སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨ་རིར་ཆི་ཀྲེང་བོད་སྨན་གྱི་དཔྱད་ཐབས་ཁྱབ་གདལ་བཏང་སྟེ། སྲོལ་རྒྱུན་གྱི་མི་རིགས་གསོ་རིག་རྒྱལ་སྤྱིའི་ཚོང་རའི་ནང་དུ་བསྐྱོད་པར་ནུས་ཤུགས་ཆེན་པོ་བཏོན།
སྤེལ་དུས། 2017-08-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཕྱི་རྒྱལ་གྱི་འཛད་སྤྱོད་པས་ཀྲུང་ཧྭའི་སྲོལ་རྒྱུན་གྱི་གསོ་རིག་སྨན་རྫས་ལ་བཟུང་བའི་ངོས་འཛིན་དེ་རྟག་ཏུ་ཀྲུང་ལུགས་གསོ་རིག་གི་སྟེང་དུ་གནས་ཤིང་། ཟླ་8པའི་ཚེས་6 ཉིན། མཱ་ཀྲོའུ་ཀྲུང་ལུགས་གསོ་རིག་སློབ་ཚོགས་ཀྱིས་པིར་མིན་ཐུ་གྲོང་བརྡལ་གྱི་ཧ་ཧྥོ་སློབ་ཆེན་གསོ་རིག་སློབ་གླིང་གི་ཟུར་གཏོགས་སྨན་ཁང་མེ་ཁི་ལིན་སྨན་ཁང་གིས་ཧར་ཝུར་ཀྲུང་ལུགས་གསོ་རིག་གླེང་སྟེགས་ཀྱི་མུ་འབྲེལ་འཆད་ཁྲིད་སྤེལ་ཅིང་། ཐེངས་འདིའི་འཆད་ཁྲིད་དུ་ཀྲུང་གོའི་སྲོལ་རྒྱུན་གྱི་སྨན་བཅོས་ལག་རྩལ་གྱི་ཁྲོད་ཀྱི་བོད་ཀྱི་གསོ་རིག་དང་དེའི་དཔྱད་ཐབས་སོགས་མཚམས་སྦྱོར་བྱས།
 
          ཆི་ཀྲེང་བོད་སྨན་གསར་སྤེལ་ལྟེ་གནས་ཀྱི་སྤྱི་གཉེར་བ་དང་། སྲོལ་རྒྱུན་བོད་ཀྱི་གསོ་རིག་ཕྱི་བཅོས་ཞིབ་འཇུག་ཁང་གི་ལས་འཛིན་པ་ཁྲེན་ཝུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་གསོ་རིག་ལ་ལོ་ངོ2300ལྷག་གི་དུས་ཡུན་རིང་བོའི་ལོ་རྒྱུས་དང་གསོ་རིག་སྨན་གཞུང་སོགས་གཞུང་ལུགས་ཀྱི་གསུང་རབ་མང་པོ་ཞིག་ཡོད། བོད་ལུགས་གསོ་རིག《 རྒྱུད་བཞིས》་མིའི་ལུས་ཁམས་སུ་ནད་ཕོག་པའི་རྐྱེན་དེ་“ རླུང” དང་། " མཁྲིས་པ"  " བད་ཀན" ཞེས་བཞི་རུ་དབྱེ་ཡོད་ཅིང་། སྨན་བཅོས་དཔྱད་ཐབས་ཀྱི་རྩ་བའི་རིགས་པ་ནི་དངོས་པོ་རིགས་གསུམ་པོ་འདི་ལེགས་སྒྲིག་དོ་མཉམ་བྱས་ཏེ། མིའི་ལུས་ཁམས་དོ་མཉམ་གྱི་རྣམ་པར་གནས་པར་འཇུག་པ་ཡིན།  བོད་ལུགས་གསོ་རིག་གི་གཞི་རྩའི་བཅོས་ཐབས་ནི་བོད་ཀྱི་གསོ་རིག་གི་སྨན་བཅོས་ཐབས་རིགས་བཞིའི་ནང་གསེས་ཤིག་ཡིན། སྨན་རྫས་ཀྱི་སྨན་ནུས་མངོན་གསལ་མིན་པར་དམིགས་བསལ་གྱི་ན་ཚ་བྱུང་རིགས་ལ་ངེས་པར་དུ་དཔྱད་ཐབས་བཀོལ་དགོས་པར་མ་ཟད་ཕྱི་ནང་ཟླ་སྒྲིལ་གྱིས་སྨན་བཅོས་བྱེད་པའི་སྐབས་སུ་དཔྱད་ཐབས་བཀོལ་སྤྱོད་བྱེད་དགོས། བོད་ཀྱི་གསོ་རིག་རིམ་བྱུང་གི་དཔྱད་ཐབས་གཞུང་ལུགས་ཀྱི་གཞིར་འཛིན་ས་གཙོ་བོ་ནི《 དཔལ་ལྡན་རྒྱུད་བཞིའི 》 དཔྱད་ཐབས་ཡིན། དཔྱད་ཐབས་སུ་ཁྲག་གཏར་ཐབས་དང་། མེ་བཙའི་ཐབས། ཚ་གྲང་གི་ལུམས་དང་།  སྨན་ལུམས། བྱུག་ཐབས་བཅས་རིགས་ལྔར་བགོས་ཤིང་། བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་མངོན་འགྱུར་ཡོང་བ་བྱེད་དགོས། ཁྲེན་ཝུའུ་ཡིས་ད་རུང་ཆི་ཀྲེང་བོད་སྨན་གྱི་གཟེར་སྦྱར་ལྡེ་གུ་དཔེར་བཞག་སྟེ་རིག་གཞུང་ཞིབ་འཇུག་ལས་རིགས་ཀྱིས་བོད་སྨན་སྨན་བཅོས་ཀྱི་རྐྱེན་རྩའི་རིག་གཞུང་ཞིབ་འཇུག་ངོ་སྤྲོད་བྱས་པ་དང་། གཟེར་སྦྱར་ལྡེ་གུའི་དམིགས་བསལ་གྱི་གཟེར་འཇོམས་ཚད་འགོག་གི་བྱེད་ནུས་གྲུབ་ལུགས་དང་ཆེད་ཁེའི་བརླན་བྱུག་ནུས་པའི་རྣམ་པ་མཚམས་སྦྱོར་བྱས་ཏེ་ཐོན་རྫས་བཟང་བའི་གཟེར་འཇོམས་སྨན་བཅོས་མངོན་འགྱུར་བྱུང་།
          འཆད་ཁྲིད་ཀྱི་ཡུལ་དངོས་སུ་ཡོད་པའི་ཉན་པ་པོ་རྣམས་བོད་ཀྱི་གསོ་རིག་ལ་སྤྲོ་བ་ཆེན་པོ་ཡོད་ཅིང་། ཚོགས་འདུའི་རྗེས་སུ་མི་ཚང་མས་གཅིག་རྗེས་གཉིས་མཐུད་དུ་དངོས་དཔེ་ཚོད་སྤྱོད་བྱས་ཤིང་། ཉན་པ་པོས་སྔར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གསོ་རིག་ལ་རྒྱུས་ལོན་ཉུང་བ་དང་། བོད་ཀྱི་གསོ་རིག་གིས་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་ལ་ཁ་གསབ་བཟང་པོ་ཞིག་བྱས་པ་དང་། དེ་ནི་ཀྲུང་ཧྭའི་རིག་གནས་དར་སྤེལ་བྱ་བར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞེས་བསམ་ཚུལ་བཏོན་པ་དང་། ཕྱི་ཁོངས་ཀྲུང་གོའི་བོད་མི་རྩེ་དགའ་མཚམས་སྒྲོན་གྱིས་བཤད་རྒྱུར། རང་ཉིད་ཀྱིས་ཆུང་དུས་ནས་བོད་ཀྱི་གསོ་རིག་སྦྱངས་པ་དང་། དེ་རིང་བོད་ཀྱི་ཤུལ་བཞག་རྒྱུད་འཛིན་བྱས་ཏེ་འཛམ་གླིང་དུ་ཁ་ཕྱོགས་པར་དགའ་སྤྲོ་ཆེན་པོ་སྐྱེས་པར་མ་ཟད་སྤོབས་པ་ཆེན་པོ་སྐྱེས་བྱུང་།

          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། 2013ལོར་ཆེ་ཀྲེང་བོད་སྨན་དང་རྒྱལ་སྤྱིའི་མིང་གྲགས་ཆེ་བའི་ལས་རིགས་ནད་གཞིའི་ཞིབ་འཇུག་ཆེད་མཁས་པ་དང་། ཧ་ཧྥོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་David Christiani མཉམ་འབྲེལ་བྱས་ཏེ་ཧ་ཧྥོ་བོད་སྨན་ཚན་རིག་ཞིབ་འཇུག་ཚོད་ལྟ་ཁང་བཙུགས་ཤིང་།  འཛམ་གླིང་གོ་ལ་ཧྲིལ་པོའི་མཐོང་རྒྱའི་འོག་ནད་གཞི་ཚབས་ཆེན་གྱི་ཁྲོད་དུ་བོད་ཀྱི་གསོ་རིག་ཚུད་ནས་རྒྱ་ཆེར་བསྐྱེད་པ་དང་། བོད་ཀྱི་གསོ་རིག་གིས་དེང་རབས་ཀྱི་གསོ་རིག་ཁྲོད་དུ་ནད་ཐོག་སྨན་བཅོས་ཀྱི་རིན་ཐང་བསྡུ་སྒྲིལ་བྱ་བར་འཚོལ་ཞིབ་བྱས།
          ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཆེ་ཀྲེང་བོད་སྨན་གྱི་ཙུང་ཚའེ་པིན་་ལིའུ་ཁེ་ལེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་ཀྲུང་ལུགས་གསོ་རིག་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་གཙོ་བོ་ནི་ཁབ་བཙས་ཚབ་བྱས་པའི་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་སྨན་བཅོས་ལག་རྩལ་ཡིན་ཞིང་། མི་རིགས་གསོ་རིག་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཆུ་ཚད་ད་རུང་མི་འདང་། ཆེ་ཀྲེང་བོད་སྨན་ཨ་རིའི་ཁྲོམ་རར་རྒྱ་བསྐྱེད་ཕྱིན་པའི་གོམ་པ་དང་པོ་ནི་བོད་སྨན་གྱི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་རིག་གནས་ཀྱི་བཀག་རྒྱ་གཏོར་ཏེ་འཛད་སྤྱོད་པས་བོད་ལུགས་གསོ་རིག་དང་བོད་སྨན་ལ་ངོས་འཛིན་བྱས་པ་མཐོ་རུ་གཏོང་དགོས་ཞེས་བཤད། 
          ཨ་རིའི་ཞིབ་མཆན་འགོད་པའི་སྨན་འཐུང་བའི་བརྒྱུད་རིམ་ནན་མོ་དང་། དུས་ཡུན་རིང་བར་མ་ཟད་གཙོ་རྒྱུག་གསོ་རིག་གི་རིག་གཞུང་ཞིབ་འཇུག་གི་སྡེས་སྨན་འཐུང་བ་དང་། ཕྱི་ནད་ཚན་ཁག་གི་གཤག་བཅོས་ལ་མཐོང་ཆེན་བྱེད་པར་མ་ཟད། ཁབ་བཙའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཕྱི་བཀོལ་གསོ་ཐབས་དེ་ཀྲུང་ཧྭ་སྲོལ་རྒྱུན་སྨན་བཅོས་ལག་རྩལ་ཨ་རི་ནས་ཁས་ལེན་དང་དང་ལེན་བྱེད་པའི་གཞི་འཛིན་ས་ཞིག་ཏུ་གྱུར། སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་ཕྱི་རྒྱལ་གྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་མིག་དཔེར་བལྟས་ཏེ། བོད་ལུགས་གསོ་རིག་དཔྱད་ཐབས་དེ་ཨ་རིར་ཁྱབ་གདལ་བྱེད་པར་འཚམ་པའི་ནང་དོན་ཞིག་ཡིན། 
          ལིའུ་ཁེ་ལེས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཀྲུང་ལུགས་གསོ་རིག་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་དང་མི་རིགས་ཀྱི་གསོ་རིག་ལ་མཐོང་ཆེན་བྱས་པ་དེས་མི་རིགས་གསོ་རིག་འཛམ་གླིང་དུ་ཕྱོགས་པར་སྒུལ་ཤུགས་ཆེན་པོ་ཞིག་ཡོད་དུ་བཅུག་ཅིང་། ཆེ་ཀྲེང་བོད་སྨན་གྱིས་མི་རིགས་གསོ་རིག་གི་བློ་གྲོས་ཀྱི་ཉིང་བཅུད་ཨ་རིའི་འཛད་སྤྱོད་པར་ལོངས་སྤྱོད་བྱེད་པའི་རེ་བ་བྱེད། ཨ་རིར་བོད་ཀྱི་གསོ་རིག་ཁྱབ་གདལ་དུ་གཏོང་བའི་གནད་གཙོ་བོ་གླེང་དུས། ལིའུ་ཁེ་ལེས་སྨན་བཅོས་ཀྱི་ནུས་པ་ནི་སྟོབས་ཤུགས་དངོས་ཡིན་ཞིང་། བོད་ཀྱི་གསོ་རིག་དེ་ནད་རིགས་ག་གེ་མོར་འཚམ་པའི་དམིགས་བསལ་གྱི་དཔྱད་ཐབས་ཀྱི་ཁྱད་ནུས་བཙལ་ཏེ་ནད་པར་བོད་ཀྱི་གསོ་རིག་དཔྱད་ཐབས་ཀྱི་ཁྱད་ཆོས་དང་སྨན་བཅོས་ཀྱི་ནུས་པ་མཐོང་དུ་འཇུག་དགོས།འདི་ལྟར་བྱས་ན་ད་གཟོད་དང་ལེན་བྱེད་ཚད་ཇེ་མཐོར་དང་གཟེངས་བསྟོད་འཐོབ་ངེས་སོ་ཞེས་བཤད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716