སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་གསོ་རིག་སྨན་ཐང་གི་རྒྱུན་འཛིན་པ་ཚེ་བརྟན་འཇིགས་མེད་ལགས།
སྤེལ་དུས། 2014-01-15   ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར།   རྩོམ་པ་པོ།  རྡོར་གྱིས་བསྒྱུར།

གསོ་རིག་སྙིང་པོ་སྨན་ཐང་བརྒྱད་བཅུ།

བོད་སྨན་གྱི་སྨན་ཐང་ནི།ཆེད་ལས་མ་ཡིན་པའི་མིས་རྒྱུས་ལོན་གསལ་པོ་མེད། དེང་སྐབས་བོད་ལྗོངས་བོད་སྨན་གསོ་རིག་ཞིབ་འཇུག་ཁང་གི་རིག་གཞུང་ཞིབ་འཇུག་སོའོ་ཡི་དབུ་ཁྲིད་ཚེ་བརྟན་འཇིགས་མེད་ལགས་ནས་འགྲེལ་བཤད་གནང་བར་འདི་ནི་བོད་ཀྱི་གསོ་རིག་གི་ལོ་རྒྱུས་དང་རིག་གཞུང་རི་མོ་ལམ་ནས་མཚོན་པའི་ཐང་ག་གལ་ཆེན་ཞིག་ལ་ཟེར།

ཀུན་ཀྱི་ཤེས་གསལ་ལྟར། གསོ་རིག་རྒྱུད་བཞི་ནི་བོད་ཀྱི་གསོ་རིག་རིག་གཞུང་གལ་ཆེན་ཞིག་ཏུ་ཆགས་ཡོད་ལ། སྨན་ཐང་ནི་རྒྱུད་བཞིའི་འགྲེལ་བཤད་ལྟ་བུ་རེད། དུས་རབས་༡༧པའི་སྐབས་སུ་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ལྗོངས་སུ་གསོ་རིག་མཁས་དབང་དང་རི་མོ་མཁས་པ་དག་བསྡུས་ཏེ་མེས་པོའི་གསོ་རིག་རི་མོ་རྙིང་པ་དག་ཉམས་གསོས་གྱིས་སྨན་ཐང་༧༩བཞེངས་གནང་བ་རེད།

སྨན་ཐང་༧༩འདི་བཞེངས་པ་དང་བསྐྱར་པར་མང་པོ་བྱས་ཡོད་པ་རེད། དེ་བས་སྨན་ཐང་ངོ་མ་སྔར་བཞིན་ཉུང་ངུ་ལས་མེད། ༢༠༡༢ལོའི་སྔོན་དུ། བོད་ཡུལ་དུ་སྨན་ཐང་༢༩༤ཡོད་པ་རེད། གཙོ་བོ་རྒྱུ་སྤུས་ཆ་ཚང་བ་གཉིས་ཡོད། ཚེ་བརྟན་འཇིགས་མེད་ལགས་ནས་སྨན་ཐང་བསྐྱར་པར་གྱི་ལས་སྒྲུབ་ཅིང་། གསོ་བ་རིག་པའི་སྙིང་པོར་གྱུར་བའི་སྨན་ཐང་རྒྱུན་འཛིན་བྱས་པ་རེད།

ད་ལྟའི་བར་དུ་སྨན་ཐང་འདི་སྲུང་སྐྱོབས་བྱས་ཡོད་ལ། ཐང་ག་༧༩ལས་གཞན་ལོ་རྒྱུས་མཁས་དབང་གི་སྨན་ཐང་བཅས་༨༠ཡོད། སྨན་ཐང་ལ་དབྱེ་ན་གཙོ་བོ་མི་གྲུབ་པ་ལུས་ཀྱི་ཤ་རུས་རྩ་གསུམ། དོན་སྣོད་ཡུལ་ཐིག སྨན་རྩ་ལ་སོགས་ཡིན། སྔོ་སྨན་༡༡༩ཙམ་ཡོད།

 ༡༩༦༧ལོར། ཚེ་བརྟན་འཇིགས་མེད་ལགས་སྟོད་ལུང་བདེ་ཆེན་རྫོང་གི་གྲོང་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། གསོ་རིག་ལ་སྦྱངས་པ་ནི་རང་ཉིད་ཀྱིས་ཐག་གཅོད་བྱས་ཤིང་། ལོ་ན་ཆུང་དུས། ཚེ་བརྟན་འཇིགས་མེད་ལགས་སྨན་རྩིས་ཁང་དུ་སྨན་པ་བསྟེན་པར་ཡོང་། བོད་སྨན་གྱིས་རྩ་བལྟ་བ་སོགས་མཐོང་ཐོས་མྱོང་རེག་བྱེད་པ་དེ་རེད།སྐབས་དེར་ཁོ་རང་ཡ་མཚར་ཞིང་བོད་སྨན་བསླབ་པར་སྤྲོ་བ་བྱུང་།

ཚེ་བརྟན་འཇིགས་མེད་ལགས་རང་ལོ་༡༦གི་སྐབས་སུ། རང་སྐྱོང་ལྗོངས་བོད་ཀྱི་གསོ་རིག་སློབ་གྲྭ་རུ་རྒྱུགས་འཕྲོད་ཅིང་། བོད་ཀྱི་གསོ་རིག་ལ་སྦྱངས་པ་རེད། ཕྱོགས་གཅིག་ནས་ཚེ་བརྟན་འཇིགས་མེད་སྦྱངས་བརྩོན་ལྷོད་མེད་ཀྱིས་སློབ་མཐར་ཕྱིན། སྐབས་འདིར་བོད་ཀྱི་གསོ་རིག་གི་གལ་ཆེའི་རྩ་གནད་རྣམས་ངག་སྐྱོར་བཏང་བ་རེད།

གཞུང་ལུགས་ལ་སློབ་སྦྱོང་དང་སྨན་རྩ་ངོས་འཛིན་ལ་ཕྱིན་པ་སོགས་ནི་ངེས་པར་དུ་ཟབ་སྦྱོང་བྱེད་དགོས་པ་དག་རེད། འདི་ལྟར་རྒྱུན་མཐུད་དེ་འབད་འབུངས་བྱས་པ་དང་རང་ཉིད་ཀྱི་འཇོན་ཐང་བསྐྱེད་བསྲིངས་བྱས། ༢༠༠༢ལོར་སྨན་ངོ་ངོས་འཛིན་གྱིས་གཟེངས་རྟགས་ཨང་དང་པོ་བླངས།

དེ་ནས་ཚེ་བརྟན་འཇིགས་མེད་ལགས་ནས་བོད་ལྗོངས་སློབ་ཆེན་ལ་རྒྱུགས་སྤྲད། སློབ་མཐར་ཕྱིན་སྟེ་བོད་ལྗོངས་སྨན་རྩིས་ཁང་གི་ཞིབ་འཇུག་ཁང་དུ་ལས་ཀ་བྱས། སྐབས་དེར་དཔེ་ཀློག་གང་མང་དང་། ཡིག་ཆ་མང་པོ་རྒྱ་ཡིག་ཏུ་གྲུབ་པས་ཁོང་གིས་རྒྱ་ཡིག་ལ་སློབ་སྦྱོང་མི་བྱེད་ཀ་མེད་རེད།

 གཟའ་ཉི་མའི་ལས་ཀ་བྱེད་པར་སྤྲོ།

ཚེ་བརྟན་འཇིགས་མེད་ཤིན་ཏུ་བྲེལ་བ་ཆེ་ཞིང་། གཟའ་ཉི་མར་གསར་འགོད་པས་བཅར་འདྲི་བྱས་སྐབས། ཁོང་གིས་ནད་པ་བལྟ་བཞིན་ལ། ནད་པ་ལྔ་དྲུག་ཙམ་ལྟོས་རྗེས་གཞི་ནས་བཅར་འདྲི་དང་ལེན་བྱས། ཁོང་གིས། ད་སྐབས་བོད་ཀྱི་གསོ་རིག་སྨན་རྫས་སྐོར་ཀྱི་རྣམ་གྲངས་ཁ་ཤས་ལ་བྲེལ་བ་ཆེ་ལ་ཞོར་ཏུ་ནད་པར་བལྟ་བཞིན་ཡོད། ཞེས་བཤད།

  གསར་འགོད་པའི་དྲི་བར། ཁྱེད་རང་གཟའ་ཉི་མའི་ངལ་གསོ་སྐབས་སུ་ག་རེ་གནང་བཞིན་ཡོད། ཞེས་པར། རང་ཉིད་ཆེས་དགའ་ས་ནི་གཟའ་ཉི་མའི་སྐབས་ལ་ལས་ཀ་བྱེད་རྒྱུ་དེ་ཡིན། ཡིག་ཆ་ཀློག་རྒྱུའི་ལས་ཀ་དེ་ཡིན། ཞེས་བཤད། ངོ་མར་བོད་ཀྱི་གསོ་རིག་ལ་ཞིབ་འཇུག་བྱས་སྟེ་ལོ་ངོ་སུམ་ཅུ་ཟིན་པ་ནི་ལས་སླ་མོ་ག་ལ་ཡིན། ཚེ་བརྟན་འཇིགས་མེད་ལགས་ཀྱི་རིག་གཞུང་དག་སྒྲིག་དང་། ལྷག་པར་དུ་བོད་སྨན་བྱམས་པ་འཕྲིན་ལས་མཆོག་གི་རིག་གཞུང་ཞིབ་འཇུག་བྱེད་རྒྱུ་དེ་ཡིན།

རྒན་བྱམས་འཕྲིན་དང་མཉམ་དུ་ལོ་ངོ་༡༦འགོར་བ།

བོད་སྨན་སྨན་ཐང་གི་རྒྱུན་འཛིན་པ་སྟེ། ཁོང་གི་ཀུན་སྤྱོད་ནི་ཇི་འདྲ་ཞིག་དངོས་སམ། ཚེ་བརྟན་འཇིགས་མེད་ནས། ཐོག་མར་རྒྱུད་བཞི་བལྟ་རྟོགས་ཡག་པོ་ཞིག་གི་རྨང་གཞིའི་སྟེང་སྨན་ཐང་ལ་རྒྱུས་ཡོད་དང་། ཉམས་མྱོང་སོགས་ཕུན་སུམ་ཚོགས་པར་ལོ་ངོ་བཅུ་ཕྲག་མང་པོ་དགོས་པ་རེད།

རྒན་བྱམས་པ་འཕྲིན་ལས་མཆོག་གླེང་དུས། ཁོང་གི་སློབ་དཔོན་ཆེན་པོ་ཁོང་ནི་བོད་སྨན་ལ་མཛད་རྗེས་རྨད་དུ་བྱུང་བའི་མཁས་དབང་ཆེན་མོ་དང་། རྒྱལ་ཁབ་ཆེན་མོའི་བླ་སྨན་གྱི་མཚན་སྙན་དང་། ཁོང་གི་མདུན་ནས་རང་ཉིད་ཀྱི་ཡོན་ཏན་མི་དམན་པ་བསླབ་པར་བཤད།

ཚེ་བརྟན་འཇིགས་མེད་ལགས་ནི་ཁོང་གི་དྲུང་ཡིག་དང་། ཁོང་དང་མཉམ་དུ་ལོ་ངོ་༡༦ཙམ་ཕྱིན་པ་རེད། མཉམ་དུ་ཞིབ་འཇུག་དང་ལས་ཀ་གཉེར་ཞིང་ལྗོངས་རིམ་པའི་སྨན་ཐང་རྒྱུད་འཛིན་གྱི་ཚབ་མཚོན་མི་སྣར་གྱུར་པ་རེད།

ཁོང་གིས་སློབ་བུ་དག་ལ།སྨན་ཐང་རྒྱུད་འཛིན་གྱི་ཕུལ་བྱུང་མི་སྣར་ཇི་ལྟར་གྱུར་ཚུལ་དང་། གཙོ་བོ་ནི་རང་ཉིད་ཀྱི་འབད་པར་རག་ལས། སྨན་ཐང་གི་རྒྱུད་འཛིན་པ་གསོ་སྐྱོང་དང་། སྨན་རྩིས་ཁང་ནི་བོད་ཀྱི་གསོ་རིག་མི་སྣ་བསྐྱེད་བསྲིང་བྱེད་པའི་མ་ཡུམ་ལྟ་བུར་འཁུམས། རྗེས་མའི་རྒྱུད་འཛིན་པའང་སྨན་རྩིས་ཁང་དུ་ཡོད་པ་རེད། ཞེས་སྨོས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060