་ལྗོངས་དུ་བོད་སྨན་ཐོན་ལས་གཙོ་བྱས་པའི་བོད་སྨན་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱས་ཏེ། ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་གསར་སྐྲུན་བྱེད་པ། སྣ་ཁ་དཀོན་པའི་སྨན་རྫས༣༣ནས་༣༥བར་གྱི་འདེབས་འཛུགས་ལྟེ་གནས་འཛུགས་སྐྲུན་བྱེད་པ། ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཡོད་པའི་བོད་སྨན་ཐོན་རྫས་༣ནས་༥གསར་སྤེལ་བྱེད་པ། ལོ་གཅིག་གི་ཡོང་སྒོ་སྒོར་དུང་ཕྱུར༣ཡོད་པའི་བོད་སྨན་ཁེ་ལས་གཙོ་བོ༢ནས་༣གསར་སྐྲུན་བྱེད་པ། བོད་སྨན་གྱི་ཞིབ་འཇུག་མི་སྣ་འབྲིང་རིམ་༢༢༠དང་མཐོ་རིམ༥༠སོགས་གསོ་སྐྱོང་བྱེད་དགོས་ཞེས་བཀོད་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060