སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྡོ་རྗེ། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཚོད་ལྟ་ཁང་ལས་ཐོན་པ།
སྤེལ་དུས། 2014-02-25   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

བོད་ཀྱི་གསོ་རིག་དང་འབྲེལ་བའི་ལོ་ངོ་༤༠ཟིན་པའི་རྡོ་རྗེ། ཁོང་གི་སྐད་ཆ་ལ་རྒྱ་སྐད་ཡག་པོ་ཞིག་ཤོད་མི་ཐུབ་ལ། གནད་འགག་གི་བརྡ་ཆད་སྐོར་ཞིག་དེ་ལས་ཀྱང་བསྒྱུར་དཀའ་མོ་ཆགས། འོན་ཏེ་ང་ཚོས་རྒྱུས་ལོན་ཐུབ་པ་ནི། རྡོ་རྗེ་ལགས་མངོན་མིན་ཤུལ་བཞག་རིག་དངོས་རྒྱུན་འཛིན་རྣམ་གྲངས་སུ་འདེམས་ཞིང་ལྷ་ས་བྱང་ལུགས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ཤེས་དང་བོད་སྨན་རིན་ཆེན་གྲང་སྦྱོར་གྱི་ལག་ཤེས་སྒྱུ་རྩལ་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་རེད། ཁོང་བོད་སྨན་འདུལ་སྦྱོང་ལག་ཤེས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་ལག་བླངས་དངོས་སུ་ལྡན་པ་རེད།

༡༩༩༦ལོར་བོད་སྨན་བཟོ་གྲྭ་བཙུགས་པ་དང་ད་ལྟའི་བར་ལོ་ངོ་༡༧ཕྱིན་པ་རེད། རྡོ་རྗེ་ལགས་ནས་བོད་སྨན་བཟོ་གྲྭར་ཐེངས་༦ལ་སྣེ་ཁྲིད་ཀྱིས་བོད་སྨན་འདུལ་སྦྱོང་དཔུང་ཁག་བསྐྱེད་བསྲིང་བྱས། རྡོ་རྗེ་ལགས་བོད་ལྗོངས་གསོ་རིག་སློབ་གླིང་གི་ཚོད་ལྟ་ཁང་དུ་འདུལ་སྦྱོང་གང་མང་བརྒྱུད་ཏེ། རྡོ་རྗེ་ལགས་ནི་ལྷ་ས་བྱང་ལུགས་བཙོ་བཀྲུ་ཆེན་མོ་དང་བོད་སྨན་རིན་ཆེན་གྲང་སྦྱོར་གྱི་ལག་ཤེས་སྒྱུ་རྩལ་གསལ་བསྒྲགས་ཀྱི་ཁེ་དབང་ལྡན་པའི་མི་སྣ་ཉུང་གྲས་ཁྲོད་ཀྱི་གཅིག་རེད།

  ལོ་ངོ་༡༦བརྒྱུད་བོད་སྨན་བཟོ་གྲྭ་དང་མཉམ་དུ་ཐོན་པ།

རྡོ་རྗེ་ལགས་ནི་ལྷ་ས་སྙེ་མོ་རྫོང་གི་ཞིང་གྲོང་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་རང་ཁྱིམ་དུ་བོད་སྨན་ལ་སྦྱངས་བ་བྱས། བོད་སྨན་གྱི་ལམ་བུར་ཞུགས་པ་ནི་ཁོང་གི་རེ་འདུན་རེད། ༡༩༧༤ལོར་རྡོ་རྗེ་ལགས་སྟབས་ལེགས་ཀྱིས་མི་དམངས་ཀུང་ཧྲེ་ནས་ལྷ་ས་འཕྲོད་བསྟེན་སློབ་གྲྭར་མངག་གཏོང་བྱས། དེ་ནས་བོད་སྨན་ལ་སྦྱངས་བ་བྱས། ༡༩༧༨ལོར། ལྷ་ས་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་སྦྱངས་འབྲས་འབུར་ཐོན་གྱིས་དེ་གར་དགེ་རྒན་དུ་ཉར།

༡༩༨༣ལོར། རྡོ་རྗེ་ལགས་བོད་ལྗོངས་གསོ་རིག་སློབ་གྲྭ་གསར་དུ་ཚུགས་པ་དང་དགེ་རྒན་གྱི་བྱ་བར་ཞུགས་སྟེ་འཆད་ཁྲིད་བྱས། ༡༩༨༩ལོར་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་གསོ་རིག་སློབ་གྲྭ་གཅིག་གྱུར་གྱིས་བོད་ལྗོངས་གསོ་རིག་སློབ་གླིང་གསར་དུ་ཚུགས། ཁོང་གིས་དེ་རུ་མུ་མཐུད་དུ་དགེ་རྒན་གྱི་བྱ་བ་བྱས།  

༡༩༩༦ལོར། བོད་ལྗོངས་གསོ་རིག་སློབ་གླིང་གི་བོད་སྨན་བཟོ་གྲྭ་ཚུགས་ཤིང་། སྐབས་དེར་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེས་རྡོ་རྗེ་ལགས་ནས་བོད་སྨན་བཟོ་གྲྭའི་ལག་ཤེས་འགན་ཁུར་དང་བཟོ་གྲྭའི་དཔོན་པོ་གཞོན་པར་བསྐོ་བཞག་བྱས། དོན་དངོས་སུ་བཟོ་གྲྭའི་དཔལ་འབྱོར་ཐམས་ཅད་ལ་འགན་ཁུར་བླངས་བ་རེད། བོད་སྨན་རྒྱུ་ཆ་སྤུས་དག་སོགས་ལས་གཞི་ཐམས་ཅད་ལ་ཁོང་གི་འགན་ཁུར་གཙང་མ་བླངས་ཡོད་པ་རེད།

དེ་ལྟར་བོད་སྨན་བཟོ་གྲྭར་ལོ་ངོ་༡༦གི་རིང་ལ་བོད་སྨན་བཟོ་གྲྭ་འཕེལ་རྒྱས་བླ་ལྷག་བྱུང་ཞིང་། རྡོ་རྗེ་ལགས་ནི་ཆ་ཚང་བའི་བོད་སྨན་ཆེད་མཁས་སུ་ཆགས། ལྷག་པར་དུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་གྲང་སྦྱོར་གྱི་ལག་ཤེས་སྟེ་ལོ་ངོ་བཅུ་ཕྲག་རིང་དངོས་སུ་ལག་ལེན་ཐམས་ཅད་ལ་ཁོང་དངོས་སུ་ཞུགས་པ་རེད།

ཉིན་༣༠རིང་གི་བཙོ་བཀྲུ་ཆེན་མོའི་གོ་རིམ།

 ༡༩༩༦ལོར། རྡོ་རྗེ་ལགས་ནས་ཐེངས་དང་པོར་བོད་སྨན་བཟོ་གྲྭར་བཙོ་བཀྲུ་ཆེན་མོའི་རྣམ་གྲངས་ལ་སྣེ་ཁྲིད་བྱས། ལོ་དེར་རྡོ་རྗེ་དང་ལས་གྲོགས་ཚོས་འབད་བརྩོན་ལ་བསྟེན་ནས་ཐེངས་དང་པོའི་གྲང་སྦྱོར་ཆེན་མོ་ལེགས་གྲུབ་བྱུང་། དེ་རྗེས་སུ་ལོ་ངོ་གཉིས་གསུམ་ཕྱིན་པ་དང་རྡོ་རྗེ་ལགས་ནས་སྣེ་ཁྲིད་བྱས་ནས་སྨན་དོན་མི་སྣ་དང་བཟོ་གྲྭའི་ལས་བཟོ་བ། གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བཅས་མཉམ་དུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་གྲང་སྦྱོར་ཆེན་མོ་སྦྱོར་སྡེབ་བྱས་པ་རེད།

བཙོ་བཀྲུ་ཆེན་མོར་ཉིན་༣༠དུས་ཚོད་དང་། མི་སྣའང་༣༠ཙམ་དགོས་པ་རེད།

དངུལ་ཆུ་ཐོག་དང་པོར་གཡའ་ཕྱི་བ་དང་དུག་འདོན་པ། དེ་ནས་བཀྲུ་བ་དང་བཙོ་བ་སོགས་གོ་རིམ་མང་པོ་བརྒྱུད་དགོས་པ་རེད། ཉིན་རེར་དུས་ཚོད་༤སྣེ་རུ་ཐེངས་གཅིག་བཀྲུ་བཤལ་བྱེད་དགོས་པ་དང་ཉིན་རེར་ཐེངས་གསུམ་ལ་བཀྲུ་དགོས། ཉིན་རེར་ཆུ་ཚོད་༡༤དགོས་པ་རེད། ལོ་རེར་ཟླ་ལྔ་བའམ་བཅུ་བར་འདུལ་སྦྱོང་བྱེད་པ་དང་། དགུན་ཁར་སླེབས་ཚེ་ཉི་མ་ཐུང་ངུ་ཆགས་པས་སོ།

 རིན་ཆེན་གྲང་སྦྱོར་ལག་ལེན་ནི་གཙོ་བོ་ནི་བཙོ་ཐལ་གྲ་སྒྲིག་བྱེད་དགོས་པ་དང་སྨན་སྣ་མང་པོ་གསོག་དགོས་པ་རེད། བཙོ་ཐལ་ལེགས་གྲུབ་བྱུང་བ་དང་སྨན་རྫས་གཞན་པ་དག་བསྡུ་ཉོ་ལས་སླ་བོར་ཆགས་ཡོད།

རྡོ་རྗེ་ལགས་ནས་གསར་འགོད་པར། ཐེངས་རེར་བཙོ་བཀྲུ་ཆེན་མོ་རྒྱ་མ་༡༠༠ལྷག་བཟོ་བཞིན་ལ། ཟླ་བ་གཅིག་ལྷག་གི་རིང་ད་བཟོད་རིན་ཆེན་གྲང་སྦྱོར་ཆེན་མོ་ལེགས་གྲུབ་འབྱུང་བཞིན་ཡོད། ཅེས་བཤད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060