སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
“ཀྲུང་གོའི་སེམས་མཉམ་སྐྱོང”སྨན་བཅོས་ཚོགས་པའི་སི་ཁྲོན་རྔ་བའི་རྟོག་དཔྱོད་མཇུག་བསྡུས།
སྤེལ་དུས། 2015-07-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་དབང་རྣམ་རྒྱལ།
 
   “ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པའི་སྨན་བཅོས་ཚོགས་པ་རྔ་བ་ཁུལ་གྱི་རྫོང་སོ་སོར་ཟབ་ཞུགས་ཀྱིས་རྟོག་དཔྱོད་དུས་འགོའི་བྱ་བར་ཞུགས་པ།
   ཀྲུང་གོའི་དཔལ་འབྱོར་དྲ་བས་ཕྱི་ཟླ ༦ པའི་ཚེས ༡ ཉིན་པེ་ཅིང་ནས་བཏང་བའི་འཕྲིན་དུ།ཕྱི་ཟླ ༥ པའི་ཚེས ༢༤ ཉིན་ནས་ཕྱི་ཟླ ༥ པའི་ཚེས ༢༩ ཉིན་བར་གྱི་ཁྱོན་ཉིན ༦ རིང་གི“ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པའི་སྨན་བཅོས་ཚོགས་པས་སི་ཁྲོན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ནས་རྟོག་དཔྱོད་ཀྱི་བྱེད་སྒོ་སྤེལ་བ་མཇུག་སྒྲིལ་བ་དང་།ཉིན ༦ གི་རིང་རྒྱལ་ས་པེ་ཅིང་ནས་ཡོང་བའི་འཕྲོད་སྟེན་སྡེ་ཁག ༥༠ ལྷག་གི་ལས་སྣ་དང་ཆེད་མཁས་པ་རྔ་བ་དང་མཛོད་དགེ། ཁྱུང་མཆུ། ཆུ་ནག་རྫོང་དང་དེ་དག་གི་མངའ་ཁོངས་ཀྱི་ཤང་གྲོང་དང་སྡེ་བ་སོགས་ཀྱི་ལེ་དབར ༣༠༠༠ ལྷག་ལ་འཁོར་བསྐྱོད་བྱས་ཏེ།འབྲེལ་ཡོད་སྡེ་ཁག་ལ་བཞུགས་མོལ་བཀའ་འདྲི། དུད་ཁྱིམ་དུ་མི་སེར་ལ་བཅར་འདྲི་བྱས། གནས་སོ་སོའི་སྨན་བཅོས་ཀྱི་གནས་ཚུལ་དང་ཁུལ་ཡོངས་ཀྱི་རྒྱུན་མཐོང་ཐེབས་སླ་བའི་ནད་རིགས་རྙོང་དང་བརྟག་དཔྱད་བྱས་ཏེ།ཁུལ་འདིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ལ་རྒྱུས་ལོན་དང་།ལྷག་པར་དུ་སྨན་བཅོས་ཀྱི་འཕྲོད་སྟེན་གནས་ཚུལ་དང་།ཐེངས་འདིར་རིམ་པ་སོའི་འཕྲོད་སྟེན་སྡེ་ཁག་དང་རྒན་གསོ་ཁང་།སློབ་གྲྭ།ཀྲུང་སྨན་རྩྭའི་རྟེན་གཞི།དགོན་སྡེ་སོགས་གནས ༣༡ ལ་རྟོག་དཔྱོད་དང་།སྨན་ཁང ༥ ནས་འཆད་ཁྲིད་བྱས་འདུག་པ་བཀོད་འདུག
   “ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཕྱི་སྡོད་ལས་མི་གཞུང་སྒྲུབ་ཁང་གིས་མཛུབ་སྟོན་དང་།ཀྲུང་གོའི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཚོགས་པ།པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པ་སོགས་ལས་ཁུངས་མཉམ་འབྲེལ་བྱས་པའི་སྤྱི་ཕན་གྱི་བྱ་འགུལ་ཆེན་པོ་ཞིག་ཡིན་ལ།བྱ་འགུལ་འདི་རྒྱལ་སའི་འཕྲོད་བསྟེན་པའི་ཁྲོད་ནས་ཆེད་མཁས་པ་རྩེ་གྲ་དང་བྱང་སེམས་ཅན་མང་པོས་རྩ་འཛུགས་བྱས་པ་མ་ཟད་དེ་དག་ནང་ཞུགས་བྱས་ཏེ།རིན་མེད་ཁོར་བརྟག་དང་སྙིང་རྗེའི་རོགས་སྐྱོར།བདེ་ཐང་སློབ་གསོ།སྨན་བཅོས་རོགས་སྐྱོར་གཙོས་སུ་བཟུང་བའི་སྤྱི་ཕན་བྱ་འགུལ་ཞིག་ཡིན་ཞེས་བརྗོད།
  བརྒྱུད་ལམ་འདིར།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མཛུབ་སྟོན་ལྟར། ༢༠༡༥ ལོའི་ཕྱི་ཟླ ༧ པར།“ཀྲུང་གོའི་སེམས་མཉམ་སྐྱོང”སི་ཁྲོན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ནས་སྤྱི་ཕན་གྱི་བྱ་འགུལ་རྒྱ་ཆེན་སྤེལ་རྒྱུ་ཡིན་ལ།འདི་ནི“ཀྲུང་གོའི་སེམས་མཉམ་སྐྱོང”གིས་བོད་ལྗོངས་དང་མཚོ་སྔོན།ཀན་སུའུ།ཡུན་ནན་ནས་བྱ་འགུལ་སྤེལ་རྗེས་བོད་ཁུལ་གྱི་ཞིང་ཆེན་ལྔར་བསྐྱོད་པ་ཡིན་ཞེས་བཀོད་འདུག
  “ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པའི་སྨན་བཅོས་ཚོགས་པ་རྔ་བ་ཁུལ་གྱི་རྫོང་སོ་སོར་ཟབ་ཞུགས་ཀྱིས་རྟོག་དཔྱོད་དུས་འགོའི་བྱ་བར་ཞུགས་པ།
  རྒྱུས་ལོན་བྱུང་བ་ལྟར་ན།“རྒྱང་སྐྱོད་ལམ་དུ་ཡང་ཞུགས་ཀྱིས།ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་བརྗོད་སྙིང་བྱས་པའི ༢༠༡༥ ལོའི“ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པའི་སྤྱི་ཕན་བྱེད་སྒོ་ཆེན་མོ་ཕྱི་ཟླ ༧ པའི་ཚེས ༧ ནས་ཚེས ༡༥ བར་རྔ་བ་ཁུལ་ཐོག་ནས་སྤེལ་རྒྱུ་ཡིན་པ་དང་།སྐབས་དེར་རྒྱལ་སའི་སྨན་ཁང་ཆེན་པོ་དག་གི་དང་བླངས་པ ༤༠༠ ལྷག་གནས་འདིར་འོངས་ནས། རིན་མེད་འཁོར་བརྟག་དང་སྙིང་རྗེའི་རོགས་སྐྱོར།བདེ་ཐང་གི་འཆད་ཁྲིད་སོགས་བྱེད་པ་དང་།གནས་དེའི་གཞི་རིམ་གྱི་འཕྲོད་སྟེན་ཆུ་ཚད་འཕེལ་རྒྱས་ཡོང་བའི་སྒྲིག་གཞི་འཐུས་ཚང་འོང་བར་འབད་པར་བརྗོད་འདུག
  “ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པའི་སྨན་བཅོས་ཚོགས་པ་རྔ་བ་ཁུལ་གྱི་རྫོང་སོ་སོར་ཟབ་ཞུགས་ཀྱིས་རྟོག་དཔྱོད་དུས་འགོའི་བྱ་བར་ཞུགས་པ།
  “ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པའི་སྨན་བཅོས་ཚོགས་པ་རྔ་བ་ཁུལ་གྱི་རྫོང་སོ་སོར་ཟབ་ཞུགས་ཀྱིས་རྟོག་དཔྱོད་དུས་འགོའི་བྱ་བར་ཞུགས་པ།
  “ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པའི་སྨན་བཅོས་ཚོགས་པ་རྔ་བ་ཁུལ་གྱི་རྫོང་སོ་སོར་ཟབ་ཞུགས་ཀྱིས་རྟོག་དཔྱོད་དུས་འགོའི་བྱ་བར་ཞུགས་པ།
   “ཀྲུང་གོའི་སེམས་མཉམ་སྐྱོང”ཞེས་པའི་སྨན་བཅོས་ཚོགས་པ་རྔ་བ་ཁུལ་གྱི་རྫོང་སོ་སོར་ཟབ་ཞུགས་ཀྱིས་རྟོག་དཔྱོད་དུས་འགོའི་བྱ་བར་ཞུགས་པ།
  ཁ་བྱང་ཕྱི་མོ། “ཀྲུང་གོའི་སེམས་མཉམ་སྐྱོང”སྨན་བཅོས་ཚོགས་པའི་སི་ཁྲོན་རྔ་བའི་རྟོག་དཔྱོད་མཇུག་བསྡུས་པ།
(རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070