སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨེ་པོ་ལ་ནད་དུག་འཛམ་གླིང་རང་བཞིན་གྱི་ཉེན་ཁར་འགྱུར་ཉེན་ཡོད།
སྤེལ་དུས། 2014-10-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པདྨ་རྣམ་རྒྱལ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་༡༠ཉིན་ཁྱབ་བསྒྲགས་བྱས་པའི་སྡོམ་རྩིས་གཞི་གྲངས་ལས་གསལ་བ་ལྟར་ན།     ཨེ་པོ་ལ(Ebola)ནད་ཡམས་ཀྱིས་ད་སྔའི་བར་དུ་མི་གྲངས༤༠༠༠ལས་བརྒལ་བ་ཤི་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣས་ཉིན་དེར་བཤད་རྒྱུར།  ཧྥེ་ནུབ་ནས་བརྡོལ་བའི་ཨེ་པོ་ལ་ནད་ཡམས་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་དུ་འགྱུར་ཉེན་ཡོད་ལ།    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་དངུལ་ཨ་སྒོར་དུང་ཕྱུར་༡༠བསྡུ་རུབ་བྱས་ནས་རིམས་འགོག་བྱས་འདོད་ཀྱང་།  མིག་སྔར་མ་དངུལ་གྱི་བཞི་ཆའི་གཅིག་མ་གཏོགས་ནད་ཡམས་ས་ཁུལ་དུ་ཐོན་མི་འདུག

འཛམ་གླིང་འཕྲོད་བསྟེན་ཚོགས་པའི་སྡོམ་རྩིས་གཞི་གྲངས་ལས་གསལ་བ་ལྟར་ན།   ཟླ༡༠པའི་ཚེས༨ཉིར་བར་བསྡོམས་པས་འཛམ་གླིང་གི་རྒྱལ་ཁབ༧ལ་ཨེ་པོ་ལ་ནད་རྟགས་ཐག་བཅད་པ་དང་དོགས་ཡོད་མཁན།  ནད་འགོས་ཉེན་ཡོད་པ་ཕལ་ཆེར༨༣༩༩དང་།      ཤི་སོང་བ་ནི༤༠༣༣ཡོད།     དེའི་ཁྲོད་ནད་ཡམས་བརྡོལ་སའི་རྒྱལ་ཁབ་གཙོ་དག་ལས་ལི་པི་ཡར(Libya)མི་༢༣༡༦ཤི་བ་དང་།       སི་ར་ལ་ཨོང་(Sierra Leone)མི༩༣༠ཤི་འདུག  ཀི་ནེ་ཡར(Guinea)མི༧༧༨ཤི །གཞན་ནི་ཀྲེ་རི་ཡ(Nigeria)ནས་མི༨དང་ཨ་རི་ནས་མི༡ཤི་འདུག  

མཉམ་འབྲེལ་རྒྱལ་ཚོགས་རྒྱུན་ལས་དྲུང་ཡིག་གཞོན་པ་ཨེ་ལི་ལོ་སི(Elea Loose)དང་སྐབས༦༩པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁུའུ་ཐྲེ་གྷི(Kwuteg)ཡིས་ཚེས༡༠ཉིན་བཤད་རྒྱུར།  ཨེ་པོ་ལ་ནད་ཡམས་འཛམ་གླིང་རང་བཞིན་གྱི་འཇིག་ཉེན་དུ་འགྱུར་ཉེན་ཡོད།    ཕྱོགས་སོ་སོས་མ་དངུལ་དང་མི་སྣ་སོགས་གང་ཐད་ནས་མུ་མཐུད་དུ་ཨེ་པོ་ལ་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱ་དགོས།  

སྐབས༦༩བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་ཨེ་པོ་ལ་ནད་ཡམས་ཀྱི་གནས་ཚུལ་ལ་ཚོགས་འདུ་བསྡུས་ཏེ།      ཨེ་ལི་ལོ་སིས(Elea loose)ཚོགས་ཐོག་ཏུ་བཤད་རྒྱུར།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ནད་ཡམས་ཀྱི་འཇིག་ཉེན་ལ་གདོང་གཏད་དགོས།    ཟླ་སྔོན་མའི་ནང་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཨེ་པོ་ལ་མྱུར་སྐྱོབ་ཆེད་མངགས་ཚོགས་པའི་མི་༨༠ལྷག་ཡུལ་དངོས་སུ་སླེབས་ཤིང་།     མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་དངུལ་ཨ་སྒོར་དུང་ཕྱུར༡༠བསྡུ་རུབ་བྱས་ནས་རིམས་འགོག་བྱས་འདོད་ཀྱང་།  མིག་སྔར་མ་དངུལ་གྱི་བཞི་ཆའི་གཅིག་མ་གཏོགས་ནད་ཡམས་ས་ཁུལ་དུ་ཐོན་མི་འདུག གཞན་ནད་ཡམས་ས་ཁུལ་ལ་སྦྱོང་བརྡར་བྱས་པའི་གསོ་བྱེད་མི་སྣ་ཤིན་ཏུ་མཁོ་གལ་ཆེ།  

ཁུའུ་ཐྲེ་གྷིས་(Kwuteg)བཤད་རྒྱུར།   ཨེ་པོ་ལ་ནད་ཡམས་ཀྱིས་བློ་ཡིད་མི་བདེ་བར་བཟོས་པས།    ས་ཁུལ་རང་བཞིན་གྱི་ནད་ཡམས་འདི་འཛམ་གླིང་རང་བཞིན་གྱི་ནད་ཡམས་སུ་འགྱུར་བར་སེམས་འཁུར་ཆེན་པོ་བྱེད་ཀྱི་ཡོད།      ཕྱོགས་སོ་སོས་སྟོབས་ཤུགས་ཆེན་པོ་འདོན་པ་དང་།   ཚོགས་ཞུགས་རྒྱལ་ཁབ་ཀྱིས་ཁས་བླངས་དམ་བཅའ་མངོན་འགྱུར་བྱ་འོས།   ཁོས་མུ་མཐུད་ནས་བཤད་རྒྱུུར།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་གདེང་ཆེན་པོ་དང་། མགྱོགས་མྱུར་མཐུན་སྦྱོར་གྱི་སྤྱོད་ཚུལ་དང་དུ་བླངས་ནས་ཉམས་ཉེན་ལ་གདོང་གཏད་དགོས་པ་དང་།      ནད་ཡམས་ཚོད་འཛིན་བྱེད་པར་གསར་བཏོད་ཡོད་པ་དང་ལག་བསྟར་ཆོག་པའི་ཇུས་གཞི་ཤིན་ཏུ་མཁོ།

 

ཁ་བྱང་ཕྱི་མོ། ཨེ་པོ་ལ་ནད་དུག་འཛམ་གླིང་རང་བཞིན་གྱི་ཉེན་ཁར་འགྱུར་ཉེན་ཡོད།

རྩོམ་འགན་པ། སྒྲོལ་ཚེ། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060